མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མཆོག་ཏུ་རང་ལུས་མེར་བསྲེཊ་གནང་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་བོད་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་ཨ་མཆོག་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག

ད་ལྟ་རང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢།༣༠ སྟེང་། ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་དུ། ཨ་མཆོག་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས། བོད་བསྟན་སྲིད་མི་རིགས་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག དེ་མ་ཐག་ས་གནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་དགོན་པའི་ནང་གདན་འདྲེན་ཞུས་ཏེ། དགོན་པའི་གྲྭ་བ་ ༤༠༠ ལྷག་གིས་མཆོད་འབུལ་དང་བསྔོ་སྨོན་གསུང་བཞིན་ཡོད་འདུག

ཁོང་གིས་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་། རྒྱ་ནག་གི་བཙན་དབང་ཁྲིམས་འོག་ན་བོད་མི་ཚོས་སྡུག་བསྔལ་མྱོང་གི་ཡོད་ཅིང་། ཁོ་རང་གིས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་ཡུལ་དུ་ཕེབས་ཆེད་དང་། པཎ་ཆེན་སྣང་བ་མཐའ་ཡས་བཙོན་གྲོལ་ཐོབ་ཆེད། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་སེལ་ཆེད་རང་ལུས་མེར་བསྲེགས་བཏང་བ་ཡིན་ཚུལ་དང་། བོད་མི་ཚོས་མཐུན་སྒྲིལ་བྱེད་དགོས་སྐོར་སོགས་བཀོད་ཡོད་འདུག

རྒྱལ་གཅེས་དཔའ་བོ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཨ་མཆོག་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བ་ཡིན་ཞིང་ད་ལྟ་རང་ལོ་ ༤༣ ཡིན་འདུག ཁོང་གི་སྐྱེས་ཡུལ་ཨ་མཆོག་ཉི་མ་ལུང་ཡིན་པ་དང་། ཕ་མིང་ལ་རྟ་མགྲིན་བཀྲ་ཤིས་ཟེར་ཞིང་སྔ་མོ་ནས་འདས་ཟིན་ཞིང་མ་མིང་ལ་ལྷ་མོ་སྐྱིད་ཞུ་བཞིན་ཡོད་འདུག ཁོང་གི་སྤུན་ཆེ་བའི་མིང་ལ་ཚེ་བྷེ་ཟེར་ཞིང་། གཞན། གཅོད་པ་དང་སངས་རྒྱས་སྒྲོལ་མ་ཟེར་བའི་སྲིང་མོ་གཉིས་ཡོད་འདུག ཁོང་ཆོས་དང་རིག་གནས་ཀུན་ལ་ཐུགས་སྣང་ཆེ་ཞིང་། དགོན་པའི་ཆོ་ག་ཕྱག་ལེན་ལ་སྙིང་རུས་ཆེན་པོས་བློར་འཛིན་དང་ཉམས་ལེན་གནང་མཁན་ཞིག་དང་། གཅོད་ཀྱི་གདམས་པ་ཟབ་མོར་ཉམས་ལེན་སྒོམ་སྒྲུབ་དང་ཆུ་མིག་འགྲིམ་ཏེ་དཀའ་ཐུབ་ལ་རྒྱུན་བཞུགས་གནང་མཁན་ཞིག་ཀྱང་ཡིན་འདུག

Post by རྨེའུ་ དཀོན་རྒྱམ།.

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 5

  1. གཅན་འོད་འབར། says:
    ལོ་ 12 སྔོན།

    སྐུ་གཤེགས་རྒྱལ་གཅེས་དཔའ་བོ་སྙིང་ནས་གུས་འདུད་དང་བཅས། དཔའ་བོའི་སྙིང་སྟོགས་དང་། གཟི་བརྗེད། ལར་ཞེན་བཅས་ནམ་ཡང་ཉམས་པ་མེད་པར་རྒྱལ་གྱུར་ཅིག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    གཟི་བརྗིད། རླབས་ཆེན། དཔའ་རྒོད། བདེན་སྟོབས་ཀྱི་སྐྱེས་བུ་དམ་པ་རྣམ་པར་སྙིང་ནས་གུས་འདུད་ཞུ། བཀའ་དྲིན་ཞུ། བདེ་བ་ཅན་དུ་སྐྱེ་བར་སྨོན།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    དཔའ་བོའི་རྣམ་ཤེས་སླར་ཡང་བོད་ནས་འཁྲུངས་བར་ཤོག ཞལ་ཆེམས་ནང་གསལ་བོ་རེད། གོང་ས་མཆོག་ལ་དྲི་བ་གནང་འདུག མ་གོ་མ་ཐོས་མི་གནང་བའི་རེ་བ་ཡོད།

    Reply
  4. བསྟན་འཛིན་ཚེ་ལྷ། says:
    ལོ་ 12 སྔོན།

    ད་དངོས་གནས་དྲང་གནས་མཚམས་འཇོག་ཚུལ་རེད། སེམས་སྐྱོ་ནས་འཚོ་བ་ལ་དོན་སྙིང་མེད་པ་ཞིག་གི་སྣང་བ་འཆར་ཡོང་གི བཙན་བྱོལ་བོད་གཞུང་གིས་ཀྱང་བོད་ནང་གི་རང་ལུས་མེར་བསྲེགས་སྐབས་རེར་མཚམས་འཇོག་དགོས་ཀྱི་ཡོད་མདོག་མདོག། མཚམས་མེར་མུ་མཐུད་སྲེག་འཇུག་རྒྱུ་ལས་ཐབས་མེད་མདོག་མདོག མཚམས་རེར་དེ་ལ་སྐད་ཆ་བཤད་པའི་དབང་ཆ་མེད་མདོག་མདོག དེ་འདྲ་མ་གནང་རོགས། ཁ་སངས་པོའི་ཐོག་ནས་འབོད་སྐུལ་ཞིག་གནང་རོགས།

    Reply
  5. ངག་དབང་ཕུན་ཚོགས། says:
    ལོ་ 12 སྔོན།

    བོད་འབར་ཐལ། རྒྱལ་སྤྱིའི་སྤྱི་ཚོགས་གཉིད་ཐལ། རྒྱ་ནག་དམར་གཞུང་སྨྱོས་ཐལ། བཙན་བྱོལ་བོད་མི་བོར་ཐལ།
    ཨོཾ་མ་ཎི་པདྨེ་ཧཱཾ་་་་་་་་་་་བོད་རྒྱལ་ལོ། ཨོཾ་མ་ཎི་པདྨེ་ཧཱཾ་་་་་་་་་་་བོད་རྒྱལ་ལོ། ཨོཾ་མ་ཎི་པདྨེ་ཧཱཾ་་་་་་་་་་་བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese