མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་བོད་སྒར་དུ་ཆུ་ལུད་ཀྱི་གནོད་འཚེ་ཚབས་ཆེན་ཐེབས།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་ཆར་ཞོད་ཀྱི་དབང་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་ངྷ་རམ་ས་ལ་གཉིས་སུ། བོད་མི་ཚོའི་སྡོད་ཁང་དང་མགྲོན་ཁང་བཅས་སུ་ཆུ་ལུད་དེ་དཀའ་ངལ་ཤུགས་ཆེན་འཕྲད་དེ་མི་མང་པོ་ཞིག་གནས་སྤོར་དང་ཅ་དངོས་ཕྱི་ལོགས་སུ་འདོན་བཞིན་ཡོད་འདུག

ཉིན་འདི་འགར་རྒྱ་གར་བྱང་ཤར་གྱི་མངའ་སྡེ་མང་པོ་ཞིག་ཏུ་ཆར་ཞོད་ཆེན་པོ་བབས་ཏེ། གཙང་ཆུ་རྒྱས་པ་དང་རི་ཉིལ་བ། ལམ་དང་ཟམ་ཆད་པ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་དང་། རྒྱ་གར་རྒྱལ་ས་ལྡི་ལི་གྲོང་ཁྱེར་གྱི་ས་ཁུལ་མང་པོར་ཆུ་ལུད་དེ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་ཅིང་། ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་ངྷ་རམ་ས་ལ་བཅས་ཀྱི་བོད་མི་ཚོའི་སྡོད་ཁང་དང་ཁྲོམ་རྭ་སྲིང་ལམ་བཅས་ལ་ཆུ་ལུད་དེ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག བོད་སྒར་བསམ་ཡས་གླིང་རྒྱབ་ལོགས་ཀྱི་ཡ་མུ་ནཱ་གཙང་པོ་ཤུགས་ཆེན་པོ་རྒྱས་ཏེ། ཆུ་འགྲམ་ཁུལ་གྱི་བོད་པ་དང་རྒྱ་གར་བའི་སྡོད་ཁང་ཕལ་ཆེ་བའི་ནང་ཆུས་ཁེངས་ཡོད་པ་མ་ཟད། བསམ་ཡས་གླིང་སྲིང་བར་གྱི་ས་སྐྱ་མགྲོན་ཁང་དང་རྙིང་མ་མགྲོན་ཁང་། ཞི་བདེ་མགྲོན་ཁང་གསར་པ། ཏཱ་ར་མགྲོན་ཁང་། ཨ་མ་ཟ་ཁང་བཅས་ཀྱི་ནང་ཆུ་ལུད་དེ་མི་མང་གནས་སྤོ་བྱེད་དགོས་བྱུང་ཡོད་པ་མ་ཟད། ཁང་པ་ཐོག་བརྩེགས་དག་གི་འོག་ཤོད་ཀྱི་ཅ་དངོས་འོར་འདྲེན་བྱེད་བཞིན་ཡོད་འདུག  

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལི་བསམ་ཡས་གླིང་ས་གནས་གཞིས་མགོ་ལེགས་སྐྱེས་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་བདུན་ཕྲག་གཅིག་ཙམ་གོང་ནས་ཆར་ཞོད་མགོ་བཙུགས་ཡོད་པ་དང་། ལྷག་པར་དུ་ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་ཙམ་ལ་ཡ་མུ་ན་གཙང་པོ་ཤུགས་ཆེན་རྒྱས་ཏེ། གཙང་འགྲམ་གྱི་མི་སྒེར་གྱི་སྡོད་ཁང་ཚང་མའི་ནང་ཆུ་ལུད་ཡོད་པ་མ་ཟད། ཚུར་ཕྱོགས་ཀྱི་མགྲོན་ཁང་མང་པོ་ཞིག་གི་འོད་ཤོད་ནང་ཆུ་ལུད་དེ་མི་རྣམས་གནས་སྤོར་བྱས་ཡོད་ཀྱང་། ཅ་དངོས་འབོར་ཆེན་འཕྲོ་བརླག་ཏུ་ཕྱིན་ཡོད་འདུག ཁོང་གིས་བརྗོད་དོན་ལྟར་ན། བསམ་ཡས་གླིང་དུ་རྒྱུན་ལྡན་མི་ཚང་ ༣༧༢ ཙམ་དང་མི་གྲངས་ ༤༠༠༠ ལྷག་ཡོད་པ་ལས། ད་རེབ་མི་ཚང་ ༢༠༠ ལྷག་ལ་ཆུས་གནོན་འཚེ་ཐེབས་ཡོད་འདུག

ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་མུ་མཐུད་དུ་བརྗོད་པར། ལ་དྭགས་ངྷ་རམ་ཁུལ་དུའང་ཆུ་ལུད་དེ་མི་མང་པོ་གནས་སྤོ་བྱེད་ཀྱིན་ཡོད་པ་དང་། ཁང་པ་ཐོག་བརྩེགས་དག་གི་འོག་ཤོད་ཀྱི་ཅ་དངོས་དག་ཀྱང་འོར་འདྲེན་བྱེད་ཀྱི་ཡོད་འདུག ཁ་སང་ཉིན་གུང་ཙམ་ནས་ས་གནས་མགོ་འཛིན་ལས་ཁུངས་དང་ས་གནས་གཞོན་ནུ། བུད་མེད། བརྒྱ་དཔོན་བཅས་ཚོགས་སྐྱིད་ཚང་མ་མཉམ་རུབ་ཐོག གནས་སྤོར་དང་ཅ་དངོས་ཕྱི་ལོགས་སུ་འདོན་ཐབས་བྱེད་ཀྱི་ཡོད་པ་དང་། ད་ཆར་ཤིང་གྲུ་ཁག་ཅིག་གི་ཐོག་ཅ་དངོས་སྐྱེལ་འདྲེན་བྱེད་བཞིན་ཡོད་འདུག ས་གནས་དེར་ནམ་རྒྱུན་སྐྱབས་བཅོལ་མིང་གཞུང་ནང་ཡོད་མཁན་མི་ཚང་ ༥༠ ལྷག་ཙམ་ཡོད་པ་དང་། མིང་གཞུང་ནང་མེད་མཁན་དང་ཚོང་ར་གཉེར་སྡོད་མཁན། རྒྱ་གར་བ་བཅས་མི་ཚང་ ༢༠༠ ལྷག་དང་མི་གྲངས་ ༡༥༠༠ ལྷག་ཡོད་འདུག

བསམ་ཡས་གླིང་གི་བརྒྱ་དཔོན་སྐར་ལྡན་ཚེ་རིང་ལགས་སུ། ཆུས་དཀའ་ངལ་འཕྲད་རིགས་ཚོར་སྡོད་གནས་ཇི་ལྟར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། ས་གནས་རྒྱ་གར་གཞུང་དང་བོད་གཞུང་གིས་རོགས་སྐྱོར་འབྱོར་ཡོད་མེད་དྲིས་པར་ཁོང་གིས། “ས་གནས་མགོ་འཛིན་ལས་ཁུངས་དང་ཚོགས་པ་ཁག་གིས་སློབ་གྲྭའི་ནང་སྡོད་གནས་གྲ་སྒྲིག་བྱས་འདུག མི་མང་ཆེ་བ་སོ་སོའི་ངོ་ཤེས་གྲོགས་པོ་གཞན་པའི་ནང་གནས་སྤོར་བྱས་ཏེ། སློབ་གྲྭའི་ནང་སྡོད་མཁན་ཉུང་ཉུང་རེད། ས་གནས་རྒྱ་གར་གཞུང་གིས་ཀྱང་བསམ་ཡས་གླིང་མདུན་ཕྱོགས་སུ་གུར་ཕུབ་པ་དང་ཟ་མ་སོགས་གོ་སྒྲིག་བྱེད་ཀྱི་འདུག” ཅེས་བརྗོད་བྱུང་།

གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ། ལྡི་ལི་བོད་སྒར་དུ་ཆར་ཞོད་ཆུ་ལུད་ཀྱི་གནས་འཚེ་ཐེབས་པ་མཁྱེན་རྟོགས་བྱུང་ཡོད་མེད་དང་། ཡོད་ཚེ་དེ་ལ་རོགས་རམ་སོགས་ཀྱི་འཆར་གཞི་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ ཁ་སང་བསམ་ཡས་གླིང་ས་གནས་མགོ་འཛིན་གྱིས་ཨེམ་ཊེ་(MT)དང་ཐཱི་པེ་ཡ་ལ་དྭགས་སྡོད་སྒར་དུ་ཆུའི་དཀའ་ངལ་འབྱུང་བཞིན་ཡོད་སྐོར་སྙན་གསན་ཞུས་སོང་། འོན་ཀྱང་དེ་ཙམ་ཚབ་ཆེན་རང་མི་འདུག་ཅེས་ཞུས་བྱུང་། འོན་ཀྱང་། གསར་ལམ་ཁག་ལ་བལྟས་བསྡད་སྐབས་ལྡི་ལིའི་ནང་གི་ཆར་ཞོད་ཆུ་ལུད་ཀྱི་ཉེན་ཚབས་ཆེ་ཤོས་ས་གནས་ལྔ་དྲུག་ཅིག་བརྗོད་ཀྱི་ཡོད་པའི་ནང་ཨེམ་ཊེ་དང་བྷོ་ཐཱི་པེ་ཡ་གཉིས་ཚུད་འདུག འདི་ནས་གནས་བབ་ལ་བལྟས་ཏེ་དུས་ནས་དུས་སུ་སྙན་གསན་ཞུས་ཤོག གནས་ཚབས་ཆེན་པོ་བྱུང་ཚེ་རྒྱ་གར་གཞུང་ལའང་འབྲེལ་བ་ཞུས་ཏེ། རོགས་སྐྱོར་དང་སྐྱོབ་གསོ་ཞུ་ཐབས་བྱ་དགོས་པ་སོགས་མངག་བྱ་བྱས་ཡོད” ཅེས་བརྗོད་བྱུང་།

ཡང་ཁོང་ལ་རྒྱ་གར་ནང་གི་བོད་མིའི་སྡོད་སྒར་གཞན་དག་ལ་ཉིན་འདི་འགར་ཆར་ཞོད་ཆུ་ལུད་སོགས་ཀྱི་དཀའ་ངལ་རིགས་བྱུང་ཡོད་མེད་དྲིས་པར། ཁོང་གིས། བྱང་ཕྱོགས་ཁུལ་གྱི་ཉེན་ཚབས་ཆེ་ཤོས་ཨུ་ཊར་ཁཱན་མངའ་སྡེ་ཆགས་ཡོད་ཀྱང་། བོད་མིའི་འདུས་སྡོད་ཁག་ཆར་ཞོད་དང་ཆུ་ལོག་གི་གནོན་འཚེ་ཐེབས་ཡུལ་ཁག་ཏུ་མེད་སྟབས། ད་སྔ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་གང་ཡང་འབྱོར་མ་སོང་། ནང་སྲིད་ལས་ཁུངས་ཀྱིས་ས་གནས་ཁག་ལ་གནོད་འཚེ་བྱུང་མིན་ལ་མ་བལྟས་པར་སྤྱང་གྲུང་དོད་པོ་བྱ་དགོས་པའི་མངག་སྡོམ་བྱས་ཡོད” ཅེས་བརྗོད་བྱུང་།

དེང་སྐབས་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཆར་དུས་མགོ་ཚུགས་ཡོད་པ་ལྟར། ཨུ་ཊར་ཁཱན་མངའ་སྡེ་དང་ཧི་མ་ཅལ། ཧཱ་རེ་ཡ་ནཱ། ལྡི་ལི་བཅས་སུ་ཆར་ཞོད་ཆེན་པོ་བབས་ཏེ། གཙང་པོ་རྒྱས་པ་དང་ཆུ་ལུད་པ། རི་ཉིལ་བ། ལམ་ཁ་དང་ཟམ་པ་ཆད། ཁང་པ་བརྡིབས་པ་སོགས་ཀྱིས་ད་སྔ་མི་ ༡༥༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་ལས། ཨུ་ཊར་ཁཱན་གཅིག་པུའི་ནང་མི་ ༡༠༢ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ཁོང་གིས་བརྗོད་དོན་ལྟར་ན། བསམ་ཡས་གླིང་དུ་རྒྱུན་ལྡན་མི་ཚང་ ༣༧༢ ཙམ་དང་མི་གྲངས་ ༤༠༠༠ ལྷག་ཡོད་པ་ལས། ད་རེབ་མི་ཚང་ ༢༠༠ ལྷག་ལ་ཆུས་གནོན་འཚེ་ཐེབས་ཡོད་འདུག ་་་ཅེས་དང་།
    ་་་་་་་ ལྡི་ལི་བཅས་སུ་ཆར་ཞོད་ཆེན་པོ་བབས་ཏེ། གཙང་པོ་རྒྱས་པ་དང་ཆུ་ལུད་པ། རི་ཉིལ་བ། ལམ་ཁ་དང་ཟམ་པ་ཆད། ཁང་པ་བརྡིབས་པ་སོགས་ཀྱིས་ད་སྔ་མི་ ༡༥༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་ལས། ཨུ་ཊར་ཁཱན་གཅིག་པུའི་ནང་མི་ ༡༠༢ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག ་་་་་་ཟེར།

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    ཆུ་འདི་ཚོ་གད་ཉིག་ཀྱང་རེད་ད་པགས་ནད་མེད་པ་དང་འགོ་ནད་མེད་པ་ཤོག།།།
    འཕྲོད་རྟེན་ལས་ཁུངས་ལགས་ད་དོ་སྣང་གནང་རོགས་ད་ཆུ་མྱལ་ལ་ཤོར་ཤག།།།
    ཨ་ཁ་ཀ་་་་།།།

    Reply
  3. མི་རྒོད། says:
    ལོ་ 13 སྔོན།

    ལས་ཀྱི་རྣམ་པ་སྨིནཔ་་ནི་ཨོའོ་བསམ་མི་ཁྱབ།།
    བརྩེ་བས་བདག་ཉིད་ཅན་ཨོའོ་དུད་འགྲོར་སྐྱེས་ཤག།།
    དཀོན་མཆོག་མཆོད་དོ།།།

    Reply
  4. བསྟན་འཛིན་དགའ་བ། says:
    ལོ་ 13 སྔོན།

    གནས་ཚུལ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེ་ཆེ། བོད་ཀྱི་དུས་བབ་ཀྱི་གསར་འགྱུར་འགོད་སྟངས་འདི་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་འགྲོ་སྟངས་ཀྱི་རྗེས་ཟིན་གྱི་འདུག གོང་གི་པར་གྱི་ནང་དུ་བལྟས་པ་ཡིན་ན་ཆུ་ཁོང་པའི་སྒོའི་ཕྱེད་ཀ་བར་བསླེབས་འདུག གོ་ཐོས་ལྟར་ན་ཁ་སང་དང་དེ་རིང་བསམ་ཡས་གླིང་དུ་ཆུ་སྔར་ལས་ཤུགས་ཆེན་པོ་རྒྱས་ཡོད་ས་རེད། མ་འོངས་པར་རྒྱ་གར་གཞུང་དང་བོད་གཞུང་ལ་ཞུས་ཏེ་ཆུ་མ་ཡོང་གོང་གི་རག་དང་དགྲ་མ་ཡོང་གོང་གི་མཚན་གྲ་སྒྲིག་ཅིག་བྱེད་དགོས་ཀྱི་འདུག སྔོན་མ་ནས་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་ལ་གཉིས་ཀྱི་རྙོག་དྲའི་ཐོག་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས་ཕྱག་ལས་མང་པོ་གནང་ཡོད་པ་རེད། ད་ནང་སྲིད་བཀའ་བློན་ཡིན་དུས་ཐད་ཀར་འབྲེལ་བ་ཆགས་ཡོད་པ་རེད། ནུས་པ་ཡོད་ན་འདོན་ཚད་ལ་སླེབས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese