མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་གུར་ནང་མི་ ༢༧ དམར་གསོད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཡུ་གུར་རང་སྐྱོང་ཁུལ་སན་སན་རྫོང་ལི་ཁི་ཆིན་གྲོང་བརྡལ་དུ་ཡུ་གུར་བ་དང་ཉེན་རྟོག་པའི་བར་ཟིང་འཁྲུག་གི་དོན་རྐྱེན་ཞིག་བྱུང་སྟེ་ཁྱོན་མི་གྲངས་ ༢༧ དམར་གསོད་བཏང་འདུག

༢༠༠༩ ལོའི་བདུན་ལྔ་ཡུ་གུར་ངོ་རྒོལ་ཆེན་མོའི་དུས་དྲན་ཐེངས་ ༤ པ་བསླེབ་ལ་ཉེ་སྐབས། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ ཡས་མས་སུ། རྒྱ་ནག་ཡུ་གུར་རང་སྐྱོང་ཁུལ་ཌུར་བྷན་(Turban)སན་སན་རྫོང་ལི་ཁི་ཆིན་གྲོང་བརྡལ་དུ་ཡུ་གུར་བ་ཁག་ཅིག་གིས་ལག་ཏུ་གྲི་སོགས་བཟུང་སྟེ། ས་གནས་ཉེན་རྟོག་ལས་ཁུངས་དང་སྲིད་གཞུང་གི་ལས་ཁུངས་ལྟེ་གནས་སོགས་སུ་གཏོར་རྒོལ་དང་། ཉེན་རྟོག་ལས་ཁུངས་དང་ཉེན་རྟོག་པའི་རླངས་འཁོར་མེར་བསྲེགས་བཏང་ཡོད་པ་མ་ཟད། ངོ་རྒོལ་ཟིང་འཁྲུག་ཁྲོད་ཁྱོན་མི་གྲངས་ ༢༧ དམར་གསོད་བཏང་ཡོད་འདུག

རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཐེངས་འདིའི་དམར་གསོད་ཁྲོད་ཉེན་རྟོག་པ་སོགས་སྲིད་གཞུང་གི་ལས་བྱེད་ ༩ དང་མི་སེར་དཀྱུས་མ་ ༨ ། ངོ་རྒོལ་བ་ ༡༠ བཅས་འདས་གྲོངས་སུ་གྱུར་བ་དང་། མི་ ༣ ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་ཡོད་པ། ཟིང་འཁྲུག་ཁྲོད་ངོ་རྒོལ་བ་ ༣ འཛིན་བཟུང་བྱས་ཤིང་། བྲོས་བྱོལ་དུ་སོང་བའི་ངོ་རྒོལ་བ་ཚོ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་ལུགས་བརྗོད་འདུག

ཡུལ་དངོས་སུ་རྟོག་ཞིབ་བྱེད་མཁན་གྱི་ལས་བྱེད་པ་ཞིག་གིས་འཛིན་བཟུང་བྱས་པའི་ངོ་རྒོལ་བ་ ༣ ལ་འདྲི་གཅོད་བྱེད་སྐབས་སྐད་ཆ་གང་ཡང་བཤད་མེད་ནའང་། ཡུ་གུར་ལྷོ་རྒྱུད་དུ་དམ་དྲག་ནན་པོ་བྱས་ཡོད་སྟབས། ཁོ་ཚོ་བྱང་ཤར་གྱི་ལྷིང་འཇགས་ས་ཆ་དེར་ཡོང་ནས་ཟིང་འཁྲུག་བསླངས་བར་ཚོད་དཔག་བྱེད་ཀྱི་ཡོད་སྐོར་དང་། གདུག་རྩུབ་ཆེ་བའི་དམར་གསོད་དང་གཏོར་བཅོམ་བྱེད་སྟངས་ལ་བལྟས་ན་ཁོ་ཚོ་ཆེད་དུ་སྦྱོང་བརྡར་ཐོབ་མཁན་ཤ་སྟག་ཡིན་ལུགས་སོགས་བརྗོད་འདུག

ས་གནས་ཡུ་གུར་བ་ཚོས་ཐེངས་འདིའི་ཟིང་འཁྲུག་གི་འབྱུང་རྐྱེན་སྐོར་བརྗོད་པ་ལྟར་ན། ཡུ་གུར་ཁུལ་དུ་གནད་དོན་ཅི་ཞིག་བྱུང་ཡང་རྒྱ་གཞུང་གིས་དཔྱད་ཞིབ་མི་བྱེད་པར་ཐད་ཀར་ཡུ་གུར་མི་མང་ལ་ནག་ཉེས་འཛུགས་པ་དང་། སྲིད་གཞུང་གི་མི་སྣ་ཚོས་དྲག་སྤྱོད་པ་རྩད་གཅོད་བྱེད་པར་ཁ་གཡར་ནས་ཡུ་གུར་མི་མང་གི་སྡོད་གནས་སོགས་ལ་གང་བྱུང་སྔོག་བཤེར་བྱེད་པ་མ་ཟད། སྐྱེས་པ་རྣམས་ཀྱི་ཁ་སྤུ་བཞར་དགོས་པ་དང་བུད་མེད་ཚོའི་གདོང་རས་ལེན་དགོས་པ་སོགས། ཡུ་གུར་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བཙན་གནོན་གཏོང་བཞིན་པ་བཟོད་མ་ཐུབ་པར་ངོ་རྒོལ་བྱས་ཚུལ་བརྗོད་འདུག

ཁ་སང་འཇར་མན་དུ་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་བྷི་ལི་ཤཱ་ཡིས་གོང་གི་དོན་རྐྱེན་དེའི་ཐད་འབོད་སྐུལ་གནང་དོན།  “  རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་ལ་སྦ་གསང་དང་འཁྱོག་བརྗོད་སྣ་ཚོགས་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡུལ་དངོས་སུ་སོང་ནས་འབྲེལ་ཡོད་ཀྱི་གནད་དོན་ལ་རྟོག་ཞིབ་དང་། རྒྱ་གཞུང་གི་བྱེད་སྟངས་ནོར་འཁྲུལ་ཅན་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ། རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་ལ་འཁྱོག་བརྗོད་མི་བྱེད་པར་གནད་དོན་དེའི་སྔ་གཞུག་གི་འབྱུང་རྐྱེན་བཅས་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་རྒྱུར་ང་ཚོས་རེ་སྐུལ་བྱེད་བཞིན་ཡོད། ” ཅེས་སོགས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist