མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལི་ཁེ་ཆང་པ་ཀི་སི་ཐན་ནང་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་སྲིད་བློན་ལི་ཁེ་ཆང་གིས་སྣེ་འཁྲིད་པའི་མཐོ་རིམ་སྐུ་ཚབ་ཚོགས་ཆུང་པ་ཀི་ས་ཐན་གྱི་རྒྱལ་ས་ཨེ་སི་ལཱ་མཱ་བྷ་ཌི(Islamabad) གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་པ་ཀི་སི་ཐན་གྱི་དམག་མིའི་རུ་སྒྲིག་གི་དབུས་སུ། པ་ཀི་སི་ཐན་གྱི་སྲིད་འཛིན་རྫར་ཌ་རེ་( zardari) དང་། བར་བརྒལ་གཞུང་གི་སྲིད་བློན་ཧཱ་རྫར་ཁམ་ཁཱོད་སོ་( Hazar Khan Khoso) གཉིས་ཀྱིས་གཞུང་འབྲེལ་སྣེ་ལེན་བྱས་འདུག

ཐེངས་འདིར་པ་ཀི་སི་ཐན་གཞུང་གི་དེ་སྔོན་རྒྱ་ནག་དང་མཉམ་འབྲེལ་གྱིས་བཟོས་པའི་དམག་འཐབ་གནམ་གྲུ་(JF -17)རྟགས་ཅན་ ༦ གིས་སྲིད་བློན་ལི་ཁེ་ཆང་གི་གནམ་གྲུའི་མཐའ་སྐོར་ཏེ་བདེ་འཇགས་སྲུང་སྐྱོབ་དམ་པོ་བྱས་ཡོད་པ་མ་ཟད། ཉིན་གུང་ཆུ་ཚོད་ ༡ པོའི་བར་པ་ཀི་སི་ཐན་གྱི་རྒྱལ་ས་ཡོངས་སུ་ལག་འཁྱེར་ཁ་པར་བརྡ་རྟགས་བཀག་སྡོམ་བྱས་ཡོད་འདུག

དེའི་རྗེས་པ་ཀི་སི་ཐན་གྱི་སྲིད་འཛིན་ལས་ཁུངས་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དང་པ་ཀི་སི་ཐན་གྱི་སྲིད་འཛིན་རྫར་ཌ་རེ་གཉིས་གཙོས་པའི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་བར་དཔལ་འབྱོར་དང་རིག་གཞུང་། ཚན་རིག་ལག་རྩལ། བར་སྣང་བརྡ་འཕྲིན། ས་མཚམས་དོ་དམ། འཛུགས་སྐྲུན་དང་གློག་ཤུགས་སོགས་ཀྱི་ཐད་དོན་ཚན་ ༡༢ ཅན་གྱི་གྲོས་མཐུན་མིང་རྟགས་བཀོད་ཡོད་འདུག

ཚོགས་འདུའི་རྗེས་སུ་སྲིད་བློན་ལི་ཁེ་ཆང་ལ་སྲིད་འཛིན་རྫར་ཌ་རི་ཡིས་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་ཆེས་མཐོའི་གཟེངས་རྟགས་(Nishan-e-pakistan)ཞེས་པ་དེ་ཕུལ་ཡོད་འདུག ལོ་སྔོན་མའི་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཁྱོན་ཨ་སྒོར་དུང་ཕྱུར་ ༡༢ ཡིན་པ་དང་། འབྱུང་འགྱུར་ལོ་གཉིས་གསུམ་ནང་ཚོང་འབྲེལ་ཁྱོན་ཨ་སྒོར་དུང་ཕྱུར་ ༡༥ ལ་འཕར་སྣོན་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་འདུག

སྲིད་བློན་ལི་ཁེ་ཆང་གིས་པ་ཀི་སི་ཐན་གྱི་གྲོས་ཚོགས་གོང་འོག་གཉིས་ལྷན་འཛོམས་ཐོག་གཏམ་བཤད་སྤེལ་སྐབས། རྒྱལ་ཁབ་གཉིས་བར་དེ་སྔོན་ནས་ཕྱི་སྲིད་མཛའ་འབྲེལ་ཧ་ཅང་ཡག་པོ་ཡོད་པའི་སྟེང་། ད་དུང་མཉམ་ལས་འབྲེལ་ལམ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པ་དང་། པ་ཀི་སི་ཐན་ནང་གློག་ཤུགས་དཀའ་ངལ་ཡོད་པར་རོགས་རམ་བྱ་རྒྱུ་ནི་ཁོང་གི་མངོན་འདོད་ཡིན་སྐོར་བརྗོད་འདུག 

སྲིད་འཛིན་རྫར་ཌ་རི་ཡིས་ཀྱང་པ་ཀི་སི་ཐན་གྱི་ཆབ་སྲིད་ཚོགས་པ་ཁག་གིས་སྲིད་བློན་ལི་ཁེ་ཆང་གི་གཟིགས་སྐོར་བརྒྱུད་དེ། རྒྱ་ནག་ལ་གྲོགས་པོ་བཟང་པོ་ཞིག་གི་འདུ་ཤེས་ཐོག་འབྲེལ་ལམ་ཡག་པོ་འཛུགས་རྒྱུར་ཁོང་གིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། མ་འོངས་པར་རྒྱ་ནག་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་ལས་དོན་གང་ཅིའི་ཐད་མཉམ་ལས་བྱེད་འདོད་ཡོད་པ། རྒྱ་ནག་ལ་འབྲེལ་ལམ་འཛུགས་རྒྱུ་ནི་པ་ཀི་སི་ཐན་གྱི་ཕྱི་འབྲེལ་སྲིད་བྱུས་གལ་ཆེན་ཞིག་ཡིན་སྐོར་སོགས་བརྗོད་འདུག

ཁ་སང་ཚེས་ ༢༣ ཉིན་ལི་ཁེ་ཆང་། ཉེ་ཆར་གསར་དུ་བདམས་ཐོན་བྱུང་བའི་པ་ཀི་སི་ཐན་གྱི་སྲིད་བློན་སྐུ་ཞབས་ནཱ་ཝ་རྫི་ཞཱར་ཧྥི་(Nawaz Sharif )ལགས་དང་དམག་སྤྱི་ཁཱ་ཡཱ་ནེ་(Kayani)། དེ་བཞིན། ཆབ་སྲིད་ཚོགས་པ་གཞན་ཁག་གི་མཐོ་རིམ་མི་སྣ་བཅས་ལ་ཐུག་འཕྲད་སྐབས། ནཱ་ཝ་རྫི་ཡིས་པ་ཀི་སི་ཐན་གྱི་གཞུང་འཛིན་ཚོགས་པ་བརྗེ་བོ་བརྒྱབ་ཀྱང་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་སྔར་བཞིན་འགྱུར་བ་མེད་ཚུལ་བརྗོད་འདུག

དེ་རིང་གོང་གསལ་གནས་ཚུལ་སྐོར་རྒྱ་གར་དུས་བབ་ཚགས་པར་ནང་བཀོད་པ་ལྟར་ན། རྒྱ་དཀར་ནག་བར་གྱི་འབྲེལ་བའི་དབང་གིས་པ་ཀི་སི་ཐན་གྱི་འཛིན་སྐྱོང་འོག་ཡོད་པའི་ཀ་ཤི་མིར་ས་ཁུལ་(POK)ཞེས་པ་དེར། རྒྱ་ཕྱོགས་ནས་འཛུགས་སྐྲུན་ལས་གཞི་གང་ཡང་སྤེལ་འཆར་མེད་པ་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་བརྗོད་སྐོར་ལུང་འདྲེན་བྱས་འདུག

སྔོན་ཆད་རྒྱ་གཞུང་གིས་ཡུ་གུར་འཇིགས་སྐུལ་པ་ཚོས་པ་ཀི་སི་ཐན་གྱི་ནུབ་བྱང་མཐའ་མཚམས་སུ་ཡོད་པའི་འཇིགས་སྐུལ་ཚོགས་པ( Al- Qaeda)ལ་འབྲེལ་ལམ་འཛུགས་སྲིད་པར་སེམས་འཚབ་ཡོད་སྐོར་གླེང་སྐབས། པ་ཀི་སི་ཐན་གཞུང་གིས་ལོ་ཁ་ཤས་སྔོན་ནས་འཇིགས་སྐུལ་པ་མང་པོ་བསད་ཚར་བ་མ་ཟད། ཁོ་ཚོ་པ་ཀི་སི་ཐན་གྱི་ས་ཁོངས་ནས་ཕྱིར་འཕུད་བཏང་ཡོད་ཚུལ་ལན་འདེབས་བྱས་ཡོད།

ཁ་སང་ཕྱི་ཚེས་ ༢༣ ཉིན་སྲིད་བློན་ལི་ཁེ་ཆང་གིིིས་པ་ཀི་སི་ཐན་ནང་ཉིན་གཉིས་ཀྱི་གཟིགས་སྐོར་གྲུབ་ཏེ། དེ་རིང་ཡུ་རོབ་རྒྱལ་ཁབ་སུད་སུའི་ནང་འབྱོར་ཏེ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཐུག་འཕྲད་གནང་མགོ་བརྩམས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese