མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་བཙན་འཁྲིད་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ཁ་ཆེ་དྲག་སྤྱོད་པ་འགས་ལེ་བྷེ་ཡཱའི་སྲིད་བློན་བཙན་འཁྲིད་བྱས་ཡོད་ཀྱང་། ད་སྔ་ལེ་བྷེ་ཡའི་གཞུང་གིས་སྲིད་བློན་གང་ཞིག་ཏུ་ཁྲིད་པ་དང་དམིཊ་ཡུལ་ཅི་ཡིན་སོགས་ཤེས་རྟོགས་ཐུབ་མི་འདུག

དེ་རིང་ཞོགས་པར་ལེ་བྷེ་ཡ་ (Libya)ཡི་རྒྱལ་སའི་མགྲོན་ཁང་ཀོ་རེན་ཐཱ་ (Corinthia)ཞེས་པའི་ནང་། ཁ་ཆེ་དྲག་སྤྱོད་པ་འགས་མི་གསོད་ཁྲག་སྤྱོར་སོགས་གང་ཡང་མེད་པར། ལེ་བྷེ་ཡའི་སྲིད་བློན་ཛེན་ཊན་(Ali Zeidan)ལགས་བཙན་ཁྲིད་བྱས་ཡོད་འདུག དེའི་རྗེས་སྲིད་བློན་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་སྔ་ལེ་བྷེ་ཡའི་གཞུང་ཕྱོགས་ནས་མི་སུ་ཞིག་གིས་སྲིད་བློན་བཙན་ཁྲིད་བྱས་པ་དང་། དམིགས་ཡུལ་གང་འདྲ་ཡིན་པ། ས་ཕྱོགས་གང་དུ་འཁྲིད་པ་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་སྐོར་བརྗོད་འདུག   

མགྲོན་ཁང་དེའི་བདེ་སྲུང་མགོ་བ་སྐུ་ཞབས་ཤཱ་བྷན་ (Abd al-razaq shaban )ལགས་ཀྱིས། རེའུ་ཊིར་(Reuters )གསར་ཁང་གི་གསར་འགོད་པར་ “ད་ནང་ཞོགས་པར་ལེ་བྷེ་ཡཱའི་གསར་བརྗེ་པ་འགའ་མགྲོན་ཁང་དུ་འབྱོར་ཏེ། སྲིད་བློན་ཛེན་ཊན་འཛིན་བཟུང་ཆོག་པའི་བཀའ་ཁྱབ་ཡིག་ཆ་བསྟན་ཏེ། ཁོ་བཟུང་ནས་ཁྲིད་སོང་”ཞེས་བརྗོད་འདུག་ཀྱང་། ལེ་བྷེ་ཡཱའི་ཁྲིམས་ལུགས་བློན་ཆེན་སྐུ་ཞབས་མཱར་གྷ་ནེ་ ( salah al-Marghani)ལགས་ཀྱིས་ “ སྲིད་བློན་འཛིན་བཟུང་ཆོག་པའི་བཀའ་ཡིག་ཅིག་གཏན་ནས་སྤྲད་མེད་”ཅེས་གཞུང་འབྲེལ་བརྙན་འཕྲིན་ནང་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིར་ལེ་བྷེ་ཡའི་སྲིད་བློན་བཙན་འཁྲིད་བྱས་པའི་སྐོར་ལ་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཡོད་པ་དང་། ཁག་ཅིག་གིས་ལེ་བྷེ་ཡཱའི་གཞུང་གི་ཆོག་མཆན་མེད་པར་ཟླ་འདིའི་ཚེས་ ༥ ཉིན་ཨ་རིའི་དམག་དཔུང་ལེ་བྷེ་ཡཱའི་རྒྱལ་ཁོངས་སུ་འཛུལ་ཏེ། ཨོལ་ཁཱ་ཌ་( Al-Qaeda)འཇིགས་སྐུལ་ཚོགས་པའི་ཚོགས་མི་ལི་བྷེ་( Anas Al-liby)འཛིན་བཟུང་བྱས་པ་དེ་དང་འབྲེལ་བ་ཡོད་ཚུལ་བརྗོད་ཅིང་། འཇིགས་སྐུལ་བ་ལི་བྷེ་ནི་ ༡༩༩༨ ལོར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེན་ཡཱ་ (Kenya ) དང་ཌན་ཛད་ནེ་ཡཱ་(Tanzania ) གཉིས་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་འགད་རྫས་འཇོག་མཁན་གྲས་ཡིན་འདུག་ལ། ཉིན་འགའི་སྔོན་སྲིད་བློན་ཛེན་ཊན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ལེ་བྷེ་ཡཱའི་ནང་གི་ཁ་ཆེ་དྲག་སྤྱོད་པ་དང་མཚོན་ཆ་ནག་ཚོང་རྒྱག་མཁན་ཚོ་རྩ་མེད་གཏོང་བར་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག   

ལེ་བྷེ་ཡཱའི་ཆབ་སྲིད་པ་གྷ་མཱ་ཌེ་ (Guma El Gamaty) ཡིས་བྷི་བྷི་སི་གསར་འགོད་པར། ཨ་རིའི་དམག་མིས་ལེ་བྷེ་ཡཱའི་ཆོག་མཆན་མེད་པར་འཇིགས་སྐུལ་བ་ལི་བྷེ་འཛིན་བཟུང་བྱས་ཡོད་སྟབས།  མང་ཚོགས་ཨ་རིའི་བྱ་སྤྱོད་དེར་ཁོང་ཁྲོ་ལངས་ཏེ་ངོ་རྒོལ་བྱས་པ་ཞིག་ཡིན་ཚུལ་བརྗོད་འདུག ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་ (John Kerry ) ཡིས། ཨ་རིའི་དམག་མི་ལེ་བྷེ་ཡཱའི་རྒྱལ་ཁོངས་སུ་འཛུལ་ཏེ་འཇིགས་སྐུལ་བ་འཛིན་བཟུང་བྱས་པའི་གནད་དོན་དེར་སྲིད་བློན་ཛེན་ཊན་གྱིས་སྔོན་ནས་ཧ་གོ་ཡོད་ཅེས་བརྗོད་ཡོད་འདུག

ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དྲག་སྤྱོད་པས་སྲིད་བློན་བཙན་ཁྲིད་བྱེད་པ་ནི་ཐ་ཤལ་གྱི་བྱེད་སྟངས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

སྐར་མ ༡༠ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨

མཆན། 1

  1. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    གང་ལྟར་འཇིགས་སྐུལ་བ་འདི་ཚོ་ནི། སྤྱོད་བཟང་ཡིན་མིན་དང་ཡ་རབས་ཀྱི་སྐད་ཆ་མ་བཅིངས་པར། སྤྱི་བཏང་མི་ཞིག་གི་ལས་ཀ་དང་། འཆར་འགོད་བྱེད་སྟངས་སོགས་ནི་ཧ་ཅང་གི་འཆར་གཞི་ལྡན་པ་དང་། རླབས་ཆེ་བའི་ལས་ཀ་ཤིག་རེད། དཔེར་ན་ལི་བྷིའི་ཁྲིམས་ཁང་གི་ངོས་སྦྱོར་རྫུན་མ་བཟོ་རྒྱུ་དང་། དེའི་གཞུང་གི་བཀའ་ཁྱབ་ཡིན་ལུགས་ཀྱི་སྐད་ཆ་དེ་ཚོ། སྤྱི་བཏང་གི་བསམ་བློ་ཞིག་མ་རེད། ང་ཚོ་བོད་པ་ཚོ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ། ཉེན་རྟོག་པ་ཐུག་དུས་སྐད་ཆ་གང་བཤད་དགོས་མིན་མ་ཤེས་པར། ཚོང་རྫས་ཕྲན་བུ་ཡོད་པ་དེ་ཡང་། ཕར་ཤོར་ནས་ལག་པ་སྟོང་པ་ལོག་ཡོང་མཁན་ཕལ་ཆེ་བ་རེད། དེའི་ཕྱིར་འདི་ནི་ལས་ཀ་བཟང་པོ་མིན་ནའང་། བྱེད་ཐབས་ནག་པོ་རེད་ལ། མི་སུ་ཞིག་གིས་བཟང་ངན་གང་ཞིག་བྱེད་ཀྱང་གྲ་སྒྲིག་ཨ་སང་དགོས་རྒྱུ་དེ། འདི་ཚོ་ལ་བལྟས་ན་གལ་ཆེན་པོ་ཡིན་པར་ཤེས་ནུས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese