མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིར་ཞི་བའི་གོམ་བགྲོད་མགོ་འཛུཊ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ནས་ ༢༢ ཉིན་བར་ཁྱོད་ཉིན་གྲངས་ ༡༨ རིང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ཁྱབ་བསྒྲགས་དང་། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད། སུད་སི་མངའ་སྡེ་སིང་གྷ་ལེན་ནས་ཇི་ནི་ཝ་བར་སྤྱི་ལེ་ ༣༨༨ ལྷག་ལ་ཞི་བའི་གོམ་བགྲོད་ཞིག་མགོ་འཛུགས་གནང་འདུག

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཐེངས་འདིའི་ཞི་བའི་གོམ་བགྲོད་གྱི་དགོས་དམིགས་གཙོ་བོ་ནི། ལོ་ཤས་རེའི་མཚམས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱལ་ཁབ་སོ་སོར་ཞིབ་བཤེར་གནང་གི་ཡོད་པ་ལྟར། ལོ་འདིའི་ཟླ་ ༡༠ ཚེས་ ༢༢ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐད་རྒྱལ་ཚོགས་ཀྱིས་དྲི་བ་བཏང་སྟེ་གྲོས་ཆོད་འཇོག་རྒྱུ་ཡིན་སྟབས། རྒྱ་གཞུང་གིས་ད་ལྟའི་བོད་ཀྱི་གནས་བབ་ལྷིང་འཇགས་ཡིན་ཚུལ་དང་དཀའ་ངལ་མེད་ཚུལ་རྫུན་སྒྲོག་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་བོད་ས་ཡོངས་རྫོགས་མུན་ནག་གི་བཙོན་ཁང་ལྟ་བུ་དང་། གཡུལ་ས་ལྟ་བུར་སྒྱུར་བཞིན་པའི་གནས་བབ་འོག ད་བར་བོད་མི་ ༡༢༡ གིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ། བོད་ཀྱི་བླ་མ་དང་སྤྲུལ་སྐུ། མཁས་དབང་། སྒྱུ་རྩལ་བ། རྩོམ་པ་པོ། གཞས་བ་གཞས་མ་སོགས་བོད་མི་སྟོང་ཕྲག་མང་པོ་བཙོན་འཇུག་མནར་གཅོད་བཏང་དང་གཏོང་བཞིན་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དངོས་རྒྱལ་ཚོགས་ཀྱིས་གླེང་སློང་དང་། རྒྱ་ནག་ལ་གནོན་ཞུགས་སྤྲོད་ཆེད་ཞི་བའི་གོམ་བགྲོད་འདི་གོ་སྒྲིག་ཞུ་བཞིན་པ་ཡིན་འདུག

གོང་གསལ་ལས་འགུལ་སྐོར། སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་རྩ་བའི་ཆ་ནས་སུད་སི་ནང་ཞི་བའི་གོམ་བགྲོད་ཐེངས་མང་པོ་སྤེལ་ཡོད་ཀྱང་། ཐེངས་འདི་ནི་གཞི་རྒྱ་ཆེ་ཤོས་དང་མི་གྲངས་མང་ཤོས་དེ་ཆགས་ཡོད་པ་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་དང་འགན་ལེན་གནང་སྟེ། སུད་སི་མངའ་སྡེ་སིང་གྷ་ལེན་ནས་ནས་མཉམ་འབྲེལ་རྒྱལ་ཚོགས་ཡོད་ས་ཇི་ནི་ཝི་བར་ཉིན་གྲངས་༡༨ འགོར་གྱིན་ཡོད་པ་དང་། ཉིན་དང་པོའི་དབུ་འཛུགས་སྐབས་མི་ ༨༥ ཙམ་ཉམས་ཞུགས་གནང་གི་ཡོད་ཀྱང་། ཉིན་ལྟར་མི་ ༤༠ བརྒལ་བ་མཉམ་ཞུགས་གནང་ངེས་སྐོར་སོགས་བརྗོད་འདུག

ཐེངས་འདིའི་གོམ་བགྲོད་ཉིན་དང་བོར་སུད་སིའི་ནང་གནས་སྡོད་བོད་མི་༨༢ མཉམ་ཞུགས་ཀྱིས་གོམ་བགྲོད་དབུ་འཛུགས་གནང་ཡོད་ཅིང་། གོམ་བགྲོད་པ་རྒན་ཤོས་ལོ་ན་ ༨༢ དང་། ཆུང་ཤོས་ལོ་ན་ ༡༥ ཙམ་ཡིན་འདུག་ཅིང་། ཁོང་ཚོས་མུ་མཐུད་ཉིན་༡༨ རིང་སུད་སི་མངའ་སྡེ་ ༡༥ ཙམ་ནང་གོམ་བགྲོད་དང་། བོད་ནང་གི་དཀའ་ངལ་འགྲེལ་བརྗོད་ཀྱི་ཡིག་ཆ་འབུམ་ཕྲག་གཅིག་ལྷག་འགྲེམས་སྤེལ་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༡༧ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 1

  1. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་(International Tibet Independence Movement, ITIM) http://www.rangzen.org རྒྱུན་ལས་ཡོངས་ཀྱི་ངོས་ནས་གོམ་བགྲོད་པ་རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམ་པ་ལྷན་རྒྱས་ཚང་མ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་རྒྱབ་བསྐྱོར་བརྒྱ་ཆ་བརྒྱ་ཐམས་པ་ཞུ་རྒྱུ་ཡིན། མ་ཟད་གོམ་བགྲོད་ཀྱི་དགོས་དོན་ཚང་མ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese