མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུང་རབ་མེར་བསྲེག་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མཆོད་དཔོན་ཇོ་ནེ་སི་ཡིས་ཁ་ཆེ་གསུང་རབ་པར་བཤུས་མེར་བསྲེགས་བྱས་ཏེ་ཨ་རིའི་ ༩།༡༡ དུས་དྲན་ཐེངས་༡༢ པ་སྲུང་གཙི་བྱེད་སྐབས་ཉེན་རྟོག་པས་ཁོ་རང་འཛིན་བཟུང་བྱས་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་ཨ་རིའི་ ༩།༡༡ དོན་རྐྱེན་གྱི་དུས་དྲན་ཐེངས་བཅུ་གཉིས་པ་དང་བསྟུན་ཏེ། འཛམ་གླིང་ཕུག་རོན་རོགས་སྐྱོར་ཞབས་ཞུ་བསྟི་གནས་ཁང་གི་མཆོད་དཔོན་ཇོ་ནེ་སི་( Terry Jones) ཡིས། ༩།༡༡ དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་མི་རྣམས་ལ་མྱ་ངན་ཞུ་ཆེད་དུ་མངའ་སྡེ་ཧྥུ་ལོབ་རེ་ཊཱ་(  Florida) ཡི་མོལ་བྷེ་རེ( Mulberry) སྐྱེད་ཚལ་དུ་ཁ་ཆེ་གསུང་རབས་( The Quran) གྱི་པར་བཤུས་གྲངས་ ༢༩༩༨ ཙམ་མེར་བསྲེགས་གཏོང་བར་འགྲོ་བའི་ལམ་བར་དུ། ས་གནས་ཉེན་རྟོག་པས་ཁོ་རང་འཛིན་བཟུང་བྱས་ཏེ་གསུང་རབ་སྐྱེལ་འདྲེན་རླངས་འཁོར་དེ་ཡང་བཀག་འགོག་བྱས་ཡོད་འདུག

ས་གནས་ཉེན་རྟོག་པས་ཁོ་རང་འཛིན་བཟུང་རྗེས་གསར་འགོད་གསར་བསྒྲགས་ཤིག་སྤེལ་བའི་ནང་། མཆོད་དཔོན་ཇོ་ནེ་སི་དང་ཁོའི་མཉམ་རོགས་འགས་རླངས་འཁོར་ནང་ས་སྣུམ་གྱིས་སིམ་པའི་ཁ་ཆེ་གསུང་རབ་སྐྱེལ་འདྲེན་བྱས་པའི་ཁྲིམས་འགལ་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ད་དུང་ཇོ་ནེ་སི་ཡིས་མངོན་གསལ་དད་པོས་མེ་མདའ་བཏགས་ཡོད་པའི་ཉེས་འཛུགས་ཀྱང་བྱས་ཡོད་པ་དང་། རླངས་འཁོར་དེར་མེ་འབར་བའི་ཉེན་ཁ་ཆེན་པོ་ཡོད་སྟབས་གཞུང་ལམ་སྟེང་མུ་མཐུད་འགྲོ་རྒྱུར་བཀག་འགོག་བྱས་སྐོར་བརྗོད་འདུག

༢༠༡༠ ལོའི་ ༩།༡༡ དོན་རྐྱེན་གྱི་དུས་དྲན་སྐབས། ཇོ་ནེ་སི་ཡིས་ཁ་ཆེ་གསུང་རབ་མེར་བསྲེགས་ཀྱི་ཉིན་ཞེས་པའི་སྟེང་ཁ་ཆེ་གསུང་རབས་ ༢༠༠ མེར་བསྲེགས་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་སྟབས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཙོས་རྒྱལ་སྤྱིའི་མགོ་ཁྲིད་ཚོས་རེ་སྐུལ་ལྟར། ཁོས་ཁོ་རང་གི་ཁ་ཆེའི་གསུང་རབ་མེར་བསྲེགས་གཏོང་བའི་ལས་གཞི་ཕྱིར་འཐེན་གྱིས་མ་འོངས་པར་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག

འོན་ཀྱང་ ༢༠༡༡ ལོའི་ཟླ་ ༣ པའི་ནང་ཁོས་ཡང་བསྐྱར་ཁ་ཆེ་ཆོས་ལུགས་ལ་སྐྱོན་བརྗོད་དང་སྦྲགས། ཁོའི་སྣེ་ཁྲིད་པའི་ཡེ་ཤུ་ལྷ་ཁང་དེའི་ནང་ཁ་ཆེ་གསུང་རབ་མེར་བསྲེགས་བཏང་བ་མ་ཟད།  ལ་བ་དང་ཞ་མོ། ཇ་ཕོར་སོགས་ཀྱི་སྟེང་ “ ཁ་ཆེ་གསུང་རབ་ནི་གཤེད་མ་རེད་” ཅེས་བཀོད་དེ་བཀྲམས་པར་བརྟེན། དབུས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་པ་ཀི་སི་ཐན། ཨབ་གྷན་སི་ཐན། ཨིན་ཊོ་ནེ་ཤི་ཡ། བྷང་ག་ལཱ་བཅས་ཀྱི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་ཁ་ཆེ་ཆོས་ཚོགས་ཁ་ཤས་ཀྱིས་གསལ་བསྒྲགས་སྤེལ་ཏེ། སུ་ཞིག་གིས་ཁོ་གསོད་ཐུབ་ན་ཨ་སྒོར་ས་ཡ་ ༡ ཙམ་གྱི་རྔན་པ་སྤྲོད་རྒྱུ་ཡིན་སྐོར་བཤད་ཡོད།  

ཇོ་ནེ་སི་ཡིས་རྒྱལ་སྤྱིའི་ཁ་ཆེ་གསུང་རབ་མེར་བསྲེགས་ཀྱི་ཉིན་མོ་གསལ་བསྒྲགས་བྱས་པ་ནས་བཟུང་ཁོ་རང་ལ་དངོས་ཤུགས་གང་རུང་ནས་འཇིགས་སྐུལ་གྱི་འཕྲིན་ཡིག་འབྱོར་སྟབས། ད་ལྟ། ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་ཁོའི་བདེ་འཇགས་སྲུང་སྐྱོབ་ཐད་ཨ་སྒོར་ས་ཡ་ ༡ ལྷག་གི་འགྲོ་གྲོན་བཏང་ཡོད་འདུག

འཛམ་གླིང་ཕུག་རོན་རོགས་སྐྱོར་ཞབས་ཞུ་བསྟི་གནས་ཁང་(Dove world Outreach Center)ནི། ༡༩༨༦ ལོར་ཨ་རིའི་མངའ་སྡེ་ཧྥུ་ལོབ་རེ་ཊཱའི་ནང་གསར་འཛུགས་བྱས་པའི་ཡེ་ཤུ་ཆོས་ལུགས་གསར་མའི་ལྷ་ཁང་ཞིག་ཡིན། ད་ལྟ་དེའི་ནང་ཚོགས་མི་ ༥༠ ལྷག་དང་། མཆོད་དཔོན་ཇོ་ནེ་སི་དང་ཁོའི་བཟའ་ཟླ་གཉིས་ཀྱིས་གཙོ་སྐྱོང་གནང་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 1

  1. ཕུར་བུ། says:
    ལོ་ 13 སྔོན།

    གསར་འགོད་པ་ལགས། ཕྱི་སྐད་ནང་གི་གནས་ཚུལ་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་གནས་ཚུལ་འདིའི་ནང་དོན་བོད་དང་བོད་དོན་ལ་འབྲེལ་བ་ག་རེ་འདུག དེའི་ཕྱོགས་ལ་བསམ་བློ་བཏང་སྟེ་གནས་ཚུལ་སྤེལ་རྒྱུ་ཧ་ཅང་གལ་ཆེན་རེད། སྤྱི་ཚེས་ ༡༡ ་ཉིན་གསར་འགྱུར་བརྒྱུད་ལམ་གཞན་དག་ནང་དུ་ 911 ་དོན་རྐྱེན་དུས་དྲན་སྲུང་གཙི་བྱེད་སྟངས་གང་འདྲ་ཡིན་མིན་དང་བྷ་རཱག་ཨོ་པཱ་མས་ག་རེ་བཤད་ཡོད་མེད་སོགས་སྲིད་དོན་འགྱུར་ལྡོག་སྐོར་ལ་དཔྱད་ཞིབ་གནང་གི་འདུག དེ་ལ་མཚོན་ན་སྤྱི་སྒེར་ཚང་མར་ཐུགས་ཕན་སོས་པ་ཡོང་གི་རེད་དྲན་གྱི་འདུག་ལགས་སོ་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese