མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་ལྕམ་སྐུ་མཆོག་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐེ་ལན་ཌིའི་དམངས་གཙོ་ཚོགས་པ་དང་ཚོགས་པའི་རྒྱབ་སྐྱོར་བ་གཅིག་ཁྲི་ལྷག་འདུ་འཛོམས་ཀྱིས་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དེབ་སྐྱེལ་བྱེད་སའི་མཐའ་བསྐོར་ཏེ་གཞུང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་འདུག  

དེ་རིང་ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཟུར་པ་སོ་ཐེབ་ ( Suthep Thaugsuban) ཀྱི་སྣེ་ཁྲིད་འོག་མི་མང་ཁྲི་གཅིག་ལྷག་ཐེ་ལན་ཌིའི་རྒྱལ་ས་བྷེང་ཁཱོག་གི་གཞུང་ལམ་ཐོག་ཐོན་ཏེ། ད་ལྟའི་གཞུང་སྒོ་རྒྱག་དགོས་པའི་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་བྱེད་ཀྱི་ཡོད་ཅིང་། ལས་འགུལ་དེ་རྒྱ་ཁྱབ་ཏུ་མི་འགྲོ་ཆེད་སྲིད་བློན་ལྕམ་ཡིང་ལོག་ ( Yingluck Shinawatra )ལགས་ཀྱིས། ཁོ་མོའི་ཆབ་སྲིད་ཚོགས་པ་པེའུ་ཐེ་ (Pheu Thai Party) ཡིས་མང་མོས་འོག་ཡོད་པའི་གྲོས་ཚོགས་དེ་རྩ་གྲོལ་བཏང་སྟེ། ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་རྒྱལ་ཡོངས་འོས་བསྡུ་ཆེན་མོ་མགོ་ཚུགས་བྱ་རྒྱུ་ཡིན་སྐོར་དང་། ཆབ་སྲིད་ཚོགས་པ་ཚོས་ཟླ་འདིའི་ཕྱི་ཚེས་ ༢༧ ནང་ཚུད་དུ་སོ་སོའི་འོས་མི་དེབ་སྐྱེལ་ཐོ་འགོད་བྱེད་དགོས་སྐོར་གསལ་བསྒྲགས་སྤེལ་འདུག

དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཐོ་འགོད་བྱེད་སའི་ཚོགས་ཁང་མཐའ་བསྐོར་ཏེ། མང་ཚོགས་དང་ཆབ་སྲིད་ཚོགས་པ་ཁག་ལ་དེབ་སྐྱེལ་བྱེད་པར་འགོག་རྐྱེན་བཟོ་བཞིན་ཡོད་ཅིང་། ད་ལྟ་མང་ཚོགས་དང་ཆབ་སྲིད་ཚོགས་པ་ཁག་གིས་ཐེ་ལན་ཌིའི་ཉེན་རྟོག་པའི་ས་ཚིགས་སུ་འོས་བསྡུའི་དེབ་སྐྱེལ་བྱེད་ཀྱིན་ཡོད་འདུག

གནས་ཚུལ་དེ་ནི་ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་ནས་བཟུང་ཉིན་ ༡༠ རིང་ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཟུར་པ་སོ་ཐེབ་ཀྱི་སྣེ་ཁྲིད་འོག་མི་མང་ ༡༥༠༠༠༠ ལྷག་གིས་ཐེ་ལན་ཌིའི་རྒྱལ་ས་བྷེང་ཁཱོག་གྲོང་ཁྱེར་དུ། ད་ལྟའི་གཞུང་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་ཡིན་པ་སོགས་ཀྱི་རྒྱུ་མཚན་ཁ་ཤོས་འོག་ངོ་རྒོལ་ཤུགས་ཆེན་བྱས་སྟབས། ཟླ་འདིའི་ཚེས་ ༩ ཉིན་སྲིད་བློན་ལྕམ་ཡིང་ལོག་ལགས་ཀྱིས་ཐེ་ལན་ཌིའི་གྲོས་ཚོགས་རྩ་གྲོལ་གྱིས་ལོ་རྗེས་མར་རྒྱལ་ཡོངས་འོས་བསྡུ་གནང་རྒྱུ་གལ་བསྒྲགས་སྤེལ་བ་ཞིག་ཆགས་ཡོད་སྟབས། དེར་དམངས་གཙོ་ཚོགས་པ་དང་ཚོགས་པའི་རྒྱབ་སྐྱོར་པ་ཚོ་འདོད་པ་མ་ཁེངས་སྟབས། རྩ་ཁྲིམས་དང་གཞུང་འཛིན་ལམ་ལུགས་ཁག་ལ་བཅོས་བསྒྱུར་མ་བཏང་བར་རྒྱལ་ཡོངས་འོས་བསྡུ་བྱ་མི་དགོས་སྐོར་བརྗོད་དེ། གཞུང་ལ་ངོ་རྒོལ་གྱིས་འོས་བསྡུའི་དེབ་སྐྱེལ་བྱེད་སའི་ས་ཚིགས་ཁག་བཙན་བཀག་བྱས་པ་ཞིག་ཡིན་འདུག 

ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཟུར་པ་དང་། ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་སྣེ་ཁྲིད་བྱེད་མཁན་སོ་ཐེབ་ཀྱིས། གལ་ཏེ། ད་ལྟའི་གཞུང་གིས་ ༢༠༡༤ ལོའི་ཕྱི་ཟླ་ ༢ ནང་བྱ་འཆར་ཡོད་པའི་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་དེ་མ་བསླེབས་གོང་གཞུང་འཛིན་ལམ་ལུགས་ཁག་ལ་ཡིད་ཆེས་འཕེར་བའི་བཅོས་བསྒྱུར་ཞིག་མ་བཏང་བ་ཡིན་ན། ང་ཚོས་རྒྱལ་ཡོངས་འོས་བསྡུ་དེར་ངོས་ལེན་གང་ཡང་བྱེད་མི་སྲིད་ཅེས་དང་། ཡང་། ཁོང་གིས་གལ་ཏེ་ཆབ་སྲིད་ཚོགས་པ་ཁག་གིས་རང་རང་གི་འོས་མི་ཚོ་དེབ་སྐྱེལ་བྱེད་དགོས་ན། ཐོག་མར་ང་ཚོས་ངོས་ལེན་མ་བྱས་པར་དེབ་སྐྱེལ་བྱ་ཐབས་མེད་ཅེས་སོགས་བརྗོད་འདུག

ཐེ་ལན་ཌིའི་སྲིད་བློན་ལྕམ་ཡིང་ལོག་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ང་ཚོས་འོས་བསྡུ་དེ་ངེས་པར་དུ་བྱེད་དགོས་ཀྱི་ཡོད་སྟབས། གལ་ཏེ་ཕར་ཕྱོགས་ལ་འདོད་པ་མེད་ན་འོས་བསྡུའི་ཐོབ་ཐང་བེད་སྤྱད་དེ་ང་དང་ངའི་གཞུང་ལ་ཁ་གཏད་ལྕོགས་དགོས་པ་ལས། དམངས་གཙོའི་ཐོབ་ཐང་བཀོལ་སྤྱོད་བྱེད་སའི་ལམ་ལུགས་ལ་ངོ་རྒོལ་གྱིས་ཆབ་སྲིད་ཐོབ་ཐང་གཅིག་པུ་སྟེ། མི་རེ་འོས་རེ་ལྡུག་རྒྱུའི་རང་དབང་དེ་འཕྲོག་པ་ཡིན་ན་འགྲིག་གི་མེད་སྐོར་དང་།  ཁྱེད་ཚོས་གཞུང་འདི་ཁས་ལེན་ཡང་རུང་ལ་མ་བླངས་ཀྱང་རུང་གང་ལྟར་དམངས་གཙོའི་ལམ་ལུགས་ལ་བརྩི་སྲུང་དང་གུས་བཀུར་བྱེད་དགོས་ཞེས་བརྗོད་འདུག

ཐེ་ལན་ཌིའི་འོས་བསྡུ་ལྷན་ཁང་གི་ལས་བྱེད་སོམ་ཇྷ་ ( Somchai Srisutthiyakorn) ལགས་ཀྱིས། ཆབ་སྲིད་ཚོགས་པ་ ༩ ཙམ་ཞིག་གིས་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་དེབ་སྐྱེལ་བྱེད་ཐུབ་པ་བྱུང་ཡང་། ད་དུང་། ཆབ་སྲིད་ཚོགས་པ་དང་མང་ཚོགས་མང་པོ་ཞིག་གིས་དེབ་སྐྱེལ་བྱ་ཐུབ་མེད་སྐོར་དང་། ད་ཐེངས་འོས་བསྡུ་དང་འབྲེལ་བའི་ངོ་རྒོལ་འདི་ནི་ཐེ་ལན་ཌིའི་འདས་པའི་ལོ་ ༡༠ ལྷག་གི་རིང་བྱུང་མྱོང་མེད་པའི་ངོ་རྒོལ་ཤུགས་ཆེ་ཤོས་དང་སྡུག་ཤོས་ཤིག་རེད་ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ཐེ་ལན་ཌིའི་ནང་གི་ངོ་རྒོལ་དེ་ནི་གཞུང་དང་ཁ་གཏད་ཚོགས་པའི་བར་གྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་དབང་ཆའི་འགྲན་རྩོད་ཅིག་ཡིན་པ་མ་ཟད། གྲོང་གསེབ་དང་གྲོང་ཁྱེར་ཁུལ་གྱི་མང་ཚོགས་ཚོའི་འགལ་ཟླ་ཞིག་ཆགས་ཡོད་སྟབས། མ་འོངས་པར་ཐེ་ལན་ཌིའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ཇི་ལྟར་འཛིན་མིན་ཐད་ལའང་འགོག་རྐྱེན་འཕྲད་སྲིད་སྐོར་བརྗོད་འདུག

བྷེང་ཁཱོག་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་ཐོག་གི་སློབ་དཔོན་ཆེན་མོ (Thitinan Pongsudhirak)ལགས་ཀྱིས། ཐེ་ལན་ཌིའི་ནང་འཕྲད་བཞིན་པའི་ཆབ་སྲིད་ལས་འགུལ་དེ་ཕྱོགས་འགལ་ཚོགས་པ་དང་གཞུང་འཛིན་ཚོགས་པ་གཉིས་ཀྱི་གྲོས་མོལ་བརྒྱུད་སེལ་ཐབས་མ་བྱས་པ་ཡིན་ན། མ་འོངས་པར་ཐེ་ལན་ཌི་དམག་མིའི་སྟངས་འཛིན་འོག་འགྲོ་རྒྱུ་ཉག་ཅིག་ཡིན་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 2

  1. ཚེ་རྣམ། says:
    ལོ་ 12 སྔོན།

    ཐེ་ལན་ཌིའི་སྲིད་འཛིན་ལྕམ་སྐུ་འདི་རྒྱ་རིགས་ཤིག་ཡིན་ས་ཡོད། ཉེ་ཆར་མོ་རང་གིས་གཏམ་བཤད་རྩ་ཆེན་པོ་ཞིག་སྤེལ་འདུག གང་ཡིན་ཟེར་ན། ང་རང་ཐོག་མ་སྲིད་སྟེགས་འདིའི་སྒང་ལ་ཡོང་སྐབས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་ཏེ་ཡོང་བ་ཞིག་ཡིན་སྟབས། གལ་སྲིད་ང་རང་གིས་སྲིད་འཛིན་རྐུབ་སྟེགས་ལས་དགོངས་པ་ཞུ་དགོས་ན་ཐོག་མར་ཐེ་ལན་ཌའི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པ་རེད། རྩ་ཁྲིམས་ལ་བཅོས་བསྒྱུར་མ་བཏང་བར་ང་རང་གིས་དགོངས་པ་ཞུ་དགོས་ཟེར་ནས་ངོ་རྒོལ་ལས་འགུལ་སྤེལ་བ་དེ་རྩ་ཁྲིམས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག

    Reply
  2. བསྟན་འཛིན། says:
    ལོ་ 12 སྔོན།

    ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཟུར་པ་སོ་ཐེབ་དང་མི་མང་ཚོ་སྨྱོན་པ་རང་རེད།  དེ་འདྲའི་བུད་མེད་མཛེས་མ་ཞིག་ལ་ངོ་རྒོལ་བྱེད་རྒྱུའི་སྤོབས་པ་གང་ནས་རྙེད་པ་རེད་དམ།  འཇིག་རྟེན་ན་བུད་མེད་མཛེས་མ་ཡང་ངོ་རྒོལ་བྱེད་མཁན་ཡོད་པ་འདི་ཡ་མཚན་རེད།
    ཀུ་རེ་ཡིན་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese