མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་འཁོར་གྱིས་མི་ ༧༧ བསད་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

སི་པན་རྒྱལ་ཁབ་ཀྱི་རང་སྐྱོང་ས་ཁུལ་གྷེལ་ལི་ཤི་ནང་མེ་འཁོར་བརྡབ་སྐྱོན་ཤོར་ཏེ་འགྲུལ་བཞུད་པ་ ༧༧ རྐྱེན་འདས་དང་མི་ ༡༤༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཡུལ་དེའི་ཆུ་ཚོད་༨།༤༡ སྟེང་སི་པན་གྱི་རྒྱལ་ས་ནས་གྷེལ་ལི་ཤིའི་གྲོང་ཁྱེར་ཧྥེ་རོལ་( Ferrol)ཞེས་པར་སྐྱོད་བཞིན་པའི་མྱུར་བགྲོད་མེ་འཁོར་ཞིག་སི་པན་ནུབ་བྱང་རང་སྐྱོང་མངའ་ཁུལ་གྷེལ་ལི་ཤིའི་གྲོང་ཁྱེར་སན་ཤི་ཡ་གྷོ་ཊི་( Santiago de Compostela) ཡི་ཉེ་འཁྲིས་སུ། ལྕགས་ལམ་ཐོག་ནས་འགྲེད་བརྡབ་ཤོར་ཏེ་མི་ ༧༧ རྐྱེན་འདས་དང་། མི་ ༡༤༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག  

སི་པན་ལྕགས་ལམ་བཟོ་སྐྲུན་ལས་ཁུངས་ཀྱིས་མེ་འཁོར་དེའི་ནང་འགྲུལ་བ་དང་ཞབས་ཞུ་བ་ཁྱོན་མི་ ༢༣༨ ཙམ་ཡོད་པ་དང་། མེ་འཁོར་དེ་གྲོང་ཁྱེར་སན་ཤི་ཡ་གྷོ་ཊིའི་ས་ཚུགས་སུ་མ་འབྱོར་བའི་སྤྱི་ལེ་ ༤ ཙམ་གྱི་སར་འགྲེད་བརྡབ་ཤོར་ཡོད་ཅིང་། ད་སྔ་རྒྱུ་རྐྱེན་ཅི་ཡིན་དང་མི་ཤི་རྨས་ཀྱི་གྲངས་ཀ་ཏན་ཏན་ཞིག་བཤད་ཐབས་མེད་སྐོར་སི་པན་བརྙན་འཕྲིན ( AFP)བརྒྱུད་བརྗོད་འདུག  

ལྕགས་ལམ་ཆེད་མཁས་པས་བརྗོད་པ་ལྟར་ན། མེ་འཁོར་བརྡབ་སྐྱོན་བྱུང་དོན་གཙོ་བོ་ནི། མེ་འཁོར་ཁ་ལོ་བས་ལྕགས་ལམ་ཅུང་ཁུག་ཀྱོག་ཡིན་ས་རུ་མེ་འཁོར་མྱུར་ཚད་ཚོད་འཛིན་མ་བྱས་སྟབས། མེ་འཁོར་ལྕགས་ལམ་ལས་ཁ་ཤོར་ཏེ་འགྲེད་བརྡབ་དོན་རྐྱེན་བྱུང་བ་ཡིན་ཚུལ་བརྗོད་ཡོད་པ་དང་། སི་པན་གཞུང་ཕྱོགས་ནས་ད་སྔ་དོན་རྐྱེན་དེའི་སྐོར་ལ་གསལ་བཤད་གང་ཡང་བྱས་མི་འདུག

དོན་རྐྱེན་དེ་བྱུང་མ་ཐག་སི་པན་གཞུང་གིས་ཆེད་མཁས་རྟོག་ཞིབ་མི་སྣ་དང་སྨན་པའི་རུ་ཁག་རྒྱལ་ས་མལ་ཊིར་ཊི( Madrid) ནས་ཆེད་བཏང་གནམ་གྲུ་བརྒྱུད་ས་གནས་སུ་བཏང་སྟེ་གནས་ཚུལ་ལ་ཞིབ་འཇུག་དང་རྨས་མ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། དེ་རིང་སྔ་དྲོར་སི་པན་གྱི་སྲིད་བློན་རཱ་ཇོ( Mariano Rajoy)ལགས་ཡུལ་དེར་ཕེབས་ཏེ་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་དང་རྨས་སྐྱོན་ཕོགས་མཁན་དག་ལ་ཐུག་འཕྲད་སེམས་གསོ་བྱས་ཡོད་འདུག  

དེ་རིང་ཕྱི་ཚེས་ ༢༥ ཉིན་ནི་ཡུལ་དེར་སྐད་གྲགས་ཆེ་བའི་ཡེ་ཤུའི་སྐྱེས་ཆེན་སཱན་ཌི་ཇམ་སི་ ( Saint James) མཆོག་ལ་རྗེས་དྲན་བྱེད་པའི་ཡེ་ཤུ་ཆོས་ལུགས་ཀྱི་དུས་ཆེན་ཞིག་ཏུ་ཁེལ་ཡོད་ཀྱང་། མེ་འཁོར་བརྡབ་སྐྱོན་གྱི་གནས་ཚུལ་དེ་བྱུང་འཕྲལ་རྗེས་དྲན་མཛད་སྒོ་མཚམས་འཇོག་བྱས་ཏེ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག སྐྱེས་ཆེན་སཱན་ཌི་ཇམ་སི་མཆོག་ནི་སྟོན་པ་ཡེ་ཤུའི་ཐུགས་སྲས་ ༡༢ ཡོད་པའི་ནང་གི་གཅིག་ཡིན་ཞིང་། ཁོང་སྐུ་གྲོངས་རྗེས་གྲོང་ཁྱེར་འདིའི་ནང་དུར་སྦས་བྱས་ཡོད་པའི་ལོ་རྒྱུས་ཡོད་འདུག  

ཐེངས་འདིའི་མེ་འཁོར་དོན་རྐྱེན་ནི་སི་པན་གྱི་མེ་འཁོར་དོན་རྐྱེན་གྱི་ལོ་རྒྱུས་ཁྲོད་མི་གྲངས་མང་ཤོས་དེ་ཆགས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

སྐར་མ ༤༥ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese