མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མན་ཌེ་ལ་དགུང་ལོ་༩༥ ཕེབས་པའི་འཁྲུངས་སྐར།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནི་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སིན་མན་ཌེ་ལཱ་མཆོག་དགུང་གྲངས་ ༩༥ ལ་ཕེབས་པའི་འཁྲུངས་སྐར་རྟེན་འབྲེལ་མཛད་སྒོ་དེ་སྨན་ཁང་དུ་ཚོགས་ཡོད་འདུག  

དེ་རིང་ཕྱི་ཚེས་ ༡༨ ཉིན་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་ནེལ་སིན་མན་ཌེ་ལཱ་མཆོག་དགུང་གྲངས་ ༩༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་། ཉེ་སྔོན་ཞིག་ནས་ཁོང་གི་གློ་ཚད་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་སྨན་ཁང་དུ་བཞུགས་ཡོད་སྟབས། འཁྲུངས་སྐར་མཛད་སྒོ་དེ་ཕེར་ཌོབ་རཱེ་(Pretoria)སྨན་ཁང་དུ་གཏོང་དགོས་བྱུང་ཡོད་པ་དང་། ཁ་སང་ནས་བཟུང་ལྷོ་ཨ་ཧྥི་རི་ཀའི་མི་མང་གིས་སྨན་ཁང་དེའི་སྒོ་རྭའི་ནང་དང་། རྩིག་ངོས་སོགས་སུ་སྐྱེས་ཆེན་ཁོང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་སྣ་ཚོགས་དང་མེ་ཏོག་སོགས་གང་སར་བཞག་ཡོད་པ་མ་ཟད། ཁོང་གི་ན་ཚ་དྲག་སྐྱེད་བྱུང་སྟེ་གང་མགྱོགས་ཁྱིམ་དུ་ལོག་ཐུབ་པར་སྨོན་འདུན་ཞུ་བཞིན་ཡོད་འདུག

ནེལ་སིན་མན་ཌེ་ལཱ་མཆོག་གིས་ལོ་ངོ་ ༦༧ རིང་མི་རིགས་དཀར་ནག་དབྱེ་འབྱེད་ལ་ཁ་གཏད་དང་རང་དབང་འཐབ་རྩོད་སོགས་ཀྱི་རླབས་ཆེན་མཛད་རྗེས་ཁག་ལ་ཡི་རངས་དང་རྗེས་དྲན་ཆེད། ༢༠༠༩ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ནི་རྒྱལ་སྤྱིའི་མན་ཌེ་ལ་ཉིན་མོ་(Mandela International Day)ཞེས་གཏན་འབེབས་བྱས་ཡོད་པ་དང་། ལྷོ་ཨ་ཧྥི་རི་ཀའི་མི་མང་གིས་ཀྱང་མལ་ཁོང་གི་སྐྱེ་སྐར་ཉིན་ལ་མན་ཌེ་ལཱ་ཉིན་མོ་( Mandela Day )ཞེས་སྲུང་གཙི་རྒྱ་ཆེན་པོ་བྱེད་བཞིན་ཡོད་ལ། མན་ཌེ་ལཱ་ཐེབས་རྩ་ཚོགས་པས་ཀྱང་མི་མང་གིས་དང་བླངས་ཐོག་སྐར་མ་ ༦༧ རིང་སྤྱི་ཚོགས་དགེ་རྩའི་ལས་དོན་བསྒྲུབ་དགོས་པའི་འབོད་སྐུལ་ཞུས་འདུག

ད་རེབ་མལ་ཌེ་ལཱ་མཆོག་དགུང་གྲངས་ ༩༥ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར། འཛམ་གླིང་ནང་སྐད་གྲགས་ཆེ་བའི་མི་སྣ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་ཡེ་ཤུ་བླ་ཆེན་ཌེ་སུ་མོན་ཊུའུ་ཊུའུ་( Desmond Tutu)། ཨ་རིའི་སྲིད་འཛིན་ཟུར་བ་ཁུ་ལིན་ཌོན(Bill Clinton)། གློག་བརྙན་འཁྲབ་སྟོན་པ་མོར་གྷན( Morgan Freeman) དབྱིན་ཡུལ་གྱི་ཚོང་པ་རི་ཆར་ཊི( Richard Branson) སོགས་ཀྱིས་བརྙན་པར་བརྒྱུད་དེ། ཁོང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། ཁོང་གི་བྱམས་བརྩེའི་རིན་ཐང་དང་ཀུན་ཕན་ལྷག་བསམ་བཅས་ལ་བསྔགས་བརྗོད་གནང་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༧ དབྱིན་ཇིའི་བརྙན་འཕྲིན་ལས་ཁང་( Sky TV) ཞེས་པས་ནེལ་སིན་མན་ཌེ་ལཱའི་བཟའ་ཟླ་གཉིས་པའི་བུ་མོ་ཛིན་ཌེ་ཛེ( Zindzi) ལ་བཅར་འདྲི་བྱས་པའི་ལན་དུ། ཁོང་མོས་“  ཁ་སང་སྨན་ཁང་དུ་ཨ་ཕར་ཐུག་འཕྲད་དུ་འགྲོ་སྐབས། ཁོང་གིས་ང་ཚོར་འཛུམ་མདངས་བསྟན་པ་དང་ལག་པ་ཚུར་བརྐྱངས་ཏེ། མིག་ཟུང་ལས་བརྩེ་བ་དང་དགའ་སྣང་བསྟན་སོང་བས། ཁོང་གི་ནད་ཚ་དྲག་སྐྱེད་ཀྱིས་གང་མགྱོགས་རང་ཁྱིམ་དུ་འགྲོ་ཐུབ་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད ”ཅེས་བརྗོད་འདུག

ཕྱི་ཟླ་ ༦ པའི་ཚེས་ ༢༦ ཉིན་གསར་ལམ་ཁག་ཏུ། མན་ཌེ་ལཱ་མཆོག་ལ་དབུགས་གཏོང་ལེན་གྱི་ཡོ་བྱད་དང་སྨན་ཁབ་སོགས་བརྒྱབ་པ་མ་གཏོགས་ཀླད་པ་དང་སྙིང་གི་བྱེད་ལས་ཉམས་ཡོད་ཚུལ་དཀྲོགས་གཏམ་ཞིག་ཁྱབ་ཡོད་ཀྱང་། སྨན་ཁང་དང་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཇད་ཁོད་ཛོ་མཱ་( Jacob zuma) སོགས་ཀྱིས་མལ་ཌེ་ལཱ་མཆོག་གི་ན་ཚ་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་ཁོང་དྲན་པ་བརྒྱལ་བ་སོགས་ཀྱི་གནས་ཚུལ་བྱུང་མེད་ལ། ན་ཚའི་གནས་སྟངས་ད་སྔ་རྒྱུན་ལྡན་ཐོག་གནས་ཡོད་སྐོར་བརྗོད་འདུག

ཉེ་སྔོན་མན་ཌེ་ལ་མཆོག་གི་སྐུའི་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་སྨན་ཁང་དུ་ཕེབས་དགོས་བྱུང་རྗེས། མན་ཌེ་ལཱའི་ཚ་བོ་མལ་ཊི་ལཱ་(Mandla Mandela) དང་། མལ་ཌི་ལཱའི་བཟའ་ཟླ་དང་པོའི་བུ་མོ་མཱ་ཀཱ་ཛི་ནེ( Makazine Mandela) གཉིས་བར། མལ་ཌེ་ལཱ་མཆོག་སྐུ་གྲོངས་པ་ཡིན་ན་ཁོང་གི་སྐུ་ཕུང་གང་དུ་དུར་སྦས་བྱེད་མིན་ཐོག་རྩོད་རྙོག་ཆེན་པོ་བྱུང་ཡོད་པ་དང་། མཐར་རྩོད་རྙོག་དེ་ཁྲིམས་ཁང་གིས་ཐག་གཅོད་བྱས་པར། མན་ཌེ་ལ་སྐུ་གྲོངས་རྗེས་སྐུ་ཕུང་ཁོང་གི་ཁྱིམ་རྒྱུད་དུར་ས་ཁུ་ནུ(  Qunu) ཞེས་པར་འཇོག་དགོས་པའི་ཐག་གཅོད་བྱས་ཡོད་པ་མ་ཟད། དེ་དང་མཉམ་དུ། ཚ་བོ་མལ་ཊི་ལཱས་ ༢༠༡༡ ལོར་མན་ཌེ་ལཱ་མཆོག་གི་བུ་གཉིས་དང་བུ་མོ་གཅིག་བཅས་ཀྱི་དུར་སྒམ་ཁོ་རང་གི་གཞིས་ཀ་ཨམ་ཝེ་ཛོ་( Mvezo)ཞེས་པར་ཁྱེར་ཏེ་ཕ་གཞིའི་བསྟི་གནས་ཁང་གསར་འཛུགས་བྱ་འཆར་ཡོད་པ་དེ་ཡང་། ཁུ་ནུའི་དུར་ས་རུ་སླར་གནས་སྤོ་བྱེད་དགོས་པའི་བཅད་ཁྲ་བཏང་ཡོད་འདུག 

གཞན། མན་ཌེ་ལཱ་མཆོག་གི་རིགས་རྒྱུད་ཨ་བྷ་ཐེན་བྷོ་(Aba Thembu)ཞེས་པའི་མགོ་ཁྲིད་སུས་བྱེད་དང་། ཁོང་གི་ཁྱིམ་རྒྱུད་ནང་མ་དངུལ་ཨ་སྒོར་དུང་ཕྱུར་ལྷག་གི་ཚོང་ལས་ཡོད་པ་རྣམས་སུ་ལ་བདག་མིན་བཅས་ཀྱི་སྐོར་ལ་རྙོག་དྲ་མུ་མཐུད་ལྷག་ཡོད་འདུག

མན་ཌེ་ལཱ་མཆོག་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྨན་ཁང་དུ་བཞུགས་དགོས་བྱུང་རྗེས། ཁོང་གི་མི་ཚེ་ནང་གི་འགྱོད་པ་ཆེ་ཤོས་དེ་ནི་ཁོང་གིས་བུ་ཕྲུག་ཚོར་བྱམས་བརྩེའི་གཟིགས་སྐྱོང་ཡག་པོ་ཞིག་གནང་མ་ཐུབ་པ་དེ་ཡིན་སྐོར་གསར་ལམ་ཁག་ཏུ་གསུངས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༢ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༢༤ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་དང་། སྐུ་ཚེ་ཡུན་བརྟན་ཤོག །

    Reply
  2. དཀོན་མཆོག་རྒྱ་མཚོ། says:
    ལོ་ 13 སྔོན།

    སྐྱེས་ཆེན་དམ་པོ་ཁོང་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་མྱོང་ཡོད་པ་མ་ཟད། གཞན་འཛམ་གླིང་ཐོག་གི་གཟེངས་རྟགས་དང་མཚན་གནས་མང་པོ་གནང་ཡོད་པ་རེད། བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་མཇལ་འཕྲད་ཐེངས་འགར་གནང་ཡོད། ཡིན་ནའང་ད་རེས་ཁོང་གི་བརྒྱུད་པ་དག་གིས་མེས་པའི་རོ་བདག་བརྩད་དེ་ནང་འཛིང་བྱས་པ་དེ་ཡག་པོ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese