མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་སེ་རི་ཡར་དམག་རྒྱག་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་ནང་སེ་རི་ཡའི་གཞུང་ལ་དམག་རྒྱག་རྒྱུ་ཐག་གཅོད་བྱུང་ཡོད་པ་དང་། མི་འགྱངས་པར་གྲོས་ཚོགས་འོག་མའི་ནང་མང་མོས་བལྟ་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རེ་ (John Kerry) གཙོས་བདེ་སྲུང་དྲུང་ཆེ་ཧད་གྷེལ་( Chuck Hagel) དང་དམག་སྤྱི་ཆེན་མོ་ཊེམ་སའེ་(Gen Martin Dempsey) བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་དང་མཉམ་དུ་སེ་རི་ཡའི་སྲིད་འཛིན་སྦ་ཤཱར་གྱིས་དུག་མཚོན་བེད་སྤྱོད་བཏང་བར། ཨ་རིའི་གྲོས་ཚོགས་ཀྱིས་དུས་བཀག་ཉིན་ ༦༠ རིང་སི་རེ་ཡ་གཞུང་ལ་མཁའ་དམག་གིས་འཇབ་རྒོལ་བྱེད་ཆོག་པ་དང་། གལ་སྲིད་དུས་ཡུན་དེ་བརྒལ་ཚེ་ཟླ་གཅིག་གི་དུས་ཡུན་ནར་འགྱངས་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག ཟླ་འདིའི་ཚེས་༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཨོ་བྷ་མ་གཞུང་གིས་སེ་རི་ཡ་རྒྱལ་ཁབ་ལ་དམག་འཁྲུག་བརྒྱབ་ཆོག་མིན་སྐོར་ལ་འོས་ཤོག་བརྒྱུད་ཐག་གཅོད་བྱེད་རྒྱུ་ཡིན་འདུག

གནད་དོན་འདིའི་སྐོར་ལ་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས། འཛིན་ཨོ་བྷ་མའི་སེ་རི་ཡའི་གཞུང་ལ་མཁའ་དམག་གི་འཇབ་རྒོལ་བྱེད་པའི་འཆར་གཞི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། དེ་ནི་བྱང་ཀོ་རི་ཡ་དང་ཨི་རན་ལྟ་བུའི་རྒྱལ་ཁབ་ཁག་དག་གིས་འབྱུང་འགྱུར་དུག་མཚོན་བེད་སྤྱོད་གཏོང་མི་ཐུབ་པའི་ཉེན་བརྡ་བཏང་བ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་འདུག 

ཕྱི་ཟླ་ ༨ ཚེས་ ༢༡ ཉིན་གྱི་ཞོགས་པར་སེ་རི་ཡ་གཞུང་གིས་ གྱེན་ལོག་ཚོགས་པས་འཛིན་བཟུང་བྱས་པའི་གྲོང་ཚོ་ཨ་ཨིན་ཌར་མཱ་ (Ain Tarma) དང་། རྫ་མཱ་ཁཱ་( Zamalka) སོགས་ལ་དུག་མཚོན་བེད་སྤྱོད་ཀྱིས་མི་ ༡༤༢༩ ལྷག་རྐྱེན་ལམ་བཏང་ཡོད་འདུག ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རི་ཡིས་གྲོས་ཚོགས་ཕྱི་འབྲེལ་ཚོགས་ཆུང་ལ་བརྗོད་དོན། “ རང་ཉིད་ཀྱིས་ཁེར་སྡོད་རྐུབ་སྟེགས་བཟུང་སྟེ་མི་གསོད་ཁྲག་སྦྱོར་བྱེད་མཁན་ལ་ལྟད་མོ་ལྟ་བའི་དུས་སྐབས་ཤིག་མ་རེད” ཅེས་བརྗོད་འདུག ཨ་རིའི་རྒྱལ་དོན་དྲུང་ཆེ་དང་བདེ་སྲུང་དྲུང་ཆེ་གཉིས་ཀྱིས་དམག་མིའི་འཇབ་རྒོལ་གྱིས་སེ་རི་ཡའི་སྲིད་འཛིན་སྦ་ཤཱར་གཞུང་དང་དེའི་དུག་མཚོན་གྱི་ནུས་སྟོབས་ལ་ཚོད་འཛིན་བྱེད་ཐུབ་པར་འགྲེལ་བརྗོད་གནང་འདུག

གྲོས་ཚོགས་ཀྱི་ཚོགས་གཙོ་ཇོན་སྦོ་ནེར་(John Boehner) དང་ཨེ་རི་ཁུ་( Eric Cantor) གཉིས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་རྒྱལ་ཁབ་ནང་ལོགས་ཀྱི་སྲིད་བྱུས་འཛིན་སྟངས་ཁག་གི་རྒྱབ་སྐྱོར་དེ་ཙམ་ཡག་པོ་མེད་ཀྱང་། སེ་རི་ཡ་གཞུང་ལ་དམག་འཁྲུག་རྒྱག་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་དང་། ཁོང་གཉིས་ཀྱིས་དེ་ནི་ཨ་རིའི་རྒྱལ་ཁབ་ཀྱིས་བྱེད་དགོས་པའི་འོས་འགན་ཞིག་ཡིན་པ་དང་། གྲོས་ཚོགས་འཐུས་མི་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མས་སི་རེ་ཡ་གཞུང་གིས་དུག་མཚོན་བེད་སྤྱོད་བཏང་རྗེས་ཀྱི་ཉིན་དེར་བརྗོད་དོན། སི་རེ་ཡ་གཞུང་གིས་དུག་མཚོན་བེད་སྤྱོད་བཏང་བ་དེས་ཨ་རིའི་རྒྱལ་སྲུང་བདེ་འཇགས་དང་ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཚོར་འཇིགས་སྐུལ་བྱས་པར་བརྟེན། དེའི་མཇུག་འབྲས་ཚང་མ་སྲིད་འཛིན་སྦ་ཤཱར་དང་སི་རེ་ཡ་གཞུང་གཉིས་ལ་ཡོད་པ་དང་། སི་རེ་ཡའི་གཞུང་ལ་འཇབ་རྒོལ་བྱེད་པར་ཨ་རིའི་མཁའ་དམག་གཏོང་བ་ལས་རྐང་དམག་བེད་སྤྱོད་མི་གཏོང་བར་ཁས་ལེན་བྱས་ཡོད།

ཨ་རི་གཞུང་གིས་སི་རེ་ཡ་གཞུང་ལ་མཁའ་དམག་གིས་འཇབ་རྒོལ་བྱེད་པར་ཧྥ་རན་སི་སྲིད་འཛིན་ཧོད་ལན་ཊི་( Francois Hollande) ཡིས་རྒྱབ་སྐྱོར་བྱས་ཏེ་ “ དུག་མཚོན་གྱིས་མང་ཚོགས་དམར་གསོད་བྱས་པ་འཛམ་གླིང་མི་མང་གིས་གོ་ཐོས་བྱུང་ཡོད་ལ། དེ་ནི་ཉེས་ཅན་པ་ཡིན་པར་ངེས་པར་དུ་བརྡ་ལན་གསལ་བོ་སྟོན་དགོས་” ཞེས་བརྗོད་འདུག ད་དུང་ཁོང་གིས་ཡུ་རོབ་མཐུན་ཚོགས་ཀྱིས་གནད་དོན་འདིའི་ཐོག་གཅིག་གྱུར་མོས་མཐུན་བྱེད་དགོས་སྐོར་བརྗོད་ཀྱང་། ཁོང་གི་ལངས་ཕྱོགས་དེར་དེ་རིང་ཧྥ་རན་སིའི་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་བྱེད་ཀྱི་ཡོད་འདུག

ཐེངས་འདིར་དབྱིན་ཇིའི་སྲིད་བློན་ཁེ་མེ་རོན་( David Cameron) གྱིས་སི་རེ་ཡའི་སྲིད་འཛིན་སྦ་ཤཱར་གྱིས་དུག་མཚོན་བེད་སྤྱོད་བཏང་བར་སྐྱོན་བརྗོད་བྱེད་པ་ལས། དམག་བཏང་སྟེ་སི་རེ་ཡའི་གཞུང་ལ་རྒོལ་ལན་སློག་རྒྱུར་དབྱིན་ཇིའི་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་མི་འདུག 

ཨུ་རུ་སུའི་གསར་འགོད་མཐུན་ཚོགས་ཀྱིས་སྲིད་འཛིན་པུ་ཌིན་ལ་སི་རེ་ཡའི་གནད་དོན་སྐོར་ལ་བཅར་འདྲི་བྱས་པའི་ལན་དུ། ཁོས་ “ མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆོག་མཆན་མེད་པར་སི་རེ་ཡའི་ནང་ནུབ་ཕྱོགས་རྒྱལ་ཁབ་གང་རུང་གིས་འཇབ་རྒོལ་བྱས་པ་ཡིན་ན། དེ་ནི་བཙན་འཛུལ་བྱེད་པ་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན ” ཞེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཁེ་མོན་( Ban ki-moon) ལགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དམག་དཔུང་གིས་སི་རེ་ཡ་ལ་འཇབ་རྒོལ་བྱས་ན། སི་རེ་ཡའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་དང་། མི་མང་པོའི་ཚེ་སྲོག་ཤོར་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག རྒྱ་ནག་དང་ཨི་རན་གཉིས་ཀྱིས་ཀྱང་སི་རེ་ཡའི་ནང་རྒྱལ་ཁབ་གང་རུང་གིས་དམག་འཁྲུག་རྒྱག་པར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད་འདུག

སང་ཉིན་ཕྱི་ཚེས་ ༥ ཉིན། འཛམ་གླིང་གི་རྒྱལ་ཁབ་༢༠ ( G-20) ཡི་དཔལ་འབྱོར་ཚོགས་འདུ་ཞིག་ཨུ་རུ་སུའི་གྲོང་ཁྱེར་སན་པེ་ཌེར་པར་གྷུར་( St Petersburg) ནང་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་སྲིད་འཛིན་པུ་ཌིན་གཉིས་ཀྱིས་སི་རེ་ཡའི་གནད་དོན་སྐོར་ལ་གྲོས་མོལ་བྱ་འཆར་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

ཆུ་ཚོད་ ༢༡ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༢/༢༣
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དམག་འཁྲུགས་མེད་པའི་ཐོག་ནས་འགོ་ཁྲིད་ལས་བྱེད་བརྗེ་ལེན་བྱ་དགོས།

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    ཨ་རི་ཀུན་ལས་རྣམ་པར་རྒྱལ་ཞིང་དཀོན་མཆོག་གིས་དུས་ཀུན་སྲུང་གྱུར་ཅིག སྒེར་བ་དང་གཞུང་གི་དབང་ཆ་ཁོ་ནའི་ཆེད་མི་མང་མི་ལ་མི་བརྩི་བའི་སྒར་གཅོད་པ་ཁྱུ་ཁྱུ་བྱས་ཏེ། རྩ་མེད་གཏོང་དགོས་པ་དེ། མི་མང་གི་བདེ་སྐྱིད་དང་ཐད་ཀར་འབྲེལ་ཙང། སྣང་མེད་འཇིག་ཐབས་མེད་པ་རེད། ཨ་རི་དམག་ལ་དགའ་བ་མ་ཡིན་ཀྱང། སྦར་ཤུལ་གྱི་སྤྱོད་ངན་ལས་ངན་བྱས་འབྲས་རེད། བཅོས་ཐབས་མེད་ལེ་རེད། ཀུན་པོས་རྒྱབ་སྐྱོར་གནང་རོགས་གནོངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese