མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུན་ཁའི་ཨོ་རྩེད་དང་རྒྱ་ནག་གི་མཛའ་བརྩེ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ལོ་རྒྱུས་ལས་བརྒལ་བའི་འགྲོ་སོང་ཕོན་ཆེན་གཏོང་བཞིན་པར་རྒྱལ་སྤྱིའི་ཐོག་སྐྱོན་བརྗོད་ཡོང་བཞིན་ཡོད་འདུག

ད་ལོའི་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་ཐེངས་ཉེར་གཉིས་པ་དེ་ཟླ་འདིའི་ཚེས་ ༧ ནས་ ༢༣ བར་ཨུ་རུ་སུའི་གྲོང་ཁྱེར་སུའུ་ཆིའི་ནང་ཚོགས་བཞིན་ཡོད་པ་དང་།རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དབུ་འཛུགས་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ཡོད་པ་མ་ཟད། ༢༠༡༥ ལོར་རྒྱ་ནག་དང་ཨུ་རུ་སུ་མཉམ་འབྲེལ་ཐོག འཛམ་གླིང་ཧྥ་ཤི་སི་འགོག་རྒོལ་དམག་འཁྲུག་དང་རི་འགོག་དམག་འཁྲུག་གཉིས་ལ་རྒྱལ་ཁ་ཐོབ་སྟེ་ལོ་ ༧༠ འཁོར་བའི་དུས་དྲན་མཛད་སྒོ་བསྡུ་རྒྱུར་གྲོས་མོལ་ཐག་གཅོད་བྱས་ཡོད་འདུག་ལ། དེ་མིན་ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་མཉམ་ལས་སོགས་ཆབ་སྲིད་གནད་དུ་བཟུང་སྟེ་དྲི་བར་ལན་འདེབས་བྱས་ཡོད་འདུག

གནས་ཚུལ་ཐོན་པར།ཐེངས་འདིའི་ཨོ་རྩེད་སྟེང་རྩེད་མོའི་རྣམ་གྲངས་ ༩༨ ཙམ་ཡོད་པ་དང་། རྩེད་མོ་རེར་ཨ་སྒོར་དུང་ཕྱུར་ ༥.༢ རེ་ཡི་འགྲོ་སོང་གཏོང་རྒྱུ་ཡིན་པ་དང་། རྩེད་འགྲན་མགོ་བཙུགས་ཏེ་ཉིན་བཞི་ཕྱིན་པའི་རིང་ཨ་སྒོར་དུང་ཕྱུར་ ༥༠༠ ལྷག་ཕྱིན་ཡོད་ལུགས་བསྒྲགས་འདུག ཐེངས་འདི་ནི་ ༡༩༩༨ ལོའི་ཉི་ཧོང་དུ་ཨ་སྒོར་དུང་ཕྱུར་ ༡༨༦ དང་། ༢༠༠༨ ལོར་པེ་ཅིན་གྱི་དབྱར་དུས་ཨོ་རྩེད་ལ་ཨ་སྒོར་དུང་ཕྱུར་ ༤༠༠ ཕྱིན་པ་སོགས་ལས་བརྒལ་ཏེ།ཨོ་རྩེད་འགྲན་ཚོགས་ཀྱི་ལོ་རྒྱུས་ཁྲོད་འགྲོ་སོང་ཆེ་ཤོས་དེ་ཆགས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིའི་དགུན་དུས་ཨོ་རྩེད་བརྒྱུད་ཨུ་རུ་སུའི་སྲིད་འཛིན་ཕུའོ་ཊིན་གྱིས་རྒྱལ་སྤྱིའི་ཐོག་ཁོ་བོས་སྣེ་ཁྲིད་པའི་ཨུ་རུ་སུ་ཡང་བསྐྱར་སྟོབས་འབྱོར་ལྡན་པའི་ལམ་བུ་ཞིག་ཏུ་བསྐྱོད་མགོ་ཚུགས་ཡོད་པའི་རྣམ་པ་བསྟན་ཡོད་ཀྱང་། ད་ལྟའི་ཨུ་རུ་སུའི་དཔལ་འབྱོར་གནས་བབ་ཡག་པོ་མེད་པའི་ཁར། ཨོ་རྩེད་འགྲན་ཚོགས་འཛུགས་སྐྲུན་ཁྲོད་ལྐོག་ཟ་རུལ་སུངས་དང་ཁོར་ཡུག་གཏོར་བཤིགལས་བཟོ་བ་སྟོང་ཕྲག་མང་པོར་གླ་ཕོགས་ཀྱི་དཀའ་ངལ་འཕྲད་པ་སོགས་ལ་བརྟེན་ཏེ། ཐེངས་འདིའི་ཨོ་རྩེད་ལ་འགྲོ་སོང་ཕོན་ཆེན་བཏང་བ་དེར་རྒྱལ་སྤྱིའི་ཐོག་སྐྱོན་བརྗོད་འབྱུང་བཞིན་ཡོད་པ་མ་ཟད། ཨོ་རྩེད་དབུ་འཛུགས་སྐབས་ཨོ་རྩེད་མཚོན་རྟགས་ཨ་ལུང་ལྔ་འབྲེལ་ལས་ཨ་ལུང་གཅིག་མེ་ཏོག་གི་དབྱིབས་ཀྱིས་ལོགས་སུ་ཐོན་ཏེ་དུས་ཐོག་ཏུ་ཁ་འབྱེད་མ་ཐུབ་པར་སྲིད་འཛིན་ཕུའོ་ཊིན་ཁ་སྐྱེངས་པོ་བྱུང་བ་སོགས་ལ་རྒྱལ་སྤྱིའི་ཐོག་གླེང་སློང་ཆེན་པོ་འབྱུང་བཞིན་ཡོད་པ་རེད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལོ་གསར་པའི་ནང་གི་ཕྱོགས་སྐྱོད་ཐོག་མ་ཨུ་རུ་སུ་བདམས་ཏེ། གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ལ་མཉམ་ཞུགས་བྱས་པ་དེས། རྒྱ་ནག་གཞུང་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་དང་རྒྱ་གར། ཧྥི་ལི་པིན། ཝེ་ཊི་ནམ། འབར་མ་སོགས་དང་མཐའ་མཚམས་ཀྱི་རྩོད་རྙོག་འབྱུང་བཞིན་ཡོད་སྟབས། ཨུ་རུ་སུ་ལ་འབྲེལ་བ་དམ་ཟབ་ཡོད་པའི་རྣམ་འགྱུར་བསྟན་པ་དང་ཆབས་ཅིག རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ཡི་སྐབས་ཀྱི་རྒྱལ་ཁབ་གཉིས་བར་གྱི་འགལ་བའི་སྟོང་ཆ་རྣམས་ཁ་གསབ་བྱེད་པའི་དམིགས་ཡུལ་བཟུང་ཡོད་ཀྱང་། ཨུ་རུ་སུ་དང་རྒྱ་ནག་གཉིས་ནམ་ཡང་ཨ་རི་དང་ཉི་ཧོང་ལྟ་བུའི་དམག་དོན་མནའ་མཐུན་གྱི་འབྲེལ་བ་ཆགས་ཐབས་མེད་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་(The Sochi 2014 Winter Olympics)ཞེས་པ་དེ་དབུ་འཛུགས་བྱས་པའི་ཚུན་གྱི་ཉིན་ ༤ རིང་། གངས་དང་འཁྱག་པའི་ཁྲོད་ནས་རྩེད་མོ་སྣ་ཚོགས་ཤིག་འགྲན་བསྡུར་བྱས་པའི་ཁྲོད། ཁེ་ན་ཌར་གསེར་རྟགས་ ༣ དང་དངུལ་རྟགས་ ༣ ། ཟངས་རྟགས་ ༡ བཅས་ཁྱོན་རྟགས་མ་ ༧ ཐོབ་སྟེ་ཨང་དང་པོ་དང་། ནེ་ཐཱར་ལན་ཌིར་གསེར་རྟགས་ ༣ དང་དངུལ་རྟགས་ ༢ ། ཟངས་རྟགས་ ༢ བཅས་ཁྱོན་རྟགས་མ་ ༧ ཐོབ་སྟེ་ཨང་གཉིས་པ། ནོར་ཝེ་ལ་གསེར་རྟགས་ ༢ དང་དངུལ་རྟགས་ ༡ ། ཟངས་རྟགས་ ༤ བཅས་ཁྱོན་རྟགས་མ་ ༧ ཐོབ་སྟེ་ཨང་གསུམ་པ་ཆགས་འདུག གཞན། ཨ་རི་ཨང་བཞི་པ་དང་རྒྱ་ནག་ཨང་བཅོ་ལྔ་པ་བཅས་རེད།

ད་ལོའི་ཕྱི་ཟླ་ ༧ པའི་ནང་། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་བསྡུ་ཡུལ་གསལ་བསྒྲགས་བྱ་འཆར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༨ ཉིན་སུའུ་ཆི་ཨོ་རྩེད་འགྲན་ཚོགས་ཀྱི་གསར་འགོད་བསྟི་གནས་སུ། རྒྱ་ནག་པེ་ཅིན་དང་ཀྲང་ཅཱ་ཁོའུ་དགུན་དུས་ཨོ་རྩལ་འགྲན་ཚོགས་སྙན་ཞུ་མཉམ་འབྲེལ་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་སྐོང་པའི་ཐོག པེ་ཅིན་ཨོ་རྩེད་སྙན་ཞུ་ཚོགས་པའི་ཚོགས་གཞོན་ཡཱང་ཧྲོ་ཁྲོ་ཡིས་པེ་ཅིན་གྲོང་ཁྱེར་དང་ཀྲང་ཅཱ་ཁོའུ་གྲོང་ཁྱེར་གཉིས་ཀྱིས་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་བསྡུ་རྒྱུར་རེ་བ་དང་ཆ་རྐྱེན། ནུས་པ། ཉམས་མྱོང་བཅས་ཀྱི་ཐད་གྲ་སྒྲིག་ཆ་ཚང་ཡོད་ལ། དེ་ནི་གྲོང་ཁྱེར་གཉིས་ཀྱི་མི་མང་ཁྲི་ ༢༥༠༠ ཡི་རེ་འདོད་ཡིན་ལུགས་བརྗོད་ཡོད་ཀྱང་། གྲོང་ཁྱེར་དེ་གཉིས་ཀྱི་དྲ་རྒྱ་བེད་སྤྱོད་པ་མང་པོས་གྲོང་ཁྱེར་མགོ་ཁྲིད་ཚོས་ཐོག་མར་མི་མང་ཁྲི་ ༢༥༠༠ ཡི་ཚབ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་དགོས་པ་ལས། དཔལ་འབྱོར་གནས་བབ་བརྟན་པོ་མིན་པའི་ཐོག ཨོ་རྩེད་འགྲན་ཚོགས་ལྟ་བུའི་མི་མང་ལ་དཀའ་ངལ་དང་རྒྱུ་དངོས་ལ་གྱོང་གུད་ཕོག་པའི་ལས་ཀ་རིགས་བྱས་ན་དོན་སྙིང་གང་ཡང་མེད་སྐོར་གྱི་བསམ་ཚུལ་བཏོན་འདུག

གསར་འགོད་པ། པདྨ་མཚོ།
 

 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. བཀྲ་གཡང་། says:
    ལོ་ 12 སྔོན།

    པདྨ་མཚོ་ལགས་གསར་འགྱུར་ཡག་པོ་བྲིས་གནང་འདུག གུས་མོས་སྔོན་མ་ནས་ཁྱེད་རང་གི་གསར་འགྱུར་ལ་དོ་སྣང་སྤྲད་བསྡད་ཡོད། ཧ་ཅང་དགའ་མོས་ཆེན་པོ་ཡོད།

    Reply
  2. སྟོབས་རྒྱལ། says:
    ལོ་ 12 སྔོན།

    རྒྱ་ནག་དང་ཨུ་རུ་སུ་གཉིས་མནའ་འབྲེལ་གྲོགས་པོ་ཆགས་པ་དེ་རྒྱུ་མཚན་ལྡན་པ་ཞིག་རེད་སྙམ། བོད་པ་ཚོས་རྒྱ་གར་འཕགས་ཡུལ་ཞེས་ཅི་ཙམ་བསྟོད་སྔགས་གཏོང་གི་འདུག ལྷག་པར་དུ་༧གོང་ས་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གནང་ཕྱོགས་འདི་རྒྱ་གར་གྱི་བདག་ཉིད་ཆེན་པོ་རྒན་ངྷེ་རྗེས་སུ་འབྲིང་པ་ཡིན་གསུང་གི་ཡོད་པ་རེད། དེ་བཞིན། རྒྱ་ནག་ལ་མཚོན་ཡང་རྒྱ་ནག་གི་དམར་ཤོག་ལྟ་བ་དེ་ཨུ་རུ་སུ་ནས་དར་བ་རེད། བོད་ཀྱི་ཆོས་ཁུངས་རྒྱ་གར་ལ་གཏུག་པ་གཞིར་བཟུང་རྒྱ་ནག་གི་ཆབ་སྲིད་ལྟ་བའི་ཁུངས་ཨུ་རུ་སུ་ཆགས་བསྡད་ཡོད་པ་རེད། ཨུ་རུ་སུ་དང་རྒྱ་ནག་གཉིས་བར་ཐག་ཇེ་རིང་དུ་སོང་བའི་ཉིན་མོ་དེ་རྒྱ་ནག་གིས་དམར་ཕྱོགས་ལྟ་བར་ངོ་ལོག་རྒྱག་པའི་ཉིན་མོ་དེ་ཆགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese