མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱུག་བདག་གི་གྲོས་ཚོགས་གོང་མ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་བརྒྱ་ཆ་ ༦༧ ཙམ་ཀཱརོ་པ་ཊེ་ཡིན་པ་དང་། དེ་མིན་བརྒྱ་ཆ་ ༡༧ ལྷག་ལ་ཚབས་ཆེའི་ནག་ཉེས་ཡོད་སྐོར་བརྗོད་འདུག  

དེ་རིང་རྒྱ་གར་དུས་བབ་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་འོས་བསྡུའི་ལས་རིམ་མགོ་འཛུགས་བྱེད་ལ་ཉེ་བའི་སྐབས་འདིར། རྒྱ་གར་ནང་གི་དམངས་གཙོ་བཅོས་བསྒྱུར་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་གིས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཁག་ལ་ཞིབ་འཇུག་བྱས་པ་བརྒྱུད་གྲོས་ཚོགས་གོང་མར་ཁྱོན་འཐུས་མི་ ༢༥༠ ཡོད་པ་ལས་འཐུས་མི་གསུམ་ཆ་གཉིས་དང་བརྒྱ་ཆ་ལྟར་ན་ ༦༧ ཙམ་ཞིག་ཧིན་སྒོར་འབུམ་བརྒྱ་ལྷག་ཡོད་པའི་ཕྱུག་བདག་ཆེན་མོ་སྟེ་རྒྱ་གར་སྐད་ནང་ཀཱརོ་པ་ཊེ་(Crorepati)ཟེར་བ་དེ་ཡིན་པ་དང་། གཞན། གྲོས་ཚོགས་འཐུས་མི་བརྒྱ་ཆ་ ༡༧ ཙམ་གྱོད་དོན་ཁ་མཆུ་ཡོད་པའི་ཉེས་ཅན་པ་རྐྱང་ཡིན་སྐོར་བསྒྲགས་འདུག

ཚོགས་པ་དེས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དག་ལས་སྲིད་འཛིན་མཆོག་གིས་ཐད་བསྐོས་གནང་པའི་འཐུས་མི་ ༡༢ རྣམས་ཕུད། དེ་མིན་གྱི་འཐུས་མི་བྱིངས་ ༢༤༥ ལས་འཐུས་མི་ ༢༢༧ ཙམ་ཀཱརོ་པ་ཊེ་ཡིན་པ་དང་འཐུས་མི་ ༣༨ ལ་ནག་ཉེས་ཡོད་ཅིང་། དེ་དག་ལས་ཡུ་པི་(UP)མངའ་སྡེའི་འཐུས་མི་བྷ་གལ་(S P S Baghel) དང་། ལྡི་ལི་ཀོང་རེ་སི་ཚོགས་པའི་འཐུས་མི་ཨ་ཤི་མེ་(Parvez Hashmi)། དེ་བཞིན། ཏ་མིལ་ན་ཌའུ(Tamilnadu)ཡི་འཐུས་མི་ར་ཐེ་ན་ཝུལ་ (TRathinavel ) གཙོས་འཐུས་མི་༡༥ ཙམ་ལ་ནག་ཉེས་ཚབས་ཆེན་ཡོད་ཚུལ་བརྗོད་འདུག

ཆབ་སྲིད་ཚོགས་པ་ཆེ་ཁག་བཞི་ལས་ཀོང་རེ་སི་ཚོགས་པའི་འཐུས་མི་རེར་ཆ་སྙོམ་ཧིན་སྒོར་ཀཱརོ་ ༡༦།༧༤ ཙམ་ཡོད་པ་དང་། བེ་ཇེ་པི་(BJP)ཚོགས་པའི་འཐུས་མི་རེར་ཀཱརོ་ ༨།༥༡། བྷ་འབུ་ཇི་སམ་མ་ཇི་ཆབ་སྲིད་ཚོགས་(BSP) པའི་འཐུས་མི་རེར་ཀཱརོ་ ༡༣།༨༢། དེ་བཞིན། རྒྱ་གར་དམར་ཤོག་ཚོགས་པའི་འཐུས་མི་རེར་སྒོར་འབུམ་ ༣༩།༦༥ བཅས་ཡོད་ཅིང་། དེ་དག་ཀཱརོ་པ་ཊེ་ཡིན་པའི་གྲོས་ཚོགས་འཐུས་མི་ ༢༢༧ ཙམ་ལ་ཆ་སྙོམ་བགོ་འགྲེམས་བྱས་ན། འཐུས་མི་གཅིག་རེར་ཧིན་སྒོར་ཀཱརོ་(Crore) ༢༡།༧ རེ་ཐོབ་ཀྱི་ཡོད་པ་ར་སྤྲོད་བྱས་ཡོད་འདུག  

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དག་ལས་རྒྱུ་ཆེ་ཤོས་དེ་ཇ་ཎ་དྷལ་(Janadal)ཚོགས་པའི་འཐུས་མི་མ་ཧིན་དྷ་ར་པར་ས་ཐཱ་(Mahindra)ཞེས་པ་དེ་ཡིན་ཞིང་ཁོ་ལ་ཀཱརོ་ ༦༣༨།༥༦ ཙམ་ཡོད་པ་དང་། དེ་བཞིན། ཀར་ཎ་ཊ་ཀ་(Karnataka)ཡི་འཐུས་མི་ཝུ་ཇའི་མ་ཡ་(Vijaya Mallya)ཞེས་པར་ཀཱརོ་ ༦༡༥།༤༢། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཨ་མེ་ཏབ་བྷ་ཅཱན་གྱི་སྐྱེས་དམན་དང་བྷ་འབུ་ཇེ་མ་ས་ཇི་ཚོགས་པའི་འཐུས་མི་ཇ་ཡ་བྷ་ཅན་ལ་ཀཱརོ་ ༤༩༣།༨༦ རེ་བཅས་ཡོད་འདུག གྲོས་ཚོགས་གོང་མའི་འཐུས་མི་ཡོངས་རྫོགས་ལས་རྒྱུ་ནོར་ཉུང་ཤོས་གྲས་ནི། མ་དྷེ་པ་དྷི་ཤིའི་བེ་ཇའི་པེའི་འཐུས་མི་ཨ་ནེལ་དྷེ་ཝ་(Anil Dave)ཡིན་པ་དང་། ཁོ་ལ་ཧིན་སྒོར་འབུམ་ ༢།༧༥ ཙམ་ལས་མེད་ཅིང་། ཀ་ལི་ཀ་ཐཱའི་ཀོང་རེ་སིའི་འཐུས་མི་མོའོ་མ་ཐ་ཎ་ཌི་མུལ་(Mohammed Nadimul)ཞེས་པར་ཧིན་སྒོར་འབུམ་ ༣།༡༩ ། རྒྱ་གར་དམར་ཤོག་ཚོགས་པའི་འཐུས་མི་ཤི་མལ་ཅག་ར་བྷོར་ཌི་(Shymal Chakraborty)ཞེས་པར་ཧིན་སྒོར་འབུམ་ ༥།༤༧ བཅས་ལས་མེད་སྐོར་བརྗོད་འདུག  

རྒྱ་གར་ནི་མི་འབོར་དུང་ཕྱུར་ ༡༢།༥ ལྷག་དང་། མངའ་སྡེ་ ༢༨། དམིགས་བསལ་ས་ཁུལ་ ༧ ཙམ་ཡོད་པའི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། གྲོས་ཚོགས་གོང་འོག་གཉིས་ཡོད་པ་ལས་གྲོས་ཚོགས་འོག་མར་འཐུས་མི་ ༥༥༠ དང་། གྲོས་ཚོགས་གོང་མར་འཐུས་མི་ ༢༥༠ བཅས་ཡོད། གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལོ་ ༥ རེའི་མཚམས་སུ་རྒྱལ་ཡོངས་འོས་བསྡུ་བརྒྱུད་འདེམས་སྒྲུག་བྱེད་ཀྱི་ཡོད་ཅིང་། གྲོས་ཚོགས་གོང་མའི་འཐུས་མི་ཚོ་མངའ་སྡེའི་གྲོས་ཚོགས་དང་དབུས་གྲོས་ཚོགས་འཐུས་མིས་འོས་འདེམས་བརྒྱུད་གཏན་འཇགས་ཆགས་ཀྱི་ཡོད་འདུག གྲོས་ཚོགས་གོང་མ་འདི་ནི་རྒྱ་གར་དབྱིན་ཇིའི་བཙན་འོག་ཏུ་ཡོད་སྐབས་ ༡༩༡༨ ལོར་བཞག་པའི་གྲོས་མཐུན་མོན་ཌ་གུ་ཅམ་སེ་ཕོར་ཌི་(Montague Chelmsford)ཞེས་པ་དང་། ༡༩༡༩ །༡༩༡༣།༡༩༤༥ ལོ་སོ་སོར་བཞག་པའི་རྒྱ་གར་གཞུང་གི་བཅའ་ཡིག་གྲོས་མཐུན་ཞེས་པ་ལས་བྱུང་བ་ཞིག་ཡིན་འདུག ད་ལྟ་གྲོས་ཚོགས་འདིར་འཐུས་མི་ ༢༥༠ ཙམ་ཡོད་པ་ལས་འཐུས་མི་ ༡༢ དེ་སྲིད་འཛིན་མཆོག་གིས་སྤྱི་ཚོགས་ནང་གི་ལས་རིགས་འདྲ་མིན་ནང་འབུར་ཐོན་ཕྱག་ལས་གནང་མཁན་ཁག་ཐད་བསྐོ་གནང་གི་ཡོད་ཅིང་། འདི་དག་གི་དུས་ཡུན་ལོ་ ༦ དང་ལོ་གཉིས་རེའི་མཚམས་སུ་འཐུས་མི་གསུམ་ཆ་གཉིས་རེ་འཕོ་འགྱུར་བྱེད་ཀྱི་ཡོད་འདུག གྲོས་ཚོགས་འདིའི་ཚོགས་གཙོ་ནི་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཆགས་ཀྱི་ཡོད་ཅིང་། ད་ལྟ་ཚོགས་གཙོ་ཧ་མི་ཌི་ཨན་སར་རི་(Hamid Ansari) ཞེས་པ་ཁོང་ཡིན།  

རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་ཆེན་མོ་དེ་ ༢༠༡༤ ཟླ་ ༤ དང་ ༥ ནང་མགོ་ཚུགས་བྱ་འཆར་ཡོད་པ་དང་། འོས་བསྡུ་དེར་ཆབ་སྲིད་ཚོགས་པ་ཁག་གིས་ད་ལྟ་ནས་གྲ་སྒྲིག་དང་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཅིང་། སྔོན་འགྲོར་ད་ལྟ་རྒྱ་གར་གྱི་མངའ་སྡེ་མི་ཛོ་རམ་དང་ར་ཇེ་སི་ཐན། མ་དྷེ་པར་དྷི་ཤི། ཆ་དྷི་སེ་གྷ། དེ་བཞིན་ལྡི་ལི་སོགས་ནང་འོས་བསྡུ་བྱེད་བཞིན་ཡོད་པ་དང་། མངའ་སྡེ་དེ་དག་གི་འོས་བསྡུའི་རྒྱལ་ཁ་མང་ཆེ་བ་བེ་ཇེ་བྷེ་ཚོགས་པར་ཐོབ་ཀྱི་ཡོད་པ་གསར་ལམ་ཁག་ཏུ་ཐོན་ཡོད།  

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༤ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese