མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོ་རྒོལ་དང་དམ་དྲག་ཁྲོད་ཀྱི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གི་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ངོ་རྒོལ་དང་དམ་དྲག་ཁྲོད་ནས་མཇུག་བསྒྲིལ་ཡོད་ཀྱང་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱེད་སྟངས་སྐོར་ལ་ཆབ་སྲིད་པ་ཚོས་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཡོད།

ཐེ་ལན་ཌིའི་དམངས་གཙོ་ཚོགས་པ་དང་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་དང་འགོག་རྐྱེན་བཟོ་མིན་ལ་མ་ལྟོས་པར་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཁ་སང་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ ནས་ཕྱི་དྲོའི་ཆུ་ཚོད་ ༣ པའི་བར། ཐེ་ལན་ཌིའི་མངའ་སྡེ་ ༧༧ དང་། འོས་འདེམ་ས་ཁུལ་ ༣༧༥ ཙམ་དུ་ཉིན་བརྒྱ་དུས་གཅིག་ལ་འོས་བསྡུ་གནང་ཡོད་ཅིང་། ཐེ་ལན་ཌིའི་རྒྱལ་ཡོངས་སུ་མི་འབོར་ས་ཡ་ ༦༤ ཙམ་ཡོད་པ་ལས་ཐེངས་འདིའི་འོས་བསྡུའི་ཆ་ཤས་ལེན་མཁན་མི་མང་ས་ཡ་ ༤༩ བྱུང་ཡོད་འདུག

ཐེངས་འདིའི་འོས་བསྡུ་ལམ་ལྷོང་ཡོང་ཆེད་སྲིད་གཞུང་ནས་རྒྱལ་ས་བྷེང་ཁོག་གི་འོས་བསྡུའི་ས་ཚིགས་ ༦༦༧༡ དང་། རྒྱལ་ཡོངས་འོས་བསྡུའི་ས་ཚིགས་ཁག་ཏུ་ཕྱོགས་འགལ་ཚོགས་པའི་ངོ་རྒོལ་བ་ཚོས་འགོག་རྐྱེན་མི་བཟོ་བའི་ཆེད་ཉེན་རྟོག་པ་ ༡༣༠༠༠༠ ཙམ་འགྲེམ་འཇོག་གིས་ལྟ་སྲུང་བྱེད་བཅུག་ཡོད་སྟབས། རྒྱལ་ཡོངས་འོས་བསྡུ་དེ་བརྒྱ་ཆ་ ༨༩ ཙམ་ཞིག་ལེགས་པོ་བྱུང་ཡོད་ཀྱང་། ཕྱོགས་འགལ་ཚོགས་པས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན་འོས་བསྡུའི་ས་ཚིགས་ ༥༠༠ ལྷག་གི་མི་མང་ས་ཡ་ ༦ ཙམ་གྱིས་འོས་བསྡུ་བྱེད་ཐུབ་མི་འདུག

ཐེ་ལན་ཌིའི་ད་ལྟའི་སྲིད་བློན་ལྕམ་ཡིང་ལུག་ལགས་ཀྱིས་གཞུང་འཛིན་སྐྱོང་བྱེད་སྟངས་ཐད་མི་མང་པོ་ཞིག་འདོད་པ་མ་ཁེངས་པར། སྔར་ལོའི་ཕྱི་ཟླ་ ༡༡ པ་ཙམ་ནས་གཞུང་ལ་ངོ་རྒོལ་བྱེད་མགོ་ཚུགས་ཡོད་པ་དང་། མི་མང་ཁྲོད་ཕྱོགས་ཁག་གཉིས་སུ་གྱེས་ཏེ་རྒྱལ་ས་བྷེང་ཁོག་ཏུ་གཞུང་ལ་ངོ་རྒོལ་བསྟུད་མུར་བྱས་ཡོད་ཅིང་། ཤོག་ཁག་གཉིས་བར་གདོང་ཐུག་བྱུང་སྟེ་ད་སྔ་མི་བཅུ་གྲངས་ཤིག་འདས་གྲོངས་དང་མི་ ༦༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ཉེ་ལམ་ཟླ་ ༡ ཚེས་ ༢༧ ཉིན་ངོ་རྒོལ་ཚོགས་པའི་མགོ་ཁྲིད་སུ་ཐིན་ (Suthin Tharatin) ལགས་གཞུང་འཛིན་ཚོགས་པའི་རྒྱབ་སྐྱོར་བ་ཚོས་མེ་མདའ་བརྒྱབ་སྟེ་བསད་ཡོད།

ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཟུར་པ་དང་། ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་སྣེ་ཁྲིད་བྱེད་མཁན་སོ་ཐེབ་ཀྱིས་བརྗོད་པར། ད་རེབ་ཐེ་ལན་ཌིའི་རྒྱལ་ཡོངས་ནང་འོས་བསྡུའི་ས་ཚིགས་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་ཡོད་སྟབས། སྲིད་གཞུང་གིས་སྤྱི་དངུལ་ཆུད་ཟོས་སུ་བཏང་བ་ཙམ་ལས། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་དཀའ་ལས་ཁག་པོ་ཡིན་སྐོར་བརྗོད་འདུག དེ་བཞིན། ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་རེབ་ཐེ་ལན་ཌིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ད་ལྟའི་གཞུང་འཛིན་ཚོགས་པར་རྒྱལ་ཁ་ཐོབ་སྲིད་ཀྱང་། ཕྱོགས་འགལ་ཚོགས་པས་མངའ་སྡེ་ཁག་ཅིག་དང་བྷེང་ཁོག་གི་འོས་བསྡུའི་ས་ཚིགས་མི་ཉུང་བ་ཞིག་ནང་འོས་ལྡུག་བཅུག་མེད་སྟབས། མ་འོངས་པར་ཁྲིམས་མཐུན་རང་བཞིན་ཐོག་གཞུང་འཛིན་སྐྱོང་བྱ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་སྐོར་བརྗོད་འདུག

ཐེ་ལན་ཌིའི་དཔལ་འབྱོར་རིག་པའི་ཆེད་མཁས་པ་ (Kanittha Tambunlertchai) ལགས་ཀྱིས། ཐེ་ལན་ཌི་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་ནང་ཟིང་འཁྲུག་དང་ངོ་རྒོལ་བྱས་ཏེ་ཡུལ་བདེ་ཞི་འཇགས་མི་ཡོང་བ་དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐོག་འགོག་རྐྱེན་བཟོས་པ་ཞིག་ཆགས་ཡོད་ཅིང་། ཆབ་སྲིད་པ་ཚོས་རང་ཉིད་ཀྱི་ཁེ་དབང་རྩོད་ལེད་བྱ་རྒྱུ་བཞག་སྟེ་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་དགོས་སྐོར་དང་། གཞན། བྷེང་ཁཱོག་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་ཐོག་གི་སློབ་དཔོན་ཆེན་མོ (Thitinan Pongsudhirak) ལགས་ཀྱིས། ཐེ་ལན་ཌིའི་ནང་འཕྲད་བཞིན་པའི་ཆབ་སྲིད་ལས་འགུལ་དེ་ཕྱོགས་འགལ་ཚོགས་པ་དང་གཞུང་འཛིན་ཚོགས་པ་གཉིས་ཀྱི་གྲོས་མོལ་བརྒྱུད་སེལ་ཐབས་མ་བྱས་ཚེ། མ་འོངས་པར་ཐེ་ལན་ཌིའི་གཞུང་དེ་དམག་མིའི་སྟངས་འཛིན་འོག་འགྲོ་རྒྱུ་ཉག་ཅིག་ཡིན་ལུགས་སོགས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྤྱི་ཡོངས་ཀྱི་བཀོད་པ། དྲ་ལམ་གྱི་པར།
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

དང་བླངས་སྤྱི་འཐུས་དང་འབྲེལ་བའི་སྒྲིག་དོན་འགའ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ། ༢༠༢༥།༡༢།༡༤ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

༢༠༢༥/༡༢/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese