མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་ནང་ཆུ་ལོག་གནོད་སྐྱོན།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་དབུས་ཁུལ་དུ་ཆར་བ་ཤུགས་ཆེན་བབས་པའི་དབང་གིས་རྒྱལ་ཁབ་ཁག་ཅིག་ནང་གི་ཆུ་བོ་རྒྱས་ཏེ་མང་ཚོགས་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༢ ནས་ཚེས་ ༤ ཉིན་བར་ཡུ་རོབ་དབུས་ཀྱི་རྒྱལ་ཁབ་འཇར་མན་སུད་སི། ཅཱེཀ་ཁི། ཨོ་སི་ཋྀ་རི་ཡ་བཅས་ནང་ཆར་བ་ཤུགས་ཆེན་བབས་ཏེ། འཇར་མན་གྲོང་ཁྱེར་པཱད་སཱོ་(Passau) ནང་གི་ཆུ་བོ་ཌན་ཇོ་ཕུ་(Danube)ཤུགས་ཆེན་པོ་རྒྱས་ཏེ། གྲོིང་ཁྱེར་མང་པོའི་ནང་ཆུ་ལུད་དེ་ཁང་པ་དང་ཅ་དངོས་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད་འདུག འཇར་མན་གཞུང་གིས་ཆུ་བོ་ཌན་ཇོ་ཕུའི་སྟོད་སྨད་བར་གསུམ་གྱི་གྲོང་ཁྱེར་ཁག་གི་མི་མང་ ༢༠༠༠ ལྷག་སྤོེར་བྱེད་བཅུག་ཡོད་པ་མ་ཟད། ཟམ་པ་དང་གཞུང་ལམ། ཆུ་བོའི་ཐོག་དངོས་ཟོག་སྐྱེལ་འདྲེན་མཚམས་འཇོག་དགོས་པའི་ཛ་དྲག་གི་གསལ་བསྒྲགས་སྤེལ་འདུག

འཇར་མན་སྲིད་འཛིན་མེར་ཁེལ་(Merkel)ལགས་ཆུ་ལོག་གི་གནོད་སྐྱོན་ཐེབས་ཡུལ་དུ་བསྐྱོད་དེ་མི་མང་ལ་སེམས་གསོ་དང་རྒྱལ་ཁབ་ཀྱིས་རོགས་སྐྱོར་མ་དངུལ་ཡུ་སྒོར་ས་ཡ་ ༡༠༠ གནང་ཡོད་འདུག འཇར་མན་བདེ་སྲུང་བློན་ཆེན་གྱིས། “གཞུང་གིས་ཟ་མ་དང་སྡོད་གནས། ལྭ་བ་སོགས་ཀྱི་རོགས་རམ་བྱེད་ཀྱིན་ཡོད་པ་དང་། གྲོང་ཁྱེར་ནང་ཆུ་རགས་གསར་རྒྱག་ཆེད་དམག་མི་ ༤༠༠༠ བཏང་” ཞེས་བརྗོད་འདུག

ཅཱེག་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པུ་རེད་ཁཱོ་ (Prague) ནང་དུའང་ཆར་བ་ཤུགས་ཆེན་བབས་ཏེ། ཆུ་བོ་ཝེལ་ཊལ་བཱ་(Vltava)ཤུགས་ཆེན་རྒྱས་ཏེ་གྲོང་ཁྱེར་ནང་ཆུ་ལོག་བྱུང་ཡོད་སྟབས། ཚོང་ལས་དང་འགྲིམ་འགྲུལ། སློབ་གྲྭ་སོགས་ཀྱི་བྱེད་སྒོ་མཚམས་འཇོག་ཏུ་བཅུག་ཡོད་པ་དང་། ཅཱེག་ཁི་སྲིད་བློན་ནེ་ཁཱ་སི་ (Petr Necas) ཡི་ལོ་རྒྱུས་ལྡན་པའི་བསྟི་གནས་རྒྱལ་ས་པུ་རེད་ཁཱོ་ཆུ་ལ་ཆུ་ལོག་གི་གནོད་སྐྱོན་བྱུང་སྟབས། སྲིད་གཞུང་གིས་ཛ་དྲག་གསལ་བསྒྲགས་སྤེལ་ཏེ་མི་མང་ ༦༠༠༠ ལྷག་གནས་སྤོར་དང་། ཨ་སྒོར་ས་ཡ་ ༡༥ ཡིས་རོགས་དངུལ་སྤྲད་པ། དམག་མི་ ༢༠༠༠ ས་གནས་སུ་མི་མང་སྲུང་སྐྱོབ་དང་། ཆུ་རགས་བརྒྱབ་སྟེ་ཆུ་ལོག་འགོག་ཐབས་བྱེད་བཞིན་ཡོད་འདུག

ཨོ་སི་ཋྀ་རི་ཡའི་གྲོིང་ཁྱེར་ཨེ་ཌེན་ནོ (Ettenau)གཙོས་པའི་ས་གནས་ཁ་ཤས་ནང་ཆུ་ལོག་དང་ས་རིལ་སོགས་ཀྱི་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག

ཡུ་རོབ་རྒྱལ་ཁབ་ཧང་གྷ་རི་(Hungary) ཡི་ཆུ་བོ་ཌན་ཇོ་ཕུ་རྒྱས་བཞིན་ཡོད་སྟབས། སྲིད་བློན་ཨོར་སྦན(Viktor Orban)ལགས་ཀྱིས་ཛ་དྲག་གི་གསལ་བསྒྲགས་སྤེལ་ཏེ། ཆུ་བོ་དེའི་མཐའ་འཁོར་གྱི་མི་མང་སྲུང་སྐྱོབ་ཆེད་དམག་མི་༨༠༠༠ དང་། ཆུའི་ཁྱད་མཁས་པ་ ༡༤༠༠ སོགས་བཏང་སྟེ་ཆུ་ལོག་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་འདུག

ཆུ་བོ་ཪན་ (Rhein) འགྲམ་རྒྱུད་དུ་ཡོད་པའི་སུད་སི་གཏན་སྡོད་ལའང་གནས་སྤོར་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། དེའི་ནང་དུ་དངོས་ཟོག་སྐྱེལ་འདྲེན་ཡང་གནས་སྐབས་རིང་མཚམས་འཇོག་བྱེད་བཅུག་ཡོད་འདུག

ད་ཐེངས་ཡུ་རོབ་ཁུལ་དུ་ཆར་བ་ཤུགས་ཆེན་པོ་བབས་ཏེ། ཆུ་བོ་རན་དང་ཌན་ཇོ་ཕུ། ཝེལ་ཊལ་བཱ། ཨེ་སྦེ་ས་སོགས་ཤུགས་ཆེན་པོ་རྒྱས་བཞིན་ཡོད་སྟབས། ཆུ་མཛོད་མང་པོ་ཁ་ཕྱེས་བྱས་དགོས་བྱུང་ཡོད་པ་མ་ཟད། ཟམ་པ་དང་ཆུ་ཐོག་སྐྱེལ་འདྲེན་བཅས་སྒོ་རྒྱག་ཏུ་བཅུག་ཡོད་འདུག  

ཐེངས་འདིའི་ཆར་ཞོད་དང་ཆུ་ལོག་གི་གནོད་འཚེ་འོག་མི་ ༡༢ ཙམ་རྐྱེལ་ལམ་དུ་ཕྱིན་ཡོད་པ་དང་། གཞན་མང་པོ་ཞིག་བོར་བརླག་དང་རྨས་སྐྱོན་བཅས་བྱུང་ཡོད་འདུག

དུས་རབས་ ༡༦ ནང་ད་རེབ་ཀྱི་ཆུ་ལོག་ལྟ་བུ་ཐེངས་གཅིག་བྱུང་མྱོང་ཡོད་འདུག ༢༠༠༢ ལོར་ཡུ་རོབ་ནང་ཆུ་ལོག་གནོད་སྐྱོན་བྱུང་བ་དང་། ཐེངས་འདིའི་ནང་མི་མང་གི་ཚེ་སྲོག་ལ་ཤི་སྐྱོན་དེ་ཙམ་བྱུང་མེད་ཀྱང་དཔལ་འབྱོར་གྱང་གུད་ཚབས་ཆེན་ཕོག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཡུ་རོབ་ཧང་གྷ་རི་འདིར། ཡུལ་གྱི་ནུབ་ནས་བབ་བཞིན་པའི་རྒྱུག་ཆུ་ཆེ་ཤོས་དེ་ནི། ཨིན་སྐད་དུ། རྡ་ནུབ་བམ། Danube དང་ཡུལ་སྐད་དུ། རྡུནའམ། Duna ཟེར། དེ་ཡང་དཔེར་ན། བོད་ཀྱི་ཡར་ཀླུང་གཙང་པོར་རྒྱ་གར་ནང་བབས་དུས་ཡུལ་སྐ་དུ་Bharamaputraགྲགས་པ་དང་གཅིག་མཚུངས་སུ་མཐོང་ལགས།
    ད་ལྟའི་བར་ཧང་གྷ་རི་ནང་ཚེ་སྲོག་ལ་གནོད་སྐྱོན་བྱུང་མེད་ན་ཡང་། རྒྱུ་ནོར་ལ་ཌོ་ལར་ས་ཡ་མང་པོའི་རིན་ཚད་གཏོར་བཅོམ་འགྲོ་བཞིན་པ་དང་། ད་དུང་མུ་མཐུད་ནས། གནམ་གཤིས་ཉེན་བརྡས་ཆར་པ་བབས་ངེས་ཡིན་པ་མངོན་བརྡ་སྤྲོད་བཞིན་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཧང་གྷ་རི་(Hungary) ཡི་ཆུ་བོ་ཌན་ཇོ་ཕུ་ཟེར་བ་གཅིག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese