མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལོའུ་ཧེ་ལ་ལོ་ ༡༡ ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་རྒྱ་ནག་པེ་ཅིན་གྱི་ཁྲིམས་ཁང་ཞིག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ་མཁན་ལོའུ་ཞོ་པའོ་ཡི་བཟའ་ཟླའི་ནུ་བོ་ལོའུ་ཧེ་ལ་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིཊ་དམངས་གཙོ་དོན་གཉེར་བ་ལོའུ་ཞོ་པའོ་ཡི་བཟའ་ཟླ་ལོའུ་ཤཱ་ཡི་ནུ་བོ་ལོའུ་ཧེ་ལགས། ན་ནིང་ཕྱི་ཟླ  ༤ པའི་ནང་ཁང་སའི་རྩོད་རྙོག་ཅིག་དང་འབྲེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ནག་ཉེས་ཀྱི་དཔང་རྟགས་འདང་ངེས་མེད་པར་བརྗོད་དེ་ཀློད་གྲོལ་བཏང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ པའི་མཇུག་ཏུ་རྒྱུ་རྐྱེན་གསལ་བཤད་མེད་པར་བསྐྱར་དུ་འཛིན་བཟུང་བྱས་ཡོད།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་པེ་ཅིན་གྱི་ཧྭི་རའོ་(怀柔法院)ཁྲིམས་ཁང་གིས་གཞན་ལ་མགོ་སྐོར་བཏང་བའི་ཉེས་མིང་འོག་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཆད་དང་། ལོ་ ༢ ལ་ཆབ་སྲིད་དབང་ཆ་འཕྲོག་རྒྱུ། དེའི་སྟེང་རྒྱ་སྒོར་ཁྲི་ ༡ ཡི་ཉེས་ཆད་བཅས་ཀྱི་ཐག་གཅོད་ཁྱབ་བསྒྲགས་བྱས་འདུག

ཕྱི་ཚེས་ ༩ ཉིན། ལོའུ་ཤཱ་ཡིས་རང་གི་ནུ་བོར་ཁྲིམས་ཆད་ལྕི་མོ་བཅད་ཡོད་པའི་གནས་ཚུལ་ཐོས་འཕྲལ། ཁྲིམས་ཆད་དེ་ཁོང་གི་ཁྱིམ་མི་ཡོངས་ལ་འཁོན་ལན་བསློགས་པ་ཡིན་སྟབས་ངོས་ལེན་མེད་པ་དང་། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་ཐག་གཅོད་ཡག་པོ་བྱེད་པའི་རེ་བ་ཡོད་ལུགས་བརྗོད་འདུག་ལ། ལོའུ་ཞོ་པའོ་ཡི་ཁྲིམས་རྩོད་པ་མའོ་ཤོ་ཕིན་གྱིས་ཀྱང་ཁྲིམས་ཁང་གིས་བཏོན་པའི་ཉེས་དོན་ཞིབ་བཤེར་ཡིག་ཆར་གསལ་ཆ་མེད་པ་དང་། དཔང་རྟགས་ཀྱིས་མ་འདང་བར་ཉེས་མེད་ཉེས་འཛུགས་ཀྱིས་ལོའུ་ཧེ་ལ་ཁྲིམས་ཆད་ལྕི་མོ་བཅད་པར་མོས་མཐུན་མེད་ཚུལ་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན། ལོའུ་ཞོ་པའོ་ཚང་གི་རང་དབང་སྨྱུག་ཚོགས་ཀྱི་འགན་འཛིན་ཕན་ཅཱ་ཝེ་ཡིས་གསར་འགོད་པར་བརྗོད་རྒྱུར། གནད་དོན་འདིས་དེང་སང་རྒྱ་གཞུང་གིས་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་པ་པོར་བཙན་གནོན་བྱེད་པའི་སྲིད་བྱུས་དེ་བཟའ་ཟླ་ཙམ་མ་ཡིན་པར། བཟའ་ཟླའི་ཁྱིམ་མི་གཉེན་འབྲེལ་ཚོ་ལའང་ལག་བསྟར་བྱེད་བཞིན་པ་ར་སྤྲོད་བྱས་ཡོད་ལ། བྱེད་ཐབས་དེ་དངོས་གནས་འཇིགས་སུ་རུང་བ་ཞིག་རེད། དཔལ་འབྱོར་དང་འབྲེལ་བའི་ཉེས་མིང་འོག འདི་ལྟ་བུའི་ཉེས་ཆད་ལྕི་མོ་བཅད་པ་ཧ་ཅང་ཉུང་ཉུང་ཡིན་སྟབས། ཐེངས་འདིའི་ཁྲིམས་ཆད་དེ་ཆབ་སྲིད་ཀྱི་དྲག་གནོན་ཞིག་ཡིན་པ་གསལ་བོ་རེད་ཅེས་བརྗོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist