མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱབ་སྐྱོར་གྱི་མཚན་རྟཊ་བསྡུ་རུབ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་དབུས་རྒྱུན་གྱིས་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གྲྭ་བློ་བཟང་དཀོན་མཆོག་ལགས་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རྒྱུ་ཡིན་ཟེར།  

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་རྒྱ་གཞུང་གིས་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་ལགས་ལ་མི་བསད་པའི་ཉེས་མིང་འོག་ལོ་གཉིས་འཕར་འགྱངས་ཀྱིས་སྲོག་ཁྲིམས་བཅད་པ་དང་། ཁོང་གི་ཚ་བོ་བློ་བཟང་ཚེ་རིང་ལགས་ལ་ལོ་ ༡༠ ཁྲིམས་ཐག་བཅད་པ་ཕྱིར་བསྒྲགས་བྱས་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་མདོ་སྨད་དབུས་ས་གཉིས་ནས་སང་ཉིན་དམངས་གཙོའི་ཉིན་མོ་ནས་མགོ་འཛུགས་ཀྱིས་བདུན་ཕྲག་གཅིག་རིང་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས། གྲྭ་བློ་བཟང་དཀོན་མཆོག་ལགས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་ཡོང་བར་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་གནང་སྟེ། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་རྒྱལ་ཁབ་ཁག་གི་གཞུང་ཚབ་བཅས་ལ་ཐད་ཀར་སྦྲག་ཐོག་བརྒྱུད་འབོད་སྐུལ་སྙན་ཞུ་འབུལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

སྐབས་དེར་མདོ་སྨད་དབུས་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། ད་ལྟའི་བར་བོད་ས་ཡོངས་ནས་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཉེས་མིང་སྣ་ཚོགས་འོག ཁྱོན་མི་ ༧༠ ཙམ་འཛིན་བཟུང་དང་ཁྲིམས་ཆད་བཅད་པ་ཤེས་རྟོགས་བྱུང་ཡོད་སྐོར་དང་འབྲེལ་འབོད་སྐུལ་གནང་དོན། “བོད་ནང་རང་སྲེག་གི་དོན་རྐྱེན་རྒྱུན་མ་ཆད་པར་བྱུང་བཞིན་པ་དང་། རྒྱ་གཞུང་གིས་བོད་དུ་བོད་མིའི་ཐོག་ཆབ་སྲིད་བཙན་གནོན་དང་མི་རིགས་དབྱེ་འབྱེད།  དཔལ་འབྱོར་བཤུ་གཞོག  བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་བཅས་པ་རྩ་མེད་ཀྱི་སྲིད་ཇུས་རྒྱུན་མཐུད་སྤེལ་བཞིན་པ་མ་ཟད། རང་སྲེག་བྱུང་ཡུལ་ས་གནས་སུ་བོད་མིར་བརྙས་གཙེར་བརྡབ་གསིག་གི་ལས་འགུལ་སྣ་ཚོགས་སྤེལ་ཏེ། བོད་རིགས་མང་ཚོགས་རྣམས་མགོན་མེད་སྐྱབས་མེད་ཀྱི་འཇིགས་དངངས་ཁྲོད་ཉིན་མཚན་འཁྱོལ་དཀའི་འཚོ་བ་སྐྱེལ་བཞིན་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་གི་རང་སྲེག་དོན་རྐྱེན་གྱི་འབྱུང་རྐྱེན་ངོ་མ་དང་བྱུང་རིམ་བཅས་པར་ཞིབ་འཇུག་བྱེད་མཁན་རང་དབང་ཅན་གྱི་ཚོགས་ཆུང་ཞིག་འཕྲལ་དུ་བོད་ནང་གཏོང་ཐབས་ཀྱིས་རྒྱ་གཞུང་གིས་གཉའ་གནོན་གདུག་རྩུབ་ཅན་གྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་ཡོང་ཐབས་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་ཚུལ་ཞི་འཇགས་ཡོང་ཐབས། བློ་བཟང་དཀོན་མཆོག་གཙོས་པའི་མ་ཉེས་ཁག་གཡོག་གིས་སྲོག་ཁྲིམས་སོགས་ཉེས་ཁྲིམས་སྣ་ཚོགས་འོག་ཚུད་བཅུག་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་ཡོང་བའི་གནོན་ཤུགས་ནུས་ལྡན་སྤྲོད་དགོས” ཞེས་བརྗོད་སོང་།

དེ་རྗེས་མདོ་སྨད་དབུས་དྲུང་ཆེ་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས། རྒྱ་གཞུང་གིས་དང་ཐོག་རང་ལུས་མེར་བསྲེགས་ཀྱི་གནད་དོན་བྱུང་མྱོང་མེད་ལུགས་ཀྱི་དྲིལ་བསྒྲགས་བྱས་ཏེ་གསང་ཐབས་བྱས་ཡོད་པ་དང་། བར་ལམ་ནས་རང་ལུས་མེར་བསྲེགས་བསྟུད་མར་བྱུང་སྟེ་གསང་ཐབས་མེད་པར་གྱུར་སྐབས། མེར་སྲེག་མཁན་རེ་འགའ་བྱུང་ཡང་བཟའ་ཚང་མ་འཆམ་པ་དང་སེམས་ཁམས་ཐང་པོ་མིན་ལུགས་ཀྱི་འཁྱོག་བརྗོད་བྱས་པ་དང་། རིམ་གྱིས་མེར་སྲེག་གཏོང་མཁན་གྱི་ཁྱིམ་མིར་བཙན་དབང་དང་ལྐོག་རྔན་སྤྲད་དེ་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཁ་བསྒྱུར་ཐབས་བྱས་ཡོད་པ་མ་ཟད། གྲོང་སྡེ་དེར་གཞུང་གི་ལོ་རེའི་རོགས་དངུལ་སྤྲོད་རྒྱུ་མིན་པ་སོགས་ཀྱི་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་བཞིན་ཡོད་པ་མཉམ་དུ། ཕྱི་ལོགས་ནས་བརྒྱུད་སྐུལ་དང་བཙན་སྐུལ་བྱེད་ཀྱི་ཡོད་པའི་འཁྱོག་བརྗོད་བྱེད་བཞིན་ཡོད་པ་ལྟར། བློ་བཟང་དཀོན་མཆོག་གི་ཁྲིམས་ཆད་དེ་ཕྱི་ལོགས་ཀྱི་བཙན་སྐུལ་དང་བརྒྱུད་སྐུལ་འོག་ཏུ་ཚུད་དེ། སོ་སོའི་ཁྱིམ་མིར་རང་ལུས་མེར་བསྲེགས་གཏོང་བར་ངན་སྐུལ་བྱས་ཡོད་པའི་ཉེས་མིང་བཏགས་ཏེ་ཁྲིམས་ཆད་བཅད་ཡོད་པ་ངོ་སྤྲོད་དང་འབྲེལ། མདོ་སྨད་རྒྱུན་ལས་ཀྱི་ངོས་ནས་མ་འོངས་པར་མུ་མཐུད་དེ་སྒྲོལ་མ་སྐྱབས་སོགས་འདི་རིགས་ཀྱི་གནད་དོན་རྣམས་རྒྱལ་སྤྱིའི་སྡིངས་ཆ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་སོགས་མིའི་རིགས་ཀྱི་ཐོབ་ཐང་དང་བདག་དབང་ལ་གཅེས་འཛིན་བྱེད་མཁན་གྱི་ཚོགས་སྡེ་དང་མི་སྒེར་སོགས་ལ་འབོད་སྐུལ་རིམ་པར་བྱེད་པའི་འཆར་གཞི་ཡོད་ལུགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༥ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༢༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    བཟང་གི རྗེས་སུ་ཡི་རང་ཞུ། བློ་བཟང་དཀོན་མཆོག་ལགས་དང་སྒྲོལ་མ་སྐྱབས་ལགས་གཉིས་ལ་ཉེས་འཛུགས་བྱས་པ་རིགས་མཐུན་ཞིང་ཉེན་ཚབས་ཆེ་བས་འདིར་ཆབས་ཅིག་ཏུ་གཙོ་བོར་འཛིན་འོས་སོ།

    Reply
  2. བསྟན་ཆོས། says:
    ལོ་ 13 སྔོན།

    མདོ་དྲུང་གིས”རིམ་པར་བྱེད་པའི་འཆར་གཞི་ཡོད་”གསུངས་པ་དེ<སྐྱེ་བ་ཟད་རྗེས་སྐྱེ་ལྡན་རུལ་བུ་སྤྲོད་པ་>རང་མ་ཡིན་ནམ། སྒྲོལ་སྐྱབས་ནི་སང་གསོད་གནང་གསོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese