མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨི་ལམ་ནང་གི་གསེར་འཚོལ་བ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་རྒྱ་གར་གྱི་གསར་ལམ་ཁག་ནང་། ཧིན་རྡུའི་ཆོས་དཔོན་ཞཱའོ་བྷན་སར་ཀཱར་(Shobhan Sarkar )མཆོག་དང་ཁོང་གི་རེ་སྐུལ་ལྟར་རྒྱ་གར་གནའ་རྫས་རྟོག་ཞིབ་སྡེ་ཚན་གྱིས་ཨུ་ཊར་མངའ་སྡེ་( Uttar Pradesh) ནང་གི་ཨུ་ནཱའོ་(Unnao) ས་གནས་སུ་ཡོད་པའི་མཁར་རྙིང་ཞིག་གི་ཤུལ་སྔོག་འདོན་བྱས་ཏེ་གསེར་འཚོལ་གྱིན་ཡོད་པའི་གནས་ཚུལ་འཐོན་བཞིན་འདུག  

དེ་ནི། ཟླ་ཁ་ཤས་སྔོན་ཧིན་རྡུའི་ཆོས་དཔོན་ཞཱའོ་བྷན་སར་ཀཱར་མཆོག་གིས་རྒྱ་གར་གྱི་སྲིད་བློན་དང་ཨུ་ཊར་མངའ་སྡེའི་བློན་ཆེན་སོགས་ལ་སྙན་ཞུ་ཞིག་ཕུལ་ཏེ། ཁོ་རང་དུས་རབས་ ༡༩ པའི་ནང་གི་ཧིན་རྡུའི་རྒྱལ་བོ་གྲགས་ཆེན་རའོ་རམ་བྷའུ་སི་སིན་(Rao Ram Bux Singh) མཆོག་ལ་རྨི་ལམ་ནས་མཇལ་འཕྲད་བྱུང་སྟེ། སྔོན་ཆད་རྒྱལ་བོ་ཁོང་གིས་བཞེངས་སྐྲུན་མཛད་པའི་ཨུ་ནཱའོ་ས་གནས་ནང་མཁར་རྙིང་ཞིག་ཡོད་པ་དེའི་འོག་ཏུ་གསེར་ཊོན་ ༡༠༠༠ ཙམ་སྦས་སྐུང་བྱས་ཡོད་པ་དེ། ཆོས་དཔོན་ཁོང་ལ་བདག་ཉེར་བྱེད་དགོས་པའི་བཀའ་ལུང་ཕེབས་ཡོད་པ་དང་། ད་ལྟ་རྒྱ་གར་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་རྒྱ་གར་དངུལ་ཁང་སོགས་འབྲེལ་ཡོད་སྡེ་ཚན་ཁག་གིས་གསེར་དེ་དག་སྔོག་འདོན་བྱས་ཏེ། མང་ཚོགས་ལ་རོགས་རམ་དང་རྒྱལ་ཁབ་ཀྱི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

རྗེས་སུ་སླར་ཡང་རིག་གཞུང་བློན་ཆེན་སོགས་ལ་རེ་སྐུལ་ཞུས་ཏེ། ཁོང་གི་སྐད་ཆ་དེ་དག་ལ་ཡིད་ཆེས་བྱེད་ཆོག་ཚུལ་དང་། གསེར་དེ་དག་ངེས་པར་དུ་སྔོག་འདོན་བྱེད་དགོས་སྐོར་ནན་གྱིས་བརྗོད་ཡོད་སྟབས། ཟླ་འདིའི་ཚེས་ ༡༨ ནས་ ༢༡ ཉིན་བར་རྒྱ་གར་གཏེར་འདོན་སྡེ་ཚན་དང་གནའ་རྫས་རྟོག་ཞིབ་སྡེ་ཚན་སོགས་ཀྱིས་ཚོད་ལྟ་བྱས་ཏེ། མཁར་རྫོང་དེའི་ས་རྨི་ཊར་ ༡།༥ ཙམ་བརྐོས་པའི་འོག་ཏུ། དུས་རབས་ ༡༧ ནས་༡༩ བར་གྱི་སྣོད་ཆས་རྫ་མ་དང་དཀར་ཡོལ། ལག་གདུབ། ས་རིས་རྩེད་ཆས་སོགས་དངོས་པོ་མང་པོ་ཞིག་རྙེད་སོན་བྱུང་ཡོད་འདུག

ད་ལྟ་ཅ་དངོས་དེ་དག་སྐོར་གྱི་སྙན་ཐོ་ཞིག་རྒྱ་གར་དབུས་གཞུང་ལ་ཕུལ་ཡོད་པ་དང་། རྒྱ་གར་གཞུང་གིས་གནའ་རྫས་དེ་དག་ལ་ཞིབ་འཇུག་བྱས་རྗེས་མུ་མཐུད་འཚོལ་ཞིབ་བྱེད་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞིང་། ད་ལྟ་ས་གནས་རྫོང་དཔོན་གྱི་བཀའ་ཁྱབ་འོག་མཁར་རྙིང་དེ་དང་མཐའ་འཁོར་གྱི་ཧིན་རྡུའི་ལྷ་ཁང་ཁག་ཉེན་རྟོག་པ་མང་པོས་སྲུང་སྐྱོབ་བྱས་ཡོད་ཀྱང་། མང་ཚོགས་ཚོས་ས་གནས་དེ་དང་ཐག་མི་རིང་བའི་སར་ཡོད་པའི་ཁང་རྙིང་དང་ལྷ་ཁང་རེ་ཟུང་སྔོག་ཡོད་འདུག

ཧིན་རྡུའི་ཆོས་དཔོན་ཞཱའོ་བྷན་སར་ཀཱར་མཆོག་གིས་གསར་འགོད་པར། ཁོ་རང་གི་རྨི་ལམ་དོན་དངོས་ཡིན་པ་ལས་རྒྱ་གར་གཞུང་དང་མང་ཚོགས་ལ་མགོ་སྐོར་བཏང་བ་གཏན་ནས་མིན་པ་དང་། གལ་སྲིད་ཁོ་རང་གིས་གང་བཤད་དེ་དག་བདེན་པ་མིན་ཚེས་ཁྲིམས་ལུགས་ལྟར་ཉེས་ཆད་ཅི་ཞིག་བཅད་ཀྱང་དང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཧིན་རྡུའི་རྒྱལ་བོ་རའོ་རམ་བྷའུ་སི་སིན་མཆོག་ནི། དུས་རབས་ ༡༩ པའི་ཧིན་རྡུའི་རྒྱལ་པོ་ཞིག་ཡིན་ཞིང་། ༡༨༥༧ ཟླ་ ༦ ཚེས་ ༡༤ ཉིན་ཁོང་གིས་དབྱིན་ཇི་གཞུང་གི་ནོར་མཛོད་ནས་གསེར་དངུལ་འཕྲོག་བཅོམ་བྱས་ཡོད་པ་དང་། ༡༨༥༧ ལོར་གསར་བརྗེ་ཆེན་པོ་བྱུང་སྐབས་ཁོང་གིས་དབྱིན་ཇི་བཙན་རྒྱལ་རིང་ལུགས་གཞུང་ལ་ངོ་རྒོལ་བྱས་རྗེས། དབྱིན་གཞུང་གིས་འཛིན་བཟུང་དང་འཕྲོག་བཅོམ་བྱས་པའི་གསེར་དངུལ་གང་ཡོད་འདྲི་རྩད་བྱས་ཀྱང་མ་བཤད་སྟབས་སྲོག་ཁྲིམས་བཅད་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 3

  1. མཉམ་ཞུགས says:
    ལོ་ 13 སྔོན།

    (“མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས”ལས་བརྒྱུད་འགོད་བྱས་པ་ཡིན།) སྤྱི་ཟླ10པའི་ཚེས16ནས་ཚེས19བར། 2013ལོའི་རྒྱལ་ཡོངས་བུད་མེད་ཀྱི་བེ་གའི་མཇུག་མཐའི་འགྲན་བསྡུར་དེ་ཧྲན་ཏུང་ཞིང་ཆེན་ཙེ་པོ་གྲོང་ཁྱེར་དུ་སྤེལ་བ་དང་རྒྱལ་ཡོངས་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པ་བརྒྱ་དང་དྲུག་ཅུ་བྱེད་སྒོར་ཞུགས་ཡོད་པ་རེད། ཚེས17ཉིན་སྤེལ་བའི་སྤྱི་རྒྱ་ང་དགུ་རིམ་པའི་མཐའ་མའི་འགྲན་བསྡུར་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་པ་བསོད་ནམས་བདེ་སྐྱིད་ཀྱིས་བྱ་དགའ་ཨང་དང་པོ་བླངས་པ་རེད།

    གསར་འགོད་པས་རྒྱུན་ལོན་བྱུང་བ་ལྟར་ན། བསོད་ནམས་བདེ་སྐྱིད་ནི་བོད་ལྗོངས་བུད་མེད་བེ་གའི་རུ་ཁག་གི་སྟོབས་ཤུགས་དང་སྦས་ཤུགས་ལྡན་པའི་རུ་མི་ཞིག་ཡིན་པ་ལས་གཞན། ཁོ་མོར་དེ་སྔ་ཨེ་ཤི་ཡའི་བུད་མེད་གཞོན་ནུའི་བེ་གའི་ལེགས་སྐྱེས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དང་རྒྱལ་ཡོངས་བུད་མེད་བེ་གའི་ལེགས་སྐྱེས་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་མྱོང་ཡོད་པ་རེད། བསོད་ནམས་བདེ་སྐྱིད་ལ་ད་ཐེངས་རྒྱལ་ཡོངས་བུད་མེད་བེ་གའི་མཇུག་མཐའི་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་པ་དེས་ཁྱོན་ཡོངས་ནས་བོད་ལྗོངས་ཀྱི་ལུས་རྩལ་པའི་སྦྱོང་བརྡར་གྱི་འབྲས་བུ་དང་བྱང་ཚད་མངོན་པ་རེད།

    Reply
  2. བློ་བཟང་བདེ་ལེགས། says:
    ལོ་ 13 སྔོན།

    ཡག་པོ་འདུག

    Reply
  3. བསོད་ནམས་བསྟན་པ། says:
    ལོ་ 13 སྔོན།

    རྒྱ་གར་རྗེས་ལུས་ཡིན་པ་འདི་ལ་ཐུག་ཡོད་པ་རེད། རྒྱལ་ཁབ་ཅིག་ཆོས་ལུགས་པ་ཤིག་གམ། ལྷག་པར་དུ་རྨི་ལམ་ཞིག་གི་རྗེས་ལ་རྒྱག་ན་གང་འདྲ་ཡིན་ནམ། གསར་འགོད་པ་ལགས་གནས་ཚུལ་དེ་ཙམ་གསལ་བོ་ཞིག་མ་རེད། ལྷག་པར་དུ་ཆོས་དཔོན་དེའི་གནས་ཚུལ་རོབ་ཙམ་འཁོད་ཐུབ་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese