མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་ཨི་རན་གྱི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་རྒྱལ་དོན་དྲུང་ཆེ་དང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་བྱས་ཏེ་ཨི་རན་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐོག་གྲོས་མཐུན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་རེ་བརྒྱད་པ་ཚོགས་སྐབས་དང་བསྟུན་ཏེ། ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་དང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཛ་རི་ཧྥུ་( Mohammad Javad Zarif)། དེ་བཞིན། ཨུ་རུ་སུ་དང་དབྱིན་ཇི། ཧྥ་རན་སི། རྒྱ་ནག འཇར་མན་བཅས་ཀྱི་ཕྱི་སྲིད་བློན་ཆེན་ལྷན་ཞུགས་ཐོག ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐོག་སྔོན་འགྲོའི་གྲོས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆའི་ལས་དོན་ཁག་མཚམས་འཇོག་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། ཨི་རན་གྱིས་ཀྱང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཨི་རན་ལ་སྲིད་དོན་འབྲེལ་ལམ་དང་དཔལ་འབྱོར་ཉེས་ཆད་རིགས་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་བཏོན་ཏེ། ཕྱོགས་གཉིས་བར་གྲོས་མཐུན་བྱུང་སྟེ་འབྱུང་འགྱུར་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ ( Geneva) ཡི་ནང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་སེལ་ཐབས་ལ་སླར་ཡང་ཚོགས་འདུ་རྒྱས་འཛོམས་ཤོིག་འཚོགས་རྒྱུའི་ཐག་གཅོད་བྱུང་ཡོད་འདུག  

ཐེངས་འདིའི་ཚོགས་འདུ་གྲོལ་རྗེས་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེད་རེ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། “ ང་ཚོའི་གྲོས་མོལ་དོན་འབྲས་ལྡན་པ་ཞིག་བྱུང་སོང་བར་དགའ་བསུ་ཡོད། ད་དུང་གནད་དོན་མང་པོའི་ཐོག་ལས་ཀ་བྱེད་རྒྱུ་ལྷག་བསྡད་ཡོད་” ཅེས་བརྗོད་འདུག ཁ་སང་ཨི་རན་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་མ་ཚོགས་སྔོན་ལ། ཨ་རིའི་གསར་འགྱུར་སི་བྷེ་ཨད་སི་( CBS) ཡིས་ཁོ་ལ་བཅར་འདྲིའི་ལན་དུ། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་མི་བཟོ་བའི་རྣམ་འགྱུར་གསལ་སྟོན་དང་དོན་དངོས་ལག་ལེན། ཕྱི་གསལ་ནང་གསལ་མ་བྱས་བར་ཨ་རིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་ཡོད་པ་དེར་ཕྱིར་འཐེན་བྱ་རྒྱུ་མིན་ཞེས་བརྗོད་ཡོད་འདུག 

ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཛ་རི་ཧྥུ་ཡིས་ཀྱང་གསར་འགོད་པར། “ ང་རང་ཐེངས་འདིའི་གྲོས་མོལ་ལ་འདོད་བློ་ཁེངས་ཡོད་ལ།  འབྱུང་འགྱུར་བཟང་ཕྱོགས་ཀྱི་འབྲེལ་ལམ་མུ་མཐུད་འགྲོ་རྒྱུ་ཡིན་པ་དང་། དེ་སྔོན། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོས་ཡོད་པའི་དོགས་གཞིའི་འོག་རྒྱལ་སྤྱིའི་སྟེང་ནས་དཔལ་འབྱོར་གྱི་ཉེས་ཆད་རིགས་གང་མགྱོགས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་དང་། ཨི་རན་གྱིས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྡུལ་ཕྲན་མཚོན་ཆ་བཟོས་ཡོད་མེད་ར་སྤྲོད་བྱེད་རྒྱུ་ཡིན” ཞེས་བརྗོད་འདུག

ཕྱི་ཚེས་ ༢༤ ཉིན་ཨི་རན་གྱི་སྲིད་འཛིན་ཧཱ་སན་( Hassan Rouhani )ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་བརྗོད་དོན།  “ ཨི་རན་གྱིས་དུས་ཚོད་ངེས་ཅན་ནང་དོན་ཕན་ལྡན་པའི་གྲོས་མོལ་བྱ་རྒྱུ་གྲ་སྒྲིག་ཡོད། འབྱུང་འགྱུར་ཟླ་ ༣ ནས་ ༦ ཚུད་དུ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་སེལ་ཐུབ་རྒྱུ་དང་། ལྷག་པར་རྒྱལ་ཁབ་སུས་ཀྱང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་གསོག་འཇོག་བྱེད་ཆོག་ཀྱི་མེད་པ་མ་ཟད། ཕན་ཚུན་བརྒྱུད་སྤྲོད་བྱེད་པའི་བདག་དབང་སུ་ལའང་མེད་”ཅེས་བརྗོད་འདུག  

༢༠༠༢ ལོར་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལས་འཆར་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་རྗེས། ཨ་རི་གཙོས་རྒྱལ་ཁབ་མང་པོ་ཞིག་གིས་ཁ་བརྡུང་དང་ཕྱོགས་མང་པོ་ནས་གནོན་ཤུགས་སྤྲད་ཡོད་པ་དང་། ༢༠༠༤ ལོའི་ཟླ་ ༡༡ པར་ཨི་རན་དང་ཡུ་རོབ་མཐུན་ཚོགས་གྲོས་མོལ་བྱས་ཏེ་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལས་གཞི་མཚམས་འཇོག་བྱས་པ་ཡོད་ཀྱང་། ༢༠༠༥ ལོའི་ཟླ་ ༦ པའི་ནང་ཨ་མཱ་ཊིན་ཇཱ་ཊི་ ( Mahmoud Ahmadinejad)སྲིད་འཛིན་དུ་བསྡད་རྗེས་ཁོས་སླར་ཡང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་མགོ་འཛུགས་བྱས་ཡོད་སྟབས། ༢༠༠༦ ལོར་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། ཨ་རི་བཅས་ཀྱིས་ཨི་རན་གཞུང་ལ་རྒྱལ་སྤྱིའི་སྲིད་དོན་དང་དཔལ་འབྱོར་འབྲེལ་ལམ་བཅད་ཡོད་པ་མ་ཟད། ༢༠༡༡ ལོར་ཡུ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་ཨི་རན་ལ་རྡོ་སྣུམ་གཙོས་པའི་ཚོང་ལས་འབྲེལ་ལམ་བཀག་སྡོམ་བྱས་ཡོད་སྟབས། ལོ་གཉིས་རིང་ཨི་རན་རྒྱལ་ཁབ་ཀྱི་རྡོ་སྣུམ་ཕྱིར་འདྲེན་བརྒྱ་ཆ་ ༦༠ ཙམ་མར་ཆག་སྟེ་ཁྱོན་ཨ་སྒོར་ས་ཡ་ ༢༥༠ ལྷག་གི་གྱོང་ཕོག་ཡོད་འདུག 

ད་ལོ་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ཧཱ་སན་ཨི་རན་གྱི་སྲིད་འཛིན་འོས་འདེམས་བྱུང་རྗེས། དེ་སྔོན་ཨི་རན་སྲིད་འཛིན་ཨ་མཱ་ཊིན་ཇཱ་ཊི་ཡིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལས་འཆར་མགོ་བཙུགས་པ་དང་ཨ་རིའི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དེ་དག་ལ་འབྲེལ་ལམ་བསྐྱར་གསོ་བྱས་ཡོད་པ་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༥ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese