མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་སྐྱོན་བརྗོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧ་ཁྲོན་ཡིང་ (Hua Chunying ) གིས་གསར་འགོད་གསལ་བསྒྲགས་ཤིག་ཐོག ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རེ་ཡིས་ཟླ་འདིའི་ཚེས་ ༢༡ ཉིན། ལྕམ་སཱ་ར་སེ་ཝལ་ (Sarah Sewall) ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་ཁྱབ་བསྒྲགས་བྱས་པར་སྐྱོན་བརྗོད་བྱས་འདུག

ཧ་ཁྲོན་ཡིང་གིས། “ཨ་རིས་བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་པར་རྒྱ་ནག་གིས་ནམ་ཡང་ངོས་ལེན་བྱ་མི་སྲིད་ལ། ཨ་རི་གཙོས་རྒྱལ་ཁབ་གཞན་གྱིས་བོད་དོན་ཁར་འཁྱེར་ཏེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱས་པ་ཡིན་ན་རྒྱ་ནག་གིས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་”ཞེས་བརྗོད་འདུག

ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་ John Kerry ཡིས་ལྕམ་སི་ཝེལ་ལགས་ཨ་རིའི་སྲིད་གཞུང་གི་དྲུང་ལས་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བར་དགའ་བསུ་དང་། ཨ་རིའི་གྲོས་ཚོགས་གོང་མས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོང་ལྷན་མཇལ་འཕྲད་དང་ཕྱག་ལས་གནང་རྒྱུ་རེ་བ་ཡོད། ཁོ་མོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་མཁྱེན་རྒྱ་དང་དོ་སྣང་ཆེན་པོ་ཡོད་པར་བརྟེན་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནུས་པ་ལྡན་པ་ཞིག་ཡོང་ངེས་ཡིན། ཞེས་དགའ་བསུ་ཞུས་ཡོད།

ཨ་རིའི་གཞུང་གིས་ ༢༠༠༢ ལོར་བོད་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ཆེད་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་ (Tibetan Policy Act ) ཅེས་པ་ཞིག་གཏན་འབེབས་བྱས་ཏེ་ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་རྒྱ་འབྲེལ་ལམ་སྐོར་གྱི་སྙན་ཐོ་འདོན་བཞིན་ཡོད། ༡༩༩༧ ལོའི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་ཨ་རིའི་སྲིད་འཛིན་ཁི་ལིན་ཌོན་གྱི་སྐབས་སུ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་གྷེར་གྷོ་རི་(Gregory Craig)ལགས་བསྐོ་བཞག་དང་། སྲིད་འཛིན་བྷུ་ཤིའི་སྐབས་སུ་སྐུ་ཞབས་པོ་ལཱ་ (Paula J. Dobriansky) དང་ལྕམ་ཀྲབ་ཌེ (Julia Taft) རྣམ་གཉིས་བསྐོ་བཞག སྲིད་འཛིན་ཨོ་བྷ་མའི་སྐབས་སུ་ལྕམ་མེ་རི་ཡཱ་ཨོ་ཌོ་རའོ་ (Maria Otero) དང་། ཟླ་འདིའི་ཚེས་ ༢༡ ཉིན་ལྕམ་སཱ་ར་སེ་ཝལ་ (Sarah Sewall)ལགས་བཅས་བསྐོ་བཞག་གནང་ཡོད།

ལྕམ་སཱ་ར་སེ་ཝལ་ (Sarah Sewall) ལགས་ནི་ཧར་ཝ་ཌི་ཁེལ་ནེ་ཌི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་ཨ་རིའི་ (Oxfam America) ཞེས་པའི་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པ་མ་ཟད། ཨ་རིའི་བདེ་སྲུང་ལྷན་ཁང་གི་རྒྱལ་སྲུང་ཐབས་ཇུས་རྟོག་ཞིབ་ཚོགས་ཆུང་གི་ཚོགས་མི་ཡང་ཡིན། ཁོ་མོ་དེ་སྔོན་བྷེལ་ཁེ་ལིན་ཀྲིང་སྐབས་སུ་དྲུང་ལས་གནས་རིམ་ཐོག་ཞི་མཐུན་དང་འགྲོ་བ་མིའི་བདེ་རྩར་རོགས་སྐྱོར་གནང་མཁན་གྱི་ལས་འཁུར་བཞེས་གནང་ཡོད་པ་དང་། ཨོ་བྷ་མའི་སྐབས་རྒྱལ་ཡོངས་བདེ་སྲུང་དང་ཕྱི་འབྲེལ་སྲིད་ཇུས་ཐོག་ཕྱག་ལས་ཀྱང་གནང་མྱོང་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥
བོད་མི་དགེ་རྒན་བགྲེས་ཡོལ་ཞིག་ལ་དྲ་ལམ་ནས་མགོ་སྐོར་འཇིགས་སྐུལ་བྱས་ཏེ་ཧིན་སྒོར་འབུམ་ ༡༦༡ ལྷག་ཤོར། དྲ་ལམ་གྱི་པར།
Mobile App

བགྲེས་ཡོལ་དགེ་རྒན་ཞིག་དྲ་ལམ་གཡོ་འོག་ཏུ་ཚུད་ནས་ཧིན་སྒོར་འབུམ་ ༡༦༡ ལྷག་ཤོར་འདུག

༢༠༢༦/༠༡/༠༢
Mobile App

སུད་སིའི་ཨར་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཤི་རྨས་ཆེན་པོ་བྱུང་།

༢༠༢༦/༠༡/༠༢
Mobile App

ཕྱི་ལོ་ ༢༠༢༥ ལོའི་དུས་བབ་གསར་ཁང་གི་བོད་ནང་གི་གནས་ཚུལ་གལ་ཆེན་ཁག

༢༠༢༦/༠༡/༠༢

མཆན། 1

  1. ཚེ་བརྟན། says:
    ལོ་ 12 སྔོན།

    ལྕམ་སྐུ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཡོད། འཇིགས་ཞུམ་བྲལ་བའི་ཐོག་ནས་བོད་དོན་ལ་རྒྱབ་རོགས་གནང་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གི་བྱ་ངན་སྤྱོད་ངན་དག་མངོན་ལྐོག་མེད་པའི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐུབ་པ་གནང་རྒྱུར་འབོད་སྐུལ་སྙིང་ཁུངས་ནས་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese