མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ཚབ་ཁག་ཅིག་སྒོ་རྒྱག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་ཏེ་བཟའ་ཉི་མའི་ཉིན་རྒྱལ་ཁབ་ཁག་ཅིག་ནང་གི་ཨ་རིའི་གཞུང་ཚབ་དང་གཞུང་ཚབ་ཡན་ལག་ཁག་ཅིག་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་ཟེར། 

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་འཛམ་གླིང་རྒྱལ་ཁབ་ཁག་ཅིག་ནང་གི་ཨ་རིའི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་ཁག་ཅིག་གི་བདེ་འཇགས་ཆེད་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་ཞེས་བཀོད་འདུག

ཨ་རིའི་རྒྱལ་དོན་ལས་ཁུངས་གྱི་མགྲིན་ཚབ་ལྕམ་མཱ་ཁུ་ར་ཡ་ཧར་ཧྥུ་ ( Marie Harf )ལགས་ཀྱིས་གསར་འགོད་པར “ ང་ཚོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་ཁང་ཁག་ཅིག་གནས་སྐབས་རིང་སྒོ་རྒྱག་དགོས་པའི་ལམ་སྟོན་བྱས་པ་དེ་ནི། ཨ་རིའི་རྒྱལ་དོན་ལས་ཁུངས་ལ་སྙན་གསེང་ཞུས་བའི་ཐོག་ནས་བདེ་འཇགས་ཉེན་སྲུང་བྱས་པ་ཞིག་ཡིན” ཞེས་བརྗོད་འདུག སྐབས་དེར་གསར་འགོད་པ་ཚོས་རྒྱལ་ཁབ་གང་དག་ནང་གི་གཞུང་ཚབ་སྒོ་རྒྱག་རྒྱུ་ཡིན་མིན་དང་། བསྐྱར་དུ་ག་དུས་སྒོ་ཕྱེ་ཐུབ་མིན་དྲིས་པར། “ ས་གནས་ཁག་སོ་སོའི་གནས་སྟངས་ལ་གཞིགས་ཏེ་མ་འོངས་པར་བསྐྱར་དུ་སྒོ་ཕྱེ་རྒྱུ་རེད”ཅེས་གཞུང་ཚབ་གང་དག་སྒོ་རྒྱག་མིན་གྱི་དྲི་བར་ལན་འདེབས་བྱས་མི་འདུག

ཨ་རིའི་ཕྱི་འབྲེལ་དུས་དེབ་ཐོག་གནས་ཚུལ་བཀོད་པར། ཟླ་འདིའི་ཕྱི་ཚེས་ ༤ ཉིན། ཇོར་ཌན་(Jordan)དང་ཨི་ཇིབ་(Egypt)། ཁུ་ཝེ་(Kuwait)། ལེ་བྷེ་ཡ་(Libya)། ཨི་སི་རེལ་(Israel)། ཨི་རག་(Iraq)། ཊོབ་ཧ་(Doha)། སོལ་ངྷི་ཨ་རབ་(Saudi Arabia)། ཡེ་མན་(Yemen)། བྷང་ག་ལ་(Bangladesh)་བཅས་ཀྱི་རྒྱལ་ཁབ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་ཁག་གིས་སྒོ་རྒྱག་རྒྱུ་ཡིན་སྐོར་བཀོད་འདུག

གནས་ཚུལ་འདིའི་སྐོར་ལ་ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་ཨན་བྷི་སི་ (NBC) གསར་ཁང་ལ་བརྗོད་པ་ལྟར་ན།  ཁ་ཆེའི་རྒྱལ་ཁབ་ཁག་ནང་གི་ཨ་རིའི་གཞུང་ཚབ་ཁང་སོ་སོས་ནམ་རྒྱུན་གཟའ་ཉི་མ་འཆར་ཅན་ལྟར་ལས་ཀ་བྱེད་ཀྱིན་ཡོད་ཀྱང་། འཇིགས་སྐུལ་པས་གཞུང་ཚབ་ཁང་ཁག་ཅིག་ལ་འཇབ་རྒོལ་བྱེད་སྲིད་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་བརྟེན། དཀྱིལ་ཤར་ཡུལ་གྲུ་ཁག་གི་ཨ་རིའི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་ཁག་ཅིག་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་བ་ཞིག་ཡིན་ཚུལ་བརྗོད་འདུག

ཐེངས་འདིར་ཨ་རིའི་གཞུང་གིས་གནས་ཚུལ་དེའི་རྒྱབ་སྐྱོང་དང་རྒྱུ་རྐྱེན་སྐོར་གསལ་བཤད་གང་ཡང་བྱས་མེད་ཀྱང་། ནེའུ་ཡོག་བྷི་ཨད་སི་ (CBS) གསར་ཁང་གིས་བརྗོད་ན། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨལ་ཁཱ་ཌ་(al-Qaeda) འཇིགས་སྐུལ་ཚོགས་པས་དཀྱིལ་ཤར་ཡུལ་གྲུའི་ཁ་ཆེའི་རྒྱལ་ཁབ་ཁག་དང་། དེ་མིན་གྱི་ཁ་ཆེའི་ལུང་པ་ཁག་གི་ཨ་རིའི་གཞུང་ཚབ་དང་གཞུང་ཚབ་ཡན་ལག་ཁག་ཅིག་ལ་འཇབ་རྒོལ་བྱེད་འཆར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟབས་ཨ་རིའི་གཞུང་གིས་ཐག་གཅོད་དེ་བྱས་པ་ཡིན་སྐོར་བརྗོད་འདུག

གནད་དོན་ཆེད་མཁས་ཚོས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཏེ་རེས་གཟའ་ཉི་མའི་ཉིན་ནི། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དགུང་ལོ་ ༥༢ ལ་ཕེབས་པའི་སྐྱེས་སྐར་དང་། ཨི་རན་གྱི་སྲིད་འཛིན་གསར་བ་ཧཱ་སན་རོབ་ཧཱ་ནེ་ ( Hassan Rowhani) ལགས་ཀྱིས་སྲིད་འཛིན་དམ་འབུལ་གྱི་མཛད་སྒོ་བཅས་དུས་མཉམ་དུ་ཁེལ་ཡོད་སྟབས། འཇིགས་སྐུལ་པས་གོ་སྐབས་འདི་བརྒྱུད་དེ་ཨ་རིའི་གཞུང་ཚབ་ཁང་ཁག་ཏུ་འཇབ་རྒོལ་བྱེད་སྲིད་པར་ཚོད་དཔག་བྱས་འདུག

ན་ནིང་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ལེ་བྷེ་ཡ་རྒྱལ་ཁབ་ཀྱི་གྲོང་ཁྱེར་བྷན་ངྒ་ཛི་ (Benghazi) ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ཁང་དུ། ཁ་ཆེ་འཇིགས་སྐུལ་པས་འཇབ་རྒོལ་བྱས་ཏེ། གཞུང་ཚབ་ཆེན་མོ་གཙོས་པའི་ཨ་རིའི་མི་སེར་གསུམ་དམར་གསོད་བཏང་པ་དེར། ཨ་རིའི་གྲོས་ཚོགས་ཀྱིས་ཨོ་བྷ་མའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༤ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese