མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་ཌ་ཌའི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༣/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་པུ་ནེ་གྲོང་ཁྱེར་དུ་ཧིན་རྡུའི་རྣལ་འབྱོར་པ་ཌ་ཌ་མཆོག་གི་འཁྲུངས་སྐར་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་བྱམས་བརྩེ་སྐོར་ལ་བགྲོ་གླེང་གནང་འདུག

 ཁ་སང་ཚེས་ ༢༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༣༠ སྟེང་། ༧གོང་ས་མཆོག་རྒྱ་གར་གྱི་མ་ཧ་རཱ་ཤཱི་ཊི་རཱ་(MP) མངའ་སྡེའི་གྲོང་ཁྱེར་པུ་ནེ་(Pune) ནང་རྟེན་གཞི་བྱས་པའི་ཧིན་རྡུའི་རྣལ་འབྱོར་ཝ་སི་ཝཱ་ནེ་ལྟེ་གནས་ཁང་(Sadhu Vaswani Mission) གི་གོ་སྒྲོག་འོག ལྟེ་གནས་ཁང་དེའི་དབུ་འཛིན་རྣལ་འབྱོར་པ་ཆེ་མོ་ཌ་ཌ་ཝ་སི་ཝཱ་ནེ་(Dada J.P vaswani) མཆོག་དགུང་གྲངས་ ༩༥ ལ་ཕེབས་པའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨ་མེར་ཁན་(Aamir Khan) གྱིས་མདོ་འཛིན་འོག ༧གོང་ས་མཆོག་དང་ཧིན་རྡུའི་རྣལ་འབྱོར་བ་ཆེ་མོ་ཌ་ཌ་བཅས་ཀྱིས་བྱམས་བརྩེ་དང་ཀུན་སྤྱོད། བསམ་བློ་སོགས་ཀྱི་སྐོར་ལ་ཆུ་ཚོད་ ༢ རིང་དྲི་བ་དྲིས་ལེན་གྱི་བགྲོ་གླེང་ཞིག་གནང་ཡོད་ཅིང་། དེར་མི་ ༥༠༠༠ ལྷག་མཉམ་ཞུགས་བྱུང་འདུག

བགྲོ་གླེང་གི་ཐོག་མར་ཨ་མེར་ཁན་གྱིས་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་གཉིས་ལ་སོ་སོའི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དྲི་བ་བཏང་བར། ཌ་ཌ་མཆོག་གིས་བྱམས་རྩེའི་ངོས་འཛིན་དང་འཛམ་གླིང་ནང་ཆོས་ལུགས་རིས་མེད་ཀྱི་སློབ་སྦྱོང་དར་སྤེལ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་དང་། ༧གོང་ས་མཆོག་གིས་ཌ་ཌའི་བཀའ་ལན་དེར་རྒྱབ་སྐྱོར་དང་སྦྲགས་ཆོས་ལུགས་ཀུན་ལ་བརྩི་མཐོང་སྤྲོད་པའི་ཤེས་ཡོན་ལྟེ་གནས་ཁང་གང་མང་དགོས་སྐོར་གསུངས་འདུགཨ་མེར་ཁན་གྱིས་༧གོང་ས་མཆོག་ལ་བདེ་སྐྱིད་ཀྱི་གོ་དོན་དྲིས་པར། བདེ་སྐྱིད་ནི་དགའ་བདེ་གཅིག་པུ་ལས་འབྱུང་དགོས་པའི་ངེས་པ་མེད་པ་དང་། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མར་བདེ་སྐྱིད་འཐོབ་པའི་ཐོབ་ཐང་གཅིག་མཚུངས་ཡོད་སྐོར་གསུངས་འདུགརྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་རིས་མེད་ཀྱི་ཀུན་སྤྱོད་འཇོག་དགོས་པ་དང་། དེང་གི་ཤེས་ཡོན་ཁྲོད་བྱམས་བརྩེའི་རིན་ཐང་དང་འདོད་ཆུང་ཆོག་ཤེས། སྒྲིག་ཁྲིམས། བཟོད་བསྲན་སོགས་སློབ་དགོས་སྐོར་གསུངས་འདུག

 བྱམས་བརྩེ་སྐོར་གྱི་དྲི་བ་དྲིས་ལན་སྐབས་༧གོང་ས་མཆོག་གིས་ “ངའི་ཆོས་ནི་བྱམས་པ་དང་རྩེ་བ་ཡིན་”ཞེས་དང་། ཕ་མའི་བྱམས་རྩེ་ཡིས་མི་ཞིག་གི་བསམ་བློར་ཇི་ལྟར་ཤུགས་རྐྱེན་ཐེབས་མིན་ཐད་“ངའི་ཨ་མ་གྲོང་གསེབ་ཀྱི་ཞིང་པ་ཡིག་རྨོངས་པ་ཞིག་ཡིན། འོན་ཀྱང་། ཁོང་གིས་ང་ལ་བརྩེ་སེམས་ཀྱི་རྩ་བའི་བསླབ་བྱ་གནང་བྱུང་། ད་ལྟ་ངས་བྱམས་དང་བརྩེ་བ་རྗོད་ཀྱི་ཡོད་པ་འདི་ཁོང་གི་ས་ནས་སྦྱངས་པ་ཡིན” ཞེས་གསུངས་འདུག་ལ། ཨ་མེར་ཁན་གྱིས་ཀྱང་“ང་རང་ཆུང་དུས་པིང་པོང་(Table Tenis) རྩེད་རྒྱུར་དགའ་བོ་དང་ཡག་པོ་རྩེད་ཀྱི་ཡོད། རྟག་པར་ང་རྩེད་མོ་རྩེ་ས་ནས་ཕྱིར་ནང་དུ་ལོག་ཡོང་དུས་ཨ་མས་ང་ལ་རྒྱལ་ཁ་ཐོབ་ཡོད་མེད་འདྲི་ཡི་རེད། ངས་ཐོབ་སོང་ལབ་སྐབས་ཨ་མ་དགའ་ནས་ང་ལ་འཐམ་གྱི་ཡོད། ངས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ནི། ང་ག་དུས་ཐོབ་ན་ཨ་མས་ངའི་འགྲན་ཡ་ཤོར་མཁན་དེའི་སྐོར་འདྲི་བ་རེད་ལ། མོས་ང་ལ་འགྲན་ཡ་ཤོར་མཁན་དེ་ད་ལྟ་ནང་ལ་འབྱོར་ཡོད་པ་མ་ཟད། ཁོང་གི་ཨ་མས་ང་ནང་བཞིན་སོ་སོའི་བུ་ལ་སྐད་ཆ་འདྲི་ཡི་ཡོད་པ་རེད། མོས་སོ་སོའི་བུ་ཤོར་པ་གོ་དུས་ཏན་ཏན་མ་སྐྱིད་པ་ཡོང་གི་ཡོད་པ་རེད། མ་རེད་དམ་ཞེས་གཞན་དོན་ལ་སེམས་ཁུར་བྱེད་པ་ནི་ཁོང་གིས་མི་གཞན་ལ་བཟུང་པའི་བྱམས་རྩེ་རེད། དེས་ང་ལ་ཤུགས་རྐྱེན་ཐེབས་ཡོད་”ཅེས་བརྗོད་འདུག

ཡང་༧གོང་ས་མཆོག་གིས་ “ང་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གིས་འདི་འདྲ་བཤད་སྐབས་ཁྱེད་ཚོ་ཧང་སངས་སྲིད་ཀྱང་། ཞལ་འདོན་གྱི་ནུས་སྟོབས་ཐད་ང་རང་ཅུང་དོགས་པ་ཡོད། གང་ཡིན་ཟེར་ན། གལ་སྲིད་དཀའ་ངལ་རིགས་དཀོན་མཆོག་གིས་བཟོས་པ་ཡིན་ན། དཀའ་ངལ་དེ་དག་དཀོན་མཆོག་གིས་སེལ་ཐུབ་ངེས་རེད། འོན་ཀྱང་། དཀའ་ངལ་རིགས་ང་ཚོས་བཟོས་ཡོད་སྟབས་ང་ཚོས་སེལ་དགོས་རེད། དཀའ་ངལ་རིགས་ལག་ལེན་ཐོག་ནས་སེལ་དགོས་པ་རེད་མ་གཏོགས་གསོལ་བ་སྨོན་ལམ་བཏབས་ནས་སེལ་མི་ཐུབ། ང་རང་ཞལ་འདོན་དང་སྒོམ་སྒྲུབ་ལ་ཡིད་ཆེས་བྱེད་མཁན་ནང་པའི་དགེ་སློང་ཞིག་རེད། ཡིན་ནའང་ང་ཚོས་ལས་འབྲས་ལའང་ཡིད་ཆེས་བྱེད་དགོས་རེད། ཚང་མ་ལས་ག་རེ་བྱས་པ་ལས་འབྱུང་གི་ཡོད་རེད་མ་གཏོགས་ཞལ་འདོན་དང་སྨོན་ཚིག་ལས་འབྱུང་གི་མེད། ”ཅེས་གསུངས་འདུག

ཨ་མེར་ཁན་གྱི་དྲི་བ་ཞིག་ཏུ་ཌ་ཌ་མཆོག་གིས་ “མི་ཞིག་ཡིན་ན་དུས་རྒྱུན་སེང་གེ་ལྟ་བུ་ཞིག་བྱ་དགོས་པ་ལས་ཁྱི་ལྟ་བུ་ཞིག་བྱ་མི་རུང་པ་དང་། གལ་སྲིད་ཁྱེད་ཀྱིས་ཁྱི་ཞིག་གི་མདུན་དུ་རུས་པ་ཞིག་གཡུག་ཚེ། ཁྱི་དེ་རུས་པའི་རྗེས་སུ་རྒྱུག་འགྲོ་བ་རེད། གལ་སྲིད་ཁྱེད་ཀྱིས་སེང་གེ་ཞིག་ལ་མེ་མདའ་བརྒྱབ་པ་ཡིན་ན། སེང་གེ་དེས་མེ་མདའ་རྒྱག་མཁན་ཕྱོགས་སུ་རྒྱུག་ཡོང་གི་རེད། དེ་ནང་བཞིན་ང་ཚོར་དོན་རྐྱེན་གང་ཞིག་བྱུང་ཡང་དེའི་ཐད་བསམ་བློ་བཏང་མ་བསྡད་པར། དོན་རྐྱེན་གྱི་འབྱུང་རྩ་ཤེས་པར་བྱ་དགོས” ཞེས་གསུངས་འདུག 

ཡང་ཨ་མེར་ཁན་གྱིས་ཕོ་མའི་བརྩེ་དུང་ཕྱོགས་ནས་ཁོང་རྣམ་པ་གཉིས་ལ་བཀའ་འདྲི་ཞུས་སྐབས། ཌ་ཌ་མཆོག་གིས་ཁོ་རང་ཆུང་ཆུང་སྐབས་བརྩེ་དུང་གི་ཚོར་བ་བསླེབས་མྱོང་ཡོད་སྐོར་གསུངས་འདུག་ལ། ༧གོང་ས་མཆོག་གིས་བདེ་སྐྱིད་ལྡན་པའི་བཟའ་ཟླའི་འབྲེལ་ལམ་ཐད་ནས་ཕྱིའི་མཛེས་སྡུག་ལྡན་པའི་རྣམ་པ་ལས་ནང་གི་མཛེས་སྡུག་ལ་ངོས་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེ་བར་གསུངས་འདུག མཐར་ཨ་མེར་ཁན་གྱིས་མང་ཚོགས་ཚོར་འགྲན་རྩོད་ཁྲོད་ཡིན་ཡང་སྙིང་རྗེ་ལྡན་པ་དང་སོ་སོའི་ཁ་གཏད་ཀྱང་འགྲོ་བ་མི་ཞིག་ཡིན་པར་བལྟ་དགོས་སྐོར་དང་སྦྲགས་ཆུ་ཚོད་གཉིས་རིང་གི་བགྲོ་གླེང་མཇུག་བསྡུས་ཡོད་པ་རེད།

གཞན་ཕྱི་ཚེས་ ༢༨ ཉིན་༧གོང་ས་མཆོག་གིས་པུ་ནེ་གྲོང་ཁྱེར་གྱི་ཤེ་ཝ་རྗེ་མ་ཧཱ་རཱ་ཇི་ལོ་རྒྱུས་འགྲེམས་སྟོན་ཁང་(Shivaji Maharaj Museum of India History) དུ་ཆིབས་བསྒྱུར་དང་། དེར་བོད་པའི་འགྲེམས་སྟོན་ཚན་པ་ཞིག་དབུ་འབྱེད་ཀྱང་གནང་ཡོད་འདུག

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. པདྨའི་དྲི་བསུང་། says:
    ལོ་ 13 སྔོན།

    གང་གི་གྲངས་མེད་བསྐལ་པའི་སྔོན་རོལ་ནས།།གདུལ་དཀའ་ཁ་བ་རི་པའི་སྐྱེ་འགྲོ་རྣམས།།དགྱེས་བརྩེའི་ཐུགས་ཀྱིས་ནམ་ཡང་མི་འདོར་ཞེས།།བརྒྱ་ཕྲག་དམ་བཅའ་ཁུར་དུ་བཞེས་མིན་ནམ།། མཁན་འཇིགས་ཕུན་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese