དེ་རིང་ཉིན་རྒྱབ་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ། ད་ལྟ་རྫོང་སྨན་ཁང་དུ་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥།༤༠ ཡས་མས་སུ། བོད་མདོ་སྨད་མཚོ་སྔོན་མགོ་ལོག་ཁུལ་པདྨ་མ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ཀྱིས། པདྨ་རྫོང་ཐོག་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གྲྭ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་ཅང་མ་འགོར་བར་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་ཁོའི་ལུས་སྟེང་གི་མེ་བསད་རྗེས། ད་ལྟ་རྫོང་སྨན་ཁང་དུ་ཡོད་འདུག་ལ། སྨན་ཁང་གི་ཕྱོགས་ཡོངས་དམག་མིས་བསྐོར་ཏེ་དམ་དྲག་དང་བཀག་སྡོམ་བྱས་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཚེ་རིང་རྒྱལ་ལགས་ད་ལྟ་རང་ལོ་ ༢༠ ཡིན་འདུག་ལ། ཁོང་གི་ཕ་མིང་ལ་ཤེར་ཕུན་དང་། མའི་མིང་ལ་རིན་སྒྲོན་ཞུ་བཞིན་ཡོད་འདུག
འདི་ནས་ཤི་ཕོས་གྱུར་མ་ཐག་་་་་། དགའ་ལྡན་སྐྱེས་གས་ཡིད་དགའ་བར་་་།
མྱུར་དུ་བྱམས་མགོན་གཉེས་བྱས་སྟེ་་་་། བྱང་ཆུབས་ལུང་རྟན་ཐོབས་པར་ཤོག་།
ཨོཾ་མ་ཎེ་པདྨེ་ཧྰུཾ་།ཨོཾ་མ་ཎི་པདྨེ་ཧྰུཾ་་།ཨོཾ་མ་ཎི་པདྨེ་ཧྰུཾ་་་།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
ལྷག་པར་རྒྱལ་དབང་བསྟན་འཛིན་རྒྱལ་མཚོ་ཡིས། །
སྐད་ཅིག་ཙམ་ཡང་འབྲལ་མེད་རྗེས་བཟུང་ནས། །
གདོད་མའི་རྒྱ་སར་མྱུར་དུ་ཟིན་པ་ཤོག །