མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་རུལ་སུངས་ལ་ཁྲིམས་བཤེར།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་ཞིག་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༩ ཉིན་རྒྱ་ནག་ཞིབ་དཔྱོད་ལས་ཁུངས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་ཀོ་ཡཱོང་ཞང་ (Guo Yongxiang ) གིས། དབང་ཆ་བེད་སྤྱོད་ལོག་པར་བཏང་བ་དང་། རང་ཉིད་ཀྱི་བུ་དང་ངན་འབྲེལ་གྱིས་ལྐོག་རྔན་བླངས་ཡོད་པ་ཤེས་རྟོགས་བྱུང་སྟེ། དམར་ཤོག་ཚོགས་མི་དང་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་མ་ཟད། ད་ཆར་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

རྒྱ་ནག་ཞིབ་དཔྱོད་ལས་ཁུངས་ཀྱིས། “ ཀོ་ཡཱོང་ཞང་གིས་དབང་ཆ་བེད་སྤྱོད་ལོག་པར་བཏང་བ་དང་རང་ཉིད་ཀྱི་བུ་དང་ངན་འབྲེལ་གྱིས་རྒྱུ་ནོར་ལྐོག་ཟ་བྱས་པ། ཀྲུའུ་ཡཱོང་ཁང་ལ་རོགས་བྱས་ཏེ་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་འགལ་བའི་བྱ་བ་ལས་ཡོད་པ་དང་། སྲིད་དབང་མགོ་རྟིང་སློག་ཐབས་བཅས་ནག་ཉེས་ཁག་བསགས་ཡོད་སྟབས་འཇུ་བཟུང་བྱས་པ་ཡིན། ” ཞེས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཚ་ནན་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། ༢༠༡༣ ཟླ་ ༡༢ ཚེས་ ༢ ཉིན་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲུའུ་ཡཱོང་ཁང་འཇུ་བཟུང་བྱས་ཡོད་པ་མ་ཟད། ཀྲུའུ་དང་མཉམ་འབྲེལ་བྱེད་མཁན་གྱི་མི་སྣ་མང་པོ་ཞིག་ལ་རྒྱ་ནག་ཁྲིམས་སྒྲིག་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བརྒྱུད་འཇུ་བཟུང་བྱས་ཡོད། དེ་དག་ཁྲོད་ཧུའུ་ནན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཅེ་ཝུན་ལིན་ (Ji Wenlin) དང་། རྒྱ་ནག་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་འགན་འཛིན་ལེ་ཧྰ་ལིན་ (Li Hualin) བཅས་གཙོས་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག 

ཟླ་འདིའི་ཚེས་ ༧ ཉིན་ཀྲུའུ་ཡི་ཉེ་འབྲེལ་གཙོས་པའི་འབྲེལ་ཡོད་མི་སྣ་ ༣༠༠ ཙམ་ལ་འདྲི་གཅོད་བྱས་ཏེ། ཨ་སྒོར་ཐེར་འབུམ་ ༡༤།༥ ཡི་རྒྱུ་ནོར་དང་དངུལ་གཞུང་བཞེས་བཏང་ཡོད་འདུག་ལ། ཀྲུའུ་ཡཱོང་ཁང་གི་བུའི་ཚོང་རོགས་སི་ཁྲོན་གྱི་ཕྱུག་བདག་ལུའུ་ཧེ་ཕིན་དང། རྒྱ་ནག་བཅིངས་གྲོལ་དམག་གི་སྤྱི་ཁྱབ་དམག་འཁྲུག་ཐབས་ཇུས་ལྷན་ཁང་གི་དམག་སྤྱི་གཞོན་པ་ཟུར་པ་ཀོའུ་ཅུན་ཧྲེ་བཅས་འཛིན་བཟུང་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་གནད་ཡོད་མི་སྣ་མང་པོ་འཛིན་བཟུང་བྱས་པ་ལ་བརྟེན་ནས། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཇེ་ཉུང་དུ་འགྲོ་སྲིད་ཀྱང་། ཞི་ཅིན་ཕིན་དང་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཡོད་པའི་མགོ་ཁྲིད་རྒན་པ་ཝུན་ཇ་པའོ་དང་། སྲིད་འཛིན་ཟུར་པ་ཅང་ཙེ་མིན་ཤོག་ཁག་བར་འགལ་ཟླ་ཆགས་སྲིད་སྐོར་བརྗོད་འདུག

ཐེངས་འདིར་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པའི་ཀོ་ཡྰོང་ཞང་ནི། ཀྲུའུ་ཡཱོང་ཁང་སི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་འཁུར་སྐབས། སི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཡིན་འདུག་ལ། ༢༠༠༢ ལོར་ཀོ་ཡྰོང་ཞང་གིས་སི་ཁྲོན་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་དང་རྗེས་སུ་དྲུང་ཆེའི་འགན་འཁུར་ཡོད་འདུག

༢༠༠༦ ལོར་སི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་པ་གཞོན་པ་དང་། ༢༠༠༨ ལོར་སི་ཁྲོན་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཞོན་གྱི་ལས་འགན་འཁུར་ཡོད་འདུག  ༢༠༠༩ ལོ་ནས་ ༢༠༡༣ ལོའི་ཟླ་ ༦ ཚེས་ ༢༣ བར་སི་ཁྲོན་ཞིང་ཆེན་ཤེས་ཡོན་དང་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་འཁུར་ཡོད་འདུག་ལ། མི་རིང་བར་རྒྱ་ནག་དབུས་ཁྲིམས་ཁང་གིས་ཁོང་ལ་ཁྲིམས་ཆད་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

སྐར་མ ༤༡ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese