མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་དམག་གི་ལ་བ་འཕུད་དེ་དགོངས་སེལ་ཞུས་ན་ངོས་ལེན་མེད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཁམས་རྟའུ་ཉ་མཚོ་དགོན་གྲོང་གི་སེར་སྐྱ་མང་ཚོགས་ཚོས་སྐུའི་འཁྲུངས་སྐར་སྲུང་གཙི་གནང་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་བོད་མིར་རྨས་སྐྱོན་ཚབས་ཆེན་བྱུང་བར། བོད་མི་ཚོས་དགོངས་སེལ་ཞུ་དགོས་ཚུལ་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་སྨན་རིན་སྤྲོད་རྒྱུ་ཁས་ལེན་བྱས་པ་མི་མང་གིས་ངོས་ལེན་བྱས་མི་འདུག  

ཉེ་ཆར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་ཚ་མཚོ་དགོན་དུ་སེར་སྐྱ་མི་མང་གིས་འཁྲུངས་སྐར་སྲུང་གཙི་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་མི་མང་གི་འགྲོ་ལམ་བཀག་པ་དང་། མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་སྐྱ་སེར་ ༡༤ ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། བོད་མི་ ༡༨ འཛིན་བཟུང་གིས་གཅར་རྡུང་བཏང་སྟེ་རྨས་སྐྱོན་བཟོས་ཡོད་སྟབས། མེ་མདའ་ཕོག་པ་དང་འཛིན་བཟུང་གིས་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་མཁན་བཅས་ཁྱོན་མི་ ༣༢ ཙམ་ལ་ད་ལྟ་སྨན་བཅོས་བྱེད་ཀྱིན་ཡོད་ཀྱང་། དམག་མིས་དམ་དྲག་འོག་ཁོང་ཅག་གི་གནས་སྟངས་གསལ་ཁ་མེད་པ་ཆགས་ཡོད་འདུག  

གསར་འགོད་པས་ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཟླ་འདིའི་ཚེས་ ༦ ཉིན་གྱི་བོད་ནང་གི་ཞོཊ་པའི་ཆུ་ཚོད་ ༦།༠༠ ཡས་མས་ལ་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚོས་དགོན་པའི་ནང་ཚོགས་ཚོགས་ཏེ་༸གོང་ས་མཆོག་གི་ཞབས་བརྟེན་གསོལ་འདེབས་སྐྱོར་བ་དང་། སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཁ་བཏགས་བསྒྲོན་འབུལ། དགོན་པའི་ནང་བསང་གསོལ་བཅས་གྲུབ་རྗེས། ཉ་མཚོ་དགོན་པའི་གྲྭ་བ་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་། ཉེ་འཁོར་གྱི་ཡུལ་མི་བཅས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གཞི་བདག་རྨ་ཆེན་སྦོམ་རའི་གནས་རིར་འཛོམས་ཏེ། ཆུ་ཚོད་ཕྱེད་ཀ་ལྷག་གི་རིང་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་སྐབས། རྒྱ་གཞུང་གི་ཉེན་རྟོག་པའི་རླངས་འཁོར་ ༤ དང་དམག་མིའི་རླངས་འཁོར་ ༧ བཅས་ཡོང་སྟེ། རྨ་ཆེན་སྦོམ་རའི་ཉེ་འཁོར་གྱི་ས་ཆ་ཡོངས་སུ་བསྐོར་ཡོད་འདུག

མི་མང་གིས་གསང་གསོལ་བཏང་ཚར་རྗེས་གཞི་བདག་རྨ་ཆེན་སྦོམ་རའི་ཉེ་འདབས་ཀྱི་ཟམ་ཁ་བརྒྱུད་ཕྱིར་ལོག་སྐབས། ཉེན་རྟོག་པ་དང་དམག་མིས་མི་མང་གི་ལམ་ཁ་བཀག་པ་མ་ཟད། རྒྱུ་མཚན་མེད་པར་རྒྱལ་གཅེས་དཔའ་མོ་དཔལ་ལྡན་ཆོས་མཚོའི་གཅུང་པོ་ཉ་མཚོ་དགོན་པའི་གྲྭ་བྱང་ཆུབ་རྡོ་རྗེ་ལཊ་ཀྱི་རླངས་འཁོར་ལ་རྡོ་གཞུས་ཏེ་སྒེའུ་ཁུང་བཅག་ཡོད་སྟབས། མི་མང་དང་དམག་མིའི་བར་ཁ་འཛིང་ཤོར་ཡོད་པ་དང་། མི་མང་གིས་དམག་མི་ཚོས་རླངས་འཁོར་ལ་རྡོ་གཞུས་པར་དགོངས་སེལ་ཞུ་དགོས་ཚུལ་བརྗོད་པར། དམག་མིས་སྒྲིག་ཆས་ཕུད་དེ་དགོངས་སེལ་ཞུ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དང་། མི་མང་གིས་སྒྲིག་ཆས་གྱོན་ཏེ་དགོངས་སེལ་ཞུ་དགོས་ཚུལ་རྩོད་གླེང་བྱེད་སྐབས། ཕ་ཡུལ་གསེར་རྟ་རྫོང་ནས་ཡིན་ཞིང་། རྟའུ་རྫོང་གི་ཉེན་རྟོག་པའི་མགོ་ཁྲིད་ཚེ་རིང་མགོན་པོ་ཟེར་བས་མི་མང་ཐོག་རྫིག་རྫིག་བསྟན་ཡོད་འདུག  

སྐབས་དེར་རྟའུ་ཉ་མཚོ་དགོན་པའི་མཁན་རིན་པོ་ཆེ་ཕེབས་ཏེ། ཉེན་རྟོག་མགོ་ཁྲིད་ཚེ་རིང་མགོན་པོར་ཁྱེད་རང་ལས་བྱེད་མཐོན་པོ་རེད། རྙོག་དྲ་ལངས་ཚེ་རྟའུ་མི་མང་ལ་གྱོང་རག་རྒྱུ་ཡིན་པ་དང་། ང་རྟའུ་མི་མང་ལ་རྒྱུས་མངའ་ཡོད་སྟབས་གནས་ཚུལ་ཆེ་རུ་ཕྱིན་ན་ཡག་པོ་མེད་སྐོར་གྱི་གནས་ལུགས་བཤད་དེ་ཞུ་བྱས་ཀྱང་། ཚེ་རིང་མགོན་པོས་ཉན་འཇོག་མི་བྱེད་པར། དམག་མི་དང་ཉེན་རྟོག་པར་དྲག་གནོན་བྱེད་དགོས་པའི་བཀའ་བཏང་སྟབས། དེ་མ་ཐག་མང་ཚོགས་ཁྲོད་གང་བྱུང་མེད་མདའ་བརྒྱབ་སྟེ། ཉ་མཚོ་དགོན་པའི་དགེ་བསྐོས་རྒྱ་མཚོ་ལགས་དང་ཕྱག་མཛོད་ཚེ་དབང་ཆོས་འཕེལ། ཕྱག་མཛོད་ཟུར་པ་བཀྲ་ཤིས་བསོད་ནམས། བྱང་ཆུབ་རྡོ་རྗེ། བློ་བཟང་རྡོ་རྗེ། དགེ་ལྡན་ཆོས་གླིང་གི་བཙུན་མ་སྒྲོལ་མ་བུ་ཁྲི། བདེ་ཆེན། ཚོགས་ལས། སྒྲོལ་མ། མདུན་སྐྱ་སྙན་གྲགས། ཁོ་རུ་བཀྲ་ཤིས་རྒྱལ་མཚན། བྲག་ཆུང་ཨོ་རྒྱན་བཀྲ་ཤིས། སྐྱ་གསོ་བཟང་པོ། ཁོ་རུ་ཕྱག་ལས་བཅས་མི་ ༡༤ ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་མང་གི་རླངས་འཁོར་དང་འཕྲུལ་རྟ་མང་པོ་ཞིག་བཅག་སྐྱོན་དང་མང་པོ་ཞིག་གཞུང་བཞེས་བཏང་ཡོད་འདུག

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡས་མས་སུ་དམག་མིས་སྤང་སྣང་ཆོས་སྒྲོན་དང་སྐུ་ནོ་ཡ་མ་ཚེ་རིང་། མདུན་སྐྱ་རྒྱལ་མཚན། རུ་སྙི་ལུང་པའི་དཔལ་ལྡན་དབང་མོ། ཆེ་མཚོ། དབང་མོ། འབའ་ཞབས་ཆོས་དབྱངས། ཇུ་ཆ་བསྟན་འཛིན་ཡར་རྒྱས། ལོ་སྣ་བཀྲ་ཤིས། ཆོས་འཛིན་དབང་མོ། ཉ་མཚོ་དགོན་པའི་ཕྱག་མཛོད་ཡ་མ་དཔལ་ལྡན། བདེ་སྐྱིད་མགོན་པོ། དགེ་ལྡན་ཆོས་གླིང་གི་བཙུན་མ་བློ་བཟང་ཆོས་སྒྲོན། ཚེ་རིང་དབང་མོ། དབང་ཆེན་བཅས་མི་ ༡༥ དང་། མིང་མ་ཤེས་པ་ ༣ བཅས་ཁྱོན་མི་ ༡༨  འཛིན་བཟུང་བྱས་སྟབས། ཕྱི་དྲོར་བྱང་ཆུབ་ཆོས་གླིང་བཙུན་དགོན་གྱི་བཙུན་མ་ཚོས་ཉ་ཞབས་གྲོང་པར་འཛོམས་ཏེ་ཞི་བའི་ངོ་རྒོལ་དང་། སྔགས་སྒོང་བཙུན་མ་ཚོ་མཁར་ལུ་ཆ་གྲོང་པའི་ཟམ་ཆེན་ཉེ་འཁོར་དུ་ངོ་རྒོལ། ཕྱེད་ཀ་རྟའུ་ལྷོ་རི་གནས་ཆེན་མདུན་དུ་ངོ་རྒོལ། རྟའུ་མ་བོ་གྲོང་པའི་ཉེ་འཁྲིས་སུ་ཡོད་པའི་བཙུན་དགོན་གྱི་བཙུན་མ་ཚོ་ན་བ་གྲོང་པའི་ཟམ་ཆེན་ཐོག་ངོ་རྒོལ། ས་གནས་མི་མང་ ༣༠༠༠ ལྷག་རྟའུ་ཉ་མཚོ་དགོན་པའི་ཆོས་རྭའི་ནང་འཛོམས་ཏེ་ཚེས་  ༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢།༠༠ ཙམ་བསྡད་དེ་འཛིན་བཟུང་བྱས་པ་རྣམས་ཀློད་གྲོལ་མ་བཏང་ཚེ་རང་སྲོག་འབུལ་རྒྱུ་ཡིན་ཞེས་སྐད་འབོད་བྱས་སྟབས། རྒྱ་གཞུང་གིས་ཁོང་ཅག་མི་གཏོང་ཐབས་མེད་ཆགས་ཏེ་ཀློད་གྲོལ་བཏང་ཡོད་ཀྱང་། ཞག་གཅིག་མནར་གཅོད་ཚད་མེད་བཏང་སྟེ་ལོ་ ༧༢ ཡིན་པའི་རྒན་པོ་ཡ་མ་ཚེ་རིང་ལགས་ཀྱི་རྩིབ་རུས་བཞི་བཅག་ཡོད་པ་དང་མདུན་སྐྱ་རྒྱན་མཚན་གྱི་རྐང་པ་བཅག་ཡོད་འདུག གྲྭ་མགོ་ལེ་ཡི་རྣ་འོན་པར་བཟོས་པ། སློབ་མ་དཔལ་ལྡན་དབང་མོར་གཅར་རྡུང་ཚད་མེད་བཏང་སྟེ་གསེར་གྱི་རྣ་ལུང་དང་ཆུ་ཚོད་བཅས་བཙན་འཕྲོག་བྱས་ཡོད་འདུག ཀློད་གྲོལ་བ་དག་ཀྱང་རྨས་སྐྱོན་བཟོས་ཡོད་སྟབས་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག

མཇུག་ཏུ་གསར་འགོད་པས་ཁོང་ལ་ས་གནས་མི་མང་གི་ངོས་ནས་ཐེངས་འདིའི་དོན་རྐྱེན་ཐད་གླེང་སློང་གང་འདྲ་བྱེད་ཀྱིན་ཡོད་མེད་དྲིས་པར། ཁོང་གིས “ ཐེངས་འདིར་ཟིང་འཁྲུག་སློང་མཁན་གཏེ་བོ་གསེར་རྟ་ནས་ཡིན་པའི་རྟའུ་རྫོང་གི་ཉེན་རྟོག་པའི་མགོ་ཁྲིད་ཚེ་རིང་མགོན་པོ་ཟེར་བ་དེ་ཡིན་འདུག  ཁོས་བཀའ་མ་བཏང་བར་སྐར་མ་ ༥ ཙམ་ལ་འགྲོ་ཡོད་ན་གནས་ཚུལ་དེ་འདྲ་བྱུང་ཡོད་ས་མ་རེད། གང་ལྟར། ཉིན་དེའི་དགོང་མོ་མི་མང་ནང་དེང་ཕྱིན་རྟའུ་རྫོང་གི་རླངས་འཁོར་ཆ་ཚང་བཀག་འགོག་བྱ་རྒྱུ་དང་། ཕྲུ་གུ་གཅིག་ཀྱང་རྒྱ་མིའི་སློབ་གྲྭར་མི་གཏོང་བར་ཕྱིར་ནང་དུ་འཁྲིད་ཡོང་རྒྱུ། ས་ཞིང་གཅིག་ཀྱང་རྨོ་འདེབས་མི་བྱེད་རྒྱུ་སོགས་གྲོས་བསྡུར་བྱས་ཡོད་འདུག རྒྱ་ནག་གཞུང་གིས་རྨས་མ་ཚོར་སྨན་བཅོས་ཀྱི་དངུལ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་པ་དེ་ཡང་བླངས་མེད་པར། རྟའུ་ཉ་མཚོ་དགོན་པས་རོགས་རམ་བྱེད་ཀྱི་ཡོད་འདུག ད་ལྟའི་ཆར་མེ་མདའ་ཕོག་མཁན་དང་། འཛིན་བཟུང་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་པའི་བོད་མི་ཚང་མ་ཉེན་རྟོག་པའི་ལྟ་རྟོག་འོག་སྨན་བཅོས་བྱེད་ཀྱིན་ཡོད་སྟབས་གནས་སྟངས་ཅི་ཆགས་ཤེས་རྟོགས་མེད་པ་ཆགས་འདུག” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དྲ་བརྙན་ཚན་པའི་ཐད་གཏོང་ལས་བླངས། ༢༠༢༣། ༩ ། ༢༠
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབས་གནང་། 

༢༠༢༣/༠༩/༢༠
གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་སོང་།

༢༠༢༣/༠༩/༡༩
གཞི་རིམ་མི་མང་གིས་རེ་འབོད་ལས་འགུལ་སྤེལ་བའི་ཡུལ་དངོས།  ༢༠༢༣ ། ༩ ། ༡༩ བོད་ཀྱི་དུས་བབ་ཀྱི་པར།
Mobile App

གཞི་རིམ་མི་མང་ལྔ་བརྒྱ་ལྷག་གིས་ཞི་བའི་ལས་འགུལ་སྤེལ་གྱིན་འདུག 

༢༠༢༣/༠༩/༡༩
གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

༢༠༢༣/༠༩/༡༩

མཆན། 2

  1. བསྟན་ཆོས། says:
    ལོ་ 10 སྔོན།

    ༡) ཕྱི་བ་ཚོས་འདི་ལ་རྒྱབ་རྩའི་ལས་འགུལ་གང་དག་ཇི་ལྟར་སྤེལ་དགོས་སམ།
    ༢)འདི་ནང”འཁྲུངས་སྐར་སྲུང་གཙི”ཞེས་དངོས་སུ་བརྗོད་པས་གནོད་ཅུང་ཙམ་འདུག་སྙམ། དེ་ལ་བསམ་ཚུལ་རེ་གནོངས།

    Reply
  2. དཀོན་མཆོག་རྒྱ་མཚོ། says:
    ལོ་ 10 སྔོན།

    རྟའུ་ཚ་མཚོ་དགོན་པ་དེ་དཔའ་བོའི་དགོན་པ་ཞིག་རེད། སྔོན་མ་ཡང་དགེ་འདུན་པ་མང་པོ་ཞིག་གིས་སྔོན་ལ་རས་དཀར་པོའི་ཐོག་བོད་དོན་འཁོད་པའི་འཕྲེད་དར་འཕྱར་ཡོད་པ་ཞིག་ཚང་མས་མཐོང་ཡོད་པ་རེད། དེ་རྗེས་ནས་ཀྱང་གྲྭ་བཙུན་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རབས་དང་རིམ་པ་སྤེལ་ཡོད་པ་རེད།
    གོང་གི་པར་ནང་གི་མང་ཚོགས་སྐྱ་སེར་རྣམས་ཀྱིས་རྒྱ་དམག་སྔོན་པོའི་གདུང་ན་ལངས་བསྡད་ཡོད་པ་མཐོང་ན་ཧ་ཅང་འཇིགས་ཡེར་བ་ཞིག་དང་། བོད་རྒྱའི་བར་གྱི་འགལ་བ་ཚད་གཞི་མཐོན་པོ་ཞིག་ལ་སླེབས་ཡོད་པ་མཐོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist