མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཆུང་བདག་ཀོ་རིན་ལཊ་དགོངས་ཞུ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་དགོངས་ཞུ་བྱས་པའི་ཚབ་ཏུ་དབང་པོ་བཀྲིས་མཐོང་ལགས་བསྐོ་བཞག་གནང་འཆར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཚན་ཐོག་ཏུ། ཁོང་མོའི་སྐུ་གཟུགས་གནས་སྟངས་བདེ་བོ་མེད་པར་བརྟེན་སྤྱི་འཐུས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པའི་སྙན་ཞུ་ཕུལ་ཡོད་པ་ལྟར། ཕྱི་ཚེས་ ༡༩ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་བཞིན། ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་དབང་པོ་བཀྲིས་མཐོང་ལགས་སྐབས་ ༡༥ པའི་སྤྱི་འཐུས་སུ་བསྐོ་བཞག་གནང་འཆར་ཡོད་འདུག

དེ་རིང་དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། “ སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་ཀྱིས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་སྐུ་གཟུགས་བདེ་བོ་མེད་སྟབས། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པར་བཅར་ཐུབ་མེད་པ་དང་། ད་རེབ་ཚོགས་དུས་ ༧ པའང་བཅར་ཐུབ་མེད་པ་རེད། གྲོས་ཚོགས་ཀྱི་སྒྲིག་གཞི་ལྟར་ན། སྤྱི་འཐུས་ལས་ཐོག་པ་ཞིག་གྲོས་ཚོགས་ནང་ཐེངས་གཉིས་བཅར་མ་ཐུབ་པ་ཡིན་ན། རང་བཞིན་གྱིས་སྤྱི་འཐུས་ནས་ཕུད་འཇོག་གི་རེད། ཡིན་ནའང་། ད་རེབ་སྤྱི་འཐུས་ལྷན་ཚོགས་ནས་ཁོང་མོ་ཚོགས་དུས་གཉིས་ལ་མ་བཅར་སྟབས་ཕུད་རྒྱུ་ཡིན་གསུངས་ཡོད་པ་མ་རེད། མོ་རང་གི་ངོས་ནས་ཚོགས་དྲུང་ལ་ཡིག་ཐོག་སྙན་ཞུ་ཕུལ་ཏེ་དགོངས་པ་ཞུས་འདུག ” ཅེས་དང་།

ཁོང་གིས་མུ་མཐུད་དུ། “ སྐབས་ ༡༥ པའི་སྤྱི་འཐུས་འོས་བསྡུ་ཆེན་མོའི་སྐབས་ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་གཅིག་ཡོད་པ་རེད། སྒུག་ཐོ་གཅིག་པུ་དེ་སུད་སིར་ཡོད་པ་དབང་པོ་བཀྲིས་མཐོང་ལགས་རེད། ཁོ་རང་སྤྱི་འཐུས་ཀྱི་བརྒྱ་ཆ་ ༣༣ ལོན་ཡོད་སྟབས། ང་ཚོས་ཆུང་བདག་ཀོ་རིན་ལགས་ཀྱི་ཚབ་ཁོ་རང་རེད་ཅེས་ཕར་ཡི་གེ་བཏང་ཚར་བ་ཡིན། ཁོང་གིས་ག་དུས་ལས་འཁུར་དམ་འབུལ་ཞུ་མིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་གིས་ཕར་འབྲེལ་བ་གནང་གི་རེད། ”ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    འཇིགས་བྲལ་གྱི་སྐད་ཆ་དེ་བདེན་ཆ་འདུག། འོས་བསྡུ་ལྷན་ཁང་གི་ཁྲིམས་སྒྲིག་གཉིས་ཡོད་པ་གསལ་པོ་རེད། ཆོས་ལ་མི་རྟོན་པར་གང་ཟག་ལ་རྟོན་པ་གསལ་པོ་རེད།
    དེ་དང་ཆབས་ཅིག་གོང་གི་དབང་པོ་བཀྲས་མཐོང་ལགས་ཀྱི་དཔར་བཞག་པ་མ་གཏོག་ཆུང་བདག་ཀོའོ་རེན་གྱི་དཔར་མ་བཞག་པ་དེས་དྲ་མཆན་ལ་འགའ་ཕོ་མོའི་རྣམ་དབྱེ་འབྱེད་མི་ཐུབ་པའི་དཀའ་རྙོག་ཕར་མ་འདི་བྱུང་ཚོད་རེད།

    Reply
  2. thapkegyatso says:
    ལོ་ 12 སྔོན།

    དྲྭ་འབུ་ནི་དྲྭ་འབུ་རང་རེད། གསར་འགྱུར་ཐེངས་གཅིག་ཀྱང་མ་བཀླགས་པར་མཆན་འདེབས་ཀྱིན་པ་འདྲ། དེ་མིན་བུ་དང་བུ་མོ་ཞིག་ནོར་ས་ཡེ་ནས་མི་འདུག
    གཞན་འཇིགས་བྲལ་བསྟན་འཛིན་མ་ཡིན་པའི་འཇིགས་བྲལ་བསྟན་འཛིན་ལ་ཞུ་བ་ནི། དོན་ལ་ཡིད་རྟོན་པ་ནི་གལ་ཆེ་ཞིང་། ཉོག་བཤད་ལ་རྫོགས་མཐའ་མེད་པའང་ཤེས་གལ་ཆེའོ།།

    Reply
  3. འདྲེ་ལྡག says:
    ལོ་ 12 སྔོན།

    ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ཞེས་པ་འདི་ཕོ་ཞིག་རེད་དམ། མོ་ཞིག་རེད། པར་ལ་བལྟས་པ་ཡིན་ན། ཕོ་ཞིག་དང་འདྲ་བོ་འདུག་ལ། གསར་འགྱུར་བཀླགས་ན་མོ་ཞིག་ཡིན་པ་འདྲ་བོ་འདུག དངོས་སུ་གསར་འགྱུར་འདི་དགོད་བྱེད་ཅིག་རེད།

    Reply
  4. འབྲུག་སྨྱོན། says:
    ལོ་ 12 སྔོན།

    སྤྱི་ཟུར་ཆུང་བདག་ཀོ་རིན་ལགས་ནད་གཞི་ལས་མྱུར་དུ་དྲགས་ནས་བོད་མིའི་རྩ་དོན་ཐོག་ཕྱག་ལས་མུ་མཐུད་གནང་རོགས་ཞུ།

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 12 སྔོན།

    ཉེ་སྔོན་མདོ་སྨད་སྤྱི་འཐུས་གཅིག་དགོངས་པ་ཞུས་པ་རེད། སྒུག་ཐོ་ཡོད་བཞིན་དུ་ཁྲིམས་སྒྲིག་དང་ཏག་ཏག་བསྡད་མེད་རབས་བཤད་ནས་འོས་བསྡུ་བྱས་པ་རེད། སྐབས་དེར་ཁྲིམས་ཀྱི་འགྲོ་ལུགས་ཤིག་ཡོད་པ་ཡིན་ངེས་རེད་བསམ་སོང་།

    དེ་རིང་ཡུ་རོབ་སྤྱི་འཐུས་ཤིག་དགོངས་པ་ཞུས་པ་དང་། སྒུག་ཐོ་ཡོད་རེད་ཟེར། ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོར་ཡོད་པ་དེ་ཁྲིམས་མཐུན་དུ་ངོས་ལེན་བྱས་འདུག དཱ་ཡང་འདི་ལ་ཁྲིམས་ཀྱི་འགྲོ་ལུགས་གང་དང་གང་ཡོད་ན་བསམ་ནས་ཡོད།

    དབུས་འོས་བསྡུ་ལས་ཁུངས་ལ་མི་རེ་རེའི་ངོ་གདོང་ལ་ཁྲིམས་རེ་ཡོད་པ་གསལ་སྟོན་བྱསའདུག་སྙམ། ང་ནོར་མེད་པའི་རེ་བ་ཡོད།

    ང་སྒེར་ལ་མཚོན་ན་བཀྲས་མཐོང་དབང་པོ་ལགས་ངོ་ཤེས་ཀྱི་ཡོད་ལ། ཀླུ་མཁར་བྱམས་ཡང་ངོ་ཤེས་ཀྱི་ཡོད།

    སྒུག་ཐོ་གཅིག་ངོས་ལེན་བྱེད་ཀྱི་ཡོད་རེད། སྤྱི་འཐུས་དམ་འབུལ་བྱེད་པར་ཤོག་ཟེར་ནས་བརྡ་ཐོ་གཏོང་གི་ཡོད་རེད། སྒུག་ཐོ་གཅིག་ངོས་ལེན་བྱེད་ཀྱི་ཡོད་མ་རེད། དེའི་ཚབ་ཏུ་ཧིན་སྒོར་འབུམ་ཕྲག་མང་པོ་བཏང་ནས་འོས་བསྡུ་བྱེད་ཀྱི་ཡོད་རེད།
    གནད་འགག་གཅིག་ནི་ཁོང་གཉིས་ཀ་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཡིན་པ་དེ་གཅིག་པ་རེད། དེར་བརྟེན་གནད་དོན་གང་ཞིག་གིས་ཀླུ་མཁར་བྱམས་འགོག་གི་ཡོད་པ་དང་། གནད་དོན་གང་ཞིག་གིས་བཀྲས་མཐོང་དབང་པོ་ཡར་གཏོང་གི་ཡོད་རེད།

    གནས་ཚུལ་འདི་དངོས་གནས་ག་རེ་ཡིན་ནམ།

    Reply
  6. བསྟན་ཆོས། says:
    ལོ་ 12 སྔོན།

    ཨ་མ་འོ། མྱི་ལྡང་ཆ་ཀ འདི་བུ་རེད་སྡད་འགུ་བུ་མོ་རེད་སྡད་འགུ ཅི་རེད་ཐིས། ཆེད་མངགས་གྲོས་ཚོགས་ཀྱི་གྲུབ་ཆའི་མི་འབོར་ལ་གནོད་བསྐྱལ་བ་རེད། ཕྱིས་སུ་འདི་འདྲ་མི་ཡོང་བར་ཐབས་ཤེས་ད་ལྟ་ནས་བྱེད་དགོས་པ་རེད་འདུག་སྙམ་མོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese