མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ཨ་རིར་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༦ གི་ཕྱི་དྲོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་རིའི་མངའ་སྡེ་ཁཱ་ལེ་ཧྥོ་ནེ་ཡ་(California)གནམ་ཐང་དུ་འབྱོར་ཡོད་པ་དང་། ཚེས་  ༧ དང་ ༨ ཉིན་གཉིས་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གཉིས་མངའ་སྡེ་ཁཱ་ལེ་ཧྥོ་ཡཱ་ཡི་སོ་ནེགླིང་ (Sunnyland)ཞེས་པར་ཐུག་འཕྲད་ཀྱིས་ཚོང་འབྲེལ་དང་ཕྱི་འབྲེལ་སྲིད་བྱུས་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

སྲིད་དོན་ཉམས་ཞིབ་པ་ཚོས། ཐེངས་འདིའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་གྲོས་དོན་ལེགས་འགྲུབ་བྱ་རྒྱུ་ནི་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱིས་སྲིད་དོན་དང་དཔལ་འབྱོར། ཤར་ལྷོ་ཨེ་ཤ་ཡའི་རྒྱ་མཚོའི་མངའ་ཁུལ་གྱི་དམག་དོན་བརྟན་བརླིང་བཅས་ལ་འབྲེལ་བ་ཤུགས་ཆེན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་ནང་མ་འབྱོར་སྔོན་དུ། ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་གསུམ་གྱིས་གྲོས་འཆར་ཞིག་སྲིད་འཛིན་ཨོ་བྷ་མར་བཏོན་པའི་ནང་། རྒྱ་ནག་དང་ཨུ་རུ་སུ་ཡིས་རྒྱལ་ཁབ་གཞན་གྱི་དྲ་རྒྱར་ལྐོག་འཛུལ་དང་འཇབ་རྒོལ་བྱས་ཏེ། ཨ་རིའི་གཞུང་དང་ཚོང་ལས་སྡེ་ཚན་ཁག་གི་གསང་བ་རྐུ་འཁྱེར་བྱེད་ཀྱིན་པའི་ཐད་ཉེས་དོན་ཁྲིམས་ལུགས་ཤིག་གཏན་འབེབས་བྱེད་དགོས་སྐོར་བརྗོད་ཡོད།

ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་བཅས་ཚོགས་པ་ ༣༠ ཙམ་གྱིས་མཉམ་འབྲེལ་ཐོག རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིག་ཞའོ་པོ་གཙོས་བོད་དང་ཡུ་གུར། རྒྱ་རིགས་བཅས་ཀྱི་སྲིད་དོན་དང་ཆོས་ལུགས་བཙོན་པ་ ༡༦ ཙམ་གྱི་རང་དབང་ཆེད། སྲིད་འཛིན་ཨོ་བྷ་མས་ངེས་པར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

ཉིན་འདི་འགར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། ཐེངས་འདིར་ཨ་རྒྱ་གཉིས་བར་ཚོང་ལས་དང་དྲ་རྒྱའི་བདེ་སྲུང་། འགྲོ་བ་མིའི་ཐོབ་ཐང་། བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ། ཤར་ལྷོ་ཨེ་ཤ་ཡའི་རྒྱ་མཚོ་ནང་མཚོ་གླིང་རྩོད་རྙོག་དང་དམག་དོན་རྒྱ་སྐྱེད་བཅས་ཀྱི་སྐོར་ལ་གྲོས་མོལ་བྱེད་འཆར་ཡོད་ཀྱང་། མཐའ་མའི་བསམ་ཚུལ་གཅིག་མཐུན་འབྱུང་མིན་དང་དོན་ཕན་ལྡན་པའི་གྲོས་དོན་ལ་མིང་རྟགས་འགོད་ཐུབ་མིན་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་སྐོར་བརྗོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist