མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་རན་སྲིད་འཛིན་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨེ་རན་གྱི་སྲིད་འཛིན་འོས་བསྡུ་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་དངོས་གཞིའི་འོས་བསྡུའི་ཁྲོད་འོས་མི་ ༦ ཡོད་པ་དང་། འོས་བསྡུའི་ལས་རིམ་ཁྲོད་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་དང་གསར་འགོད་པ་ཚོར་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། ཨེ་རན་ནང་གི་གསར་བརྗེའི་གསར་ལམ་ཁག་ཅིག་བཙན་ཤེད་ཀྱིས་སྒོ་རྒྱག་བཅུག་པ་དང་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་བཀག་སྡོམ་ཤུགས་ཆེན་བྱས་ཡོད་འདུག

དེ་རིང་གི་འོས་བསྡུའི་ཁྲོད་འོས་གྲངས་བརྒྱ་ཆ་ ༥༠།༡ ཐོབ་མཁན་མ་བྱུང་ཚེ། ཕྱི་ཚེས་ ༢༡ ཉིན་འོས་གྲངས་མཐོ་ཤོས་གཉིས་ལ་བསྐྱར་དུ་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། མཐའ་མའི་རྒྱལ་ཁ་ཐོབ་མཁན་དེས་ཕྱི་ཟླ་ ༨ ཚེས་ ༣ ཉིན་ཆེས་མཐོའི་དབུ་ཁྲིད་(Suppreme leader)ཁཱ་མེ་ནའེ་(Khamenei)ཡི་དགོངས་འཁྲོལ་ཐོབ་རྗེས་གཞི་ནས་སྲིད་འཛིན་དམ་བཅའ་འཇོག་དགོས་ཀྱི་ཡོད་འདུག ཐོག་མར་སྲིད་འཛིན་འོས་མིའི་ཁྲོད་ཞུགས་མཁན་ ༦༨༦ ཙམ་བྱུང་ཡོད་པ་ལས་མི་ ༨ ལ་འོས་ཆོས་ཚང་པའི་ངོས་འཛིན་ཐོབ་ཡོད་པ་དང་། དེ་དག་ཁྲོད་ཀྱི་མི་ ༢ རང་འགུལ་གྱིས་ཕྱིར་འཐེན་བྱས་རྗེས་ཨེ་རན་རྒྱལ་སྲུང་དྲུང་ཆེ་ཇཱ་ལེ་ལེ་(Saeed Jalili) དང་། རྒྱལ་ས་ཊེ་རན་གྱི་སྤྱི་ཁྱབ་པ་ཁ་ལེ་བྷ་ཧྥི་ (QaliBaf )། དམག་དཔོན་ཟུར་པ་མཱོ་སེན་ (Mohsen Rezai)། ཨེ་རན་རྡུལ་མཚོན་འབྲེལ་མོལ་བ་ཟུར་བ་ཧཱ་སན (Hassan Rowhani) ། བློན་ཆེན་ཟུར་པ་གྷ་རཱ་ཛེ་ (Mohammad Gharazi) བཅས་འོས་མི་ ༦ དངོས་སུ་གསལ་བསྒྲགས་བསྐྱངས་ཡོད། ཁོང་ཅག་ཚང་མ་ཁ་ཆེ་མཁྲེགས་འཛིན་ཆོས་དཔོན་གྱི་ཕྱོགས་གཏོགས་ཡིན་འདུག་ལ། བདུན་ཕྲག་གསུམ་རིང་གི་འོས་བསྡུའི་ཁྱབ་བསྒྲགས་ཁྲོད། ཧཱ་སེན་དང་ཇཱ་ལེ་ལེ། ཨ་ལེ་ཨབ་བྷར་གསུམ་ལ་རེ་བ་ཆེ་ཤོས་ཆགས་ཡོད་འདུག  

དེ་སྔ་ཨེ་རན་གཞུང་གི་དམིགས་བསལ་སྐུ་ཚབ་ཐོག་ནུབ་ཕྱོགས་རྒྱལ་ཁག་ཁག་དང་ཨེ་རན་གྱི་རྡུལ་མཚོན་གནད་དོན་ཐོག་གྲོས་མོལ་བྱེད་མཁན་ཟུར་བ་ཧཱ་སན་ལགས་སུ། ཐེངས་འདིར་གསར་བརྗེ་ལས་འགུལ་བ་དང་ཁ་གཏད་ཕྱོགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་དང་། ཧཱ་སེན་ཁོ་རང་གིས་ཀྱང་ད་སྔའི་དབང་སྒྱུར་ལམ་ལུགས་ལ་བཅོས་སྒྱུར་བྱ་དགོས་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག ད་ཆར་ཨེ་རན་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སེམས་འཚབ་གཙོ་བོ་འོས་བསྡུའི་གྲུབ་འབྲས་དྲང་སྙོམས་ཡོང་མིན་དེ་ཡིན་པ་དང་། ད་སྔ་ཨེ་རན་ནང་གི་དབང་ཤུགས་ཆེ་ཤོས་ཆོས་དཔོན་ཁཱ་མེ་ནའེ་(Ayatollah Khamenei) གཙོས་པའི་ཆོས་དཔོན་དག་གི་ལག་ཏུ་ཡོད་སྟབས། ད་རེབ་ཀྱང་ཆོས་དཔོན་ཚོའི་རྒྱབ་སྐྱོར་མེད་མཁན་ཞིག་སྲིད་འཛིན་དུ་བསླེབ་དཀའ་བ་དང་། གལ་སྲིད་བསླེབ་པའི་དབང་དུ་བྱས་ཀྱང་དབང་ཤུགས་མེད་པ་ཆགས་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཨེ་རན་གྱི་སྲིད་འཛིན་འོས་མི་དག་ལ་འོས་བསྡུ་ལྷན་ཁང་གིས་ཞིབ་བཤེར་ཟིན་རྗེས། ཁ་ཆེ་ཆོས་དཔོན་དང་ཁྲིམས་དཔོན་བཅས་མི་སྣ་ ༡༢ ལས་གྲུབ་པའི་སློབ་སྟོན་ལྷན་ཚོགས་(Guardian Council)ཀྱིས་མཐའ་མའི་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། ལྷན་ཚོགས་དེ་གྲོས་ཚོགས་དང་ཆེ་མཐོའི་དབུ་ཁྲིད་ཀྱིས་བསྐོ་བཞག་བྱེད་ཀྱི་ཡོད་འདུག དཔྱད་ཞིབ་པ་ཚོས་དེ་ནི་དབང་སྒྱུར་ལམ་ལུགས་ལ་དགའ་ཞེན་ཡོད་མཁན་ཁོ་ན་འདེམས་སྒྲུག་ཡོང་ཆེད་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད། ཨེ་རན་གྱི་སྲིད་འཛིན་འོས་བསྡུའི་ཁྲོད་འོས་ཤོག་འཕེན་པའི་ཐོབ་ཐང་ཡོད་མཁན་མི་ས་ཡ་ ༥༠ ཙམ་ཡོད་པར་བསྒྲགས་ཡོད་ཀྱང་། ༢༠༠༩ ལོའི་དྲང་སྙོམས་མ་ཡིན་པའི་འོས་བསྡུའི་གྲུབ་འབྲས་དང་ཟིང་འཁྲུག་གི་རྐྱེན་ཀྱིས་ཐེངས་འདིར་མང་པོ་ཞིག་གིས་འོས་བསྡུའི་ཆ་ཤས་ལེན་གྱི་མེད་པའི་གནས་ཚུལ་ཐོན་འདུག འོས་ཤོག་འཕེན་མཁན་ན་གཞོན་བུ་མོ་མེ་ནཱ་(Mina)ཟེར་པ་ཞིག་གིས་ “སྐབས་སྔོན་མར་ང་ཚོའི་འོས་ཤོག་ཁོ་ཚོས་བརྐུས་པ་རེད། ཐེངས་འདིར་ང་ཚོའི་འོས་ཤོག་དྲང་པོ་དྲང་རྐྱང་ཐོག་རྩིས་རྒྱག་རྒྱུར་ཁེག་ཐག་ག་རེ་ཡོད་རེད། ”ཅེས་བརྗོད་འདུག

མང་ཚོགས་ཀྱི་ངོས་ནས་ཨེ་རན་གྱི་དཔལ་འབྱོར་ཉམས་གུད་བསྐྱར་གསོ་དང་། རྡུལ་ཕྲན་མཚོན་ཆའི་གནད་དོན་ཐད་རྒྱལ་ཚོགས་དང་ནུབ་ཕྱོགས་པར་ཁ་གཏད་གཅོག་རྒྱུ། ད་ལྟའི་དབང་སྒྱུར་ལམ་ལུགས་ལ་བཅོས་སྒྱུར་གཏོང་རྒྱུ་བཅས་ནི། ཐེངས་འདིའི་སྲིད་འཛིན་གསར་པའི་ལས་དོན་གཙོ་བོར་ངོས་འཛིན་བྱེད་ཀྱིན་ཡོད་འདུག  ཨེ་རན་གྱི་ཆེ་མཐོའི་དབུ་ཁྲིད་ཁཱ་མེ་ནའེ་ཡི་སྐད་ཆས་མང་ཚོགས་ལ་གཡོ་འགུལ་ཆེན་པ་ཐེབས་ཀྱི་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་ཁོང་གིས། “ཁག་ཅིག་གིས་སོ་སོའི་རྒྱལ་ཁབ་འདི་ཉིད་ཡག་པོ་ཞིག་ཡོང་ཆེད་ཁ་ཆེ་རིང་ལུགས་པར་རྒྱབ་སྐྱོར་བྱ་འདོད་མེད་པ་དེ་འདྲ་ཡོང་སྲིད་ངེས་རེད། འོན་ཀྱང་། ཁོང་ཚོ་ཡང་ངེས་པར་དུ་འོས་ཤོག་འཕེན་པར་འགྲོ་དགོས་རེད་”ཅེས་ལྟ་གྲུབ་དང་ཕྱོགས་ཁག་གང་ཡིན་ཡང་འོས་བསྡུའི་ཆ་ཤས་ལེན་དགོས་པའི་སྐུལ་མ་བཏང་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༥ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese