མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ལྐོག་ཇུས་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ལྐོག་ཏུ་རྩོད་རྙོག་ཡོད་པའི་མཚོ་གླིང་དུ་རླངས་སྣུམ་མཁོ་འདོན་ལྟེ་གནས་ཤིག་གསར་འཛུགས་བྱེད་བཞིན་པར་ཉི་ཧོང་གིས་ངོ་རྒོལ་བྱས་འདུག

ཕྱི་ལོ་ ༢༠༡༠ ཙམ་ནས་ཉི་ཧོང་གི་ཤར་རྒྱུད་མཚོ་གླིང་བདག་དབང་ཐད་ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་མང་དུ་བྱུང་ཡོད་པ་ལྟར། ཉེ་ཆར་རྩོད་རྙོག་ཡོད་པའི་མཚོ་གླིང་དང་བར་ཐག་ཉེ་སར་རྒྱ་གཞུང་གིས་གསང་བའི་ཐོག་ནས་རླངས་སྣུམ་མཁོ་འདོན་ལྟེ་གནས་ཤིག་གསར་འཛུགས་བྱེད་བཞིན་པ་ཉི་ཧོང་གིས་ཤེས་རྟོགས་བྱུང་སྟེ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་ཉི་ཧོང་ནང་སྲིད་བློན་ཆེན་ཅན་ཡའི་ཝེ་ཡིས་གསར་འགོད་ལྷན་ཚོགས་སྟེང་ “ ཉི་ཧོང་ཤར་རྒྱུད་ཀྱི་མཚོ་གླིང་ལ་མཐའ་མཚམས་ཀྱི་དབྱེ་བ་གསལ་བོ་མེད་སྟབས། རྒྱ་ནག་གཞུང་གིས་ཉི་ཧོང་དང་གྲོས་མོལ་མ་བྱས་པར་ལྐོག་ནས་རླངས་སྣུམ་མཁོ་འདོན་ལྟེ་གནས་གསར་འཛུགས་བྱེད་བཞིན་པར་མོས་མཐུན་གཏན་ནས་མེད། ” ཅེས་བརྗོད་འདུག  

ཉི་ཧོང་གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གི་བྱེད་ཐབས་དེ་ ༢༠༠༨ ལོར་ཉི་རྒྱ་གཉིས་བར་བཞག་པའི་ཤར་རྒྱུད་མཚོ་གླིང་གི་རླངས་སྣུམ་མཁོ་འདོན་གྲོས་ཆོད་དང་འགལ་ཡོད་འདུག གྲོས་ཆོད་དེའི་ནང་དུ་གང་མགྱོགས་ཀྱིས་མཚོ་གླིང་གི་ཐོན་ཁུངས་ཐུན་མོང་གིས་རྒྱ་སྐྱེད་གཏོང་རྒྱུ་ཐག་གཅོད་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་མཚོ་གླིང་གི་ཚོང་ལས་འབྲེལ་བ་མུ་མཐུད་གཉེར་བར་གྲོས་ཆོད་བཞག་ཡོད་ཀྱང་། ༢༠༡༠ ལོར་ཉི་རྒྱ་གཉིས་ཀྱི་མཚོ་གྲུ་གདོང་ཐུག་གི་དོན་རྐྱེན་བྱུང་རྗེས། རྒྱ་ནག་ཕྱོགས་ནས་མཚོ་གླིང་གི་ཚོང་ལས་འབྲེལ་བ་མཚམས་འཇོག་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་མ་ཧྭ་ཁྲིན་ཡིན་གྱིས། “ ཉི་ཧོང་གིས་ངོ་རྒོལ་ཡོད་སྐོར་བརྗོད་པ་དེ་དང་ལེན་བྱེད་རྒྱུ་མིན་ལ། རྒྱ་ནག་གིས་རང་གི་མངའ་ཁོངས་སུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བར་རྩོད་གླེང་བྱུང་དགོས་དོན་གང་ཡང་མེད། ” ཅེས་རྒྱལ་ཁབ་གཉིས་བར་གྱི་མཚོ་གླིང་དབྱེ་མཚམས་ལ་ངོས་ལེན་བྱས་མེད་པ་མ་ཟད། མཚོ་གླིང་གི་བདག་དབང་རྩོད་རྙོག་གིས་ཕན་ཚུན་བར་འགལ་ཟླ་བྱུང་རྐྱེན། མིག་སྔར་རྒྱལ་ཁབ་གཉིས་བར་གྲོས་མོལ་གྱི་ཐབས་ལམ་ཆད་དེ། ཉི་ཧོང་གིས་རྒྱ་ནག་ཕྱོགས་ནས་མངའ་ཁོངས་རྒྱ་སྐྱེད་ཀྱིས་མཚོ་གླིང་བདག་བཟུང་བྱེད་བཞིན་པར་འགོག་སྲུང་བྱེད་ཐབས་བྲལ་ཡོད་འདུག དེའི་ཐད་ཉི་རྒྱ་གཉིས་བར་གྱི་ཆབ་སྲིད་དཔྱད་བརྗོད་པ་ཞིག་གིས། ད་ལྟ་རྒྱ་གཞུང་གིས་མཚོ་གླིང་དུ་རླངས་སྣུམ་ཁེ་ལས་རྒྱ་སྐྱེད་གཏོང་རྒྱུ་རང་དབང་གི་གནས་བབ་ཅིག་ཏུ་གྱུར་ཡོད་སྐོར་བརྗོད་འདུག

ཕྱི་ཚེས་ ༥ ཉིན། ཉི་ཧོང་གི་སྲིད་འཛིན་ཤིན་ཟོ་ཨཱ་བྷི་ (Shinzō Abe ) ལགས་ཀྱིས་རྒྱ་གཞུང་ལ་རྒོལ་གཏམ་སྤེལ་དོན།  “ བྱ་སྤྱོད་དེ་རྒྱལ་ཁབ་གཉིས་ཀྱི་མཚོ་གླིང་གྲོས་ཆོད་དང་འགལ་ཡོད་པ་གསལ་བོ་ཡིན་སྟབས། རྒྱ་ནག་གི་བྱ་སྤྱོད་དེ་ལ་ང་ཚོ་ཧ་ཅང་བློ་ཕམ་བྱུང་། ” ཞེས་རྒྱ་གཞུང་གིས་ཉི་རྒྱ་གཉིས་བར་བཞག་པའི་མཚོ་གླིང་གྲོས་ཆོད་ལ་སྲུང་གཙི་བྱེད་དགོས་པའི་འབོད་སྐུལ་གནང་འདུག

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༧ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese