མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་འཇོན་ན་ང་ཚོའི་འགྲོ་སྟངས་ཧ་ཅང་བརྟན་པོ་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་འཇར་མན་གནས་སྡོད་བོད་མི་ཚོར་བཀའ་སློབ་གནང་སྐབས། ངོས་རང་འཆི་ཡང་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་མགོ་ཁྲིད་མུ་མཐུད་གནས་ཀྱི་ཡོད་སྟབས། ང་ཚོས་འཇོན་ན་ང་ཚོའི་འགྲོ་སྟངས་ཧ་ཅང་བརྟན་པོ་ཆགས་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཅིག་བསྡུ་རིང་ལུཊ་ཡིན་སྟབས། ང་ཚོ་མང་གཙོའི་ལམ་དུ་བསྐྱོད་ཀྱིན་པ་དེ་གཟི་བརྗིད་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཚེས་ ༡༣ ཉིན་ནས་བཟུང་༸གོང་ས་མཆོག་གིས་འཇར་མན་དུ་ཆོས་ཕྱོཊ་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། དེ་རིང་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་འཇར་མན་གྱི་ཚོགས་པ་ (German Speakers Association) ཞེས་པས་ ༢༠༡༤ ལོའི་ལོ་འཁོར་གཟེངས་རྟགས་འབུལ་བཞེས་དང་འབྲེལ་བའི་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་པ་དང་། ཁ་སང་ཚེས་ ༡༥ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་འཇར་མན་གྲོང་ཁྱེར་ཧྥི་རན་ཁི་ཧྥོར་ཌི་ (Frankfurt) ཡོད་པའི་ཕོབ་སི་ཀིར་ཆི་ཡི་ཤུའི་ལྷ་ཁང་དུ་ཆིབས་བསྒྱུར་གྱིས། ཕེ་རིང་ཕོ་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ཕི་ཊར་ཕིལ་ཌི་མན་གཙོས་སློབ་ཕྲུག་བཅས་ལ་མཇལ་འཕྲད་དང་བཀའ་སློབ་དང་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་བཅས་གནང་ཡོད་པར་མ་ཟད། འཇར་མན་གནས་སྡོད་བོད་མི་ ༣༠༠ ལྷག་ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་བླ་སྲོག་ལྟ་བུར་གྱུར་བའི་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དང་མང་གཙོའི་ལམ་དུ་བསྐྱོད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། གཞོན་སྐྱེས་ཚོ་ཕྱི་རྒྱལ་ལུང་པར་འཚར་བྱུང་ཡོད་ཀྱང་། བོད་པའི་སྐད་ཡིག་ཤེས་ཐུབ་པ་བྱེད་དགོས་པ་དང་མ་བརྗེད་པ་བྱ་དགོས་སྐོར་སོགས་གསུངས་ཡོད།

སྐུ་དབང་རྩིས་སྤྲོད་ཐད་༧གོང་ས་མཆོག་གིས། ངོས་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་མཚམས་འཇོག་བྱས་པ་ཡིན། དེ་ངོས་རང་སེམས་ཤུགས་ཆག་པ་དང་བོད་སྤྱི་པའི་དོན་ལ་རེ་བ་མེད་པར་ཆབ་སྲིད་ཀྱི་འགན་འཁུར་བཞག་པ་མིན། གང་ལྟར། ང་ཚོ་མང་གཙོའི་ལམ་དུ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ཆུང་དུས་ནས་མང་གཙོའི་ལམ་ལུགས་ལ་དགའ་ཞེན་ཆེན་པོ་ཡོད། ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་བསླེབས་རྗེས་མང་གཙོའི་ལམ་ནས་སྤྱི་འཐུས་བསྐོ་གཞག་བྱས་པ་རེད། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་འོས་བསྡུ་བྱས་ཏེ་བསྐོ་གཞག་བྱས་པ་ཞིག་ཆགས་ཡོད། ཆབ་སྲིད་ཀྱི་འགན་དབང་གཙོ་བོ་བཀའ་བློན་ཁྲི་པས་ཁུར་ཏེ་ངོས་རང་ཕྱེད་རྒན་ཡོལ་གྱི་གནས་སྟངས་ཐོག་བསྡད་པ་ཡིན། ༢༠༡༡ ནས་ངོས་རང་རྒན་ཡོལ་ཆ་ཚང་ཞུས་པ་ཡིན། དེ་བཞིན་བཀའ་བློན་ཁྲི་པའི་མིང་ཡང་སྲིད་སྐྱོང་ལ་བསྒྱུར་བ་རེད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས་མུ་མཐུད། ངོས་ཀྱིས་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་དྲུང་ནས་ཆབ་སྲིད་ཀྱི་འགན་དབང་ཞུས་པ་ཡིན། ངོས་རང་ལོ་བདུན་ཅུ་དོན་དྲུག་ལ་བསླེབས་སྐབས་མང་གཙོའི་ལམ་ནས་འོས་བསྡུ་བྱས་ཏེ་བསླེབས་པའི་སྲིད་སྐྱོང་ལ་འགན་དབང་ཕུལ་བ་ཡིན། དེ་ནི་རླབས་ཆེན་ཞིག་རེད་ཅེས་སྐབས་དེའི་མཛད་སྒོར་ངོས་བཤད་པ་ཡིན། ཆབ་སྲིད་ཀྱི་ལས་འགན་འོས་བསྡུའི་ལམ་ནས་ཕེབས་པའི་མགོ་ཁྲིད་ཀྱིས་གཙང་མ་འཁྱེར་སྐབས། རྒྱ་མི་མཁྲེགས་བཟུང་བྱེད་མཁན་ཚོས་བོད་པའི་གནད་དོན་དེ་ཏཱ་ལའི་བླ་མར་ཐུག་ཡོད་པར་བརྟེན། ཏཱ་ལའི་བླ་མ་འཆི་སོང་ན་བོད་པའི་གནས་ཚུལ་མེད་པ་ཆགས་ཀྱི་རེད་ཅེས་སྔོན་མ་ནས་ཤོད་ཀྱི་འདུག ད་ཆ་དེ་ལྟར་ཤོད་རྒྱུ་ལྷག་མེད། ངོས་འཆི་ཡང་མི་མང་གིས་ལོ་ལྔ་རེའི་མཚམས་སུ་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་མགོ་ཁྲིད་མུ་མཐུད་གནས་ཀྱི་རེད། དེར་བརྟེན་ང་ཚོས་འཇོན་ན་ང་ཚོའི་འགྲོ་སྟངས་ཧ་ཅང་བརྟན་པོ་ཆགས་ཡོད། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བརྩིས་ཀྱང་ཕར་ཕྱོགས་དེར་རྒྱ་མི་སྟོབས་ཤུགས་ཆེན་པོ་ཡོད་ཀྱང་གཅིག་བསྡུས་རིང་ལུགས་རེད། འཛམ་གླིང་གི་ཁྲོམ་རྭའི་ནང་གཅིག་བསྡུ་རིང་ལུགས་ཀྱི་ལམ་ལུགས་དེ་དུས་ཚོད་ཡོལ་ཟིན་པ་ཆགས་ཡོད། ང་ཚོ་ཆུང་ཆུང་ཡིན་རུང་མང་གཙོའི་ལམ་ཐོག་བརྒྱ་ཆ་བརྒྱ་ཐམ་པ་སྐྱོད་ཀྱི་ཡོད་སྟབས། དེ་ང་ཚོའི་གཟི་བརྗིད་རེད། ཅེས་བཀའ་སློབ་གནང་འདུག

ཉིན་རྒྱབ་ཡི་ཤུའི་བླ་ཆེན་བྷི་ཤོབ་དང་ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་རྣམས་དང་ལྷན་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་སྐོར་གྱི་བགྲོ་གླེང་ཐོག་ཆིབས་བསྒྱུར་ཀྱིས་བཀའ་སློབ་དང་སློབ་མ་ཚོའི་དྲི་བར་ལན་འདེབས་བཅས་གནང་ཡོད་པ་དང་། བགྲོ་གླེང་ཐོག་ཆོས་ལུཊ་རིས་མེད་སྐོར་ལ་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། ངོས་རང་རྒྱ་གར་ནང་ལོ་ ༥༥ བསྡད་པའི་ཉམས་མྱོང་ལ་གཞི་བཅོལ་ནས་ཞུས་ན། འཛམ་གླིང་གི་མི་འབོར་མང་ཤོས་རྒྱ་གར་ནང་ཆོས་ལུགས་དང་སྐད་ཡིག རིག་གཞུང་སོགས་འདྲ་མིན་སྣ་ཚོགས་ཡོད་ཀྱང་། རང་བཙན་ཐོབ་པ་ནས་ད་བར་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ངང་གནས་ཐུབ་ཡོད། གཙོ་བོ་རྒྱ་གར་གྱི་རྩ་ཁྲིམས་ནང་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་རིས་མེད་ལ་བརྩི་བཀུར་ཞུ་རྒྱུའི་སྲོལ་བཟང་ཞིག་ཡོད་པ་དེ་ལས་བྱུང་བ་ཞིག་ཡིན། རྒྱ་གར་གྱི་རྩ་ཁྲིམས་ནང་འཁོད་པའི་ཆོས་ལུགས་རིས་མེད་འདི་ཆོས་ལུགས་ལ་དགག་པ་བརྒྱབ་པའི་ལྟ་གྲུབ་ཅིག་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ། ངོས་ཀྱིས་ཆོས་ལུགས་རིས་མེད་ལ་ལྟ་སྐབས་གཙོ་བོ་ཚན་རིག་དང་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ནས་ལྟ་བཞིན་ཡོད། རང་གཞན་གཉིས་ལ་ཕན་པའི་ལས་དེ་བཟང་པོ་དང་། རང་གཞན་གཉིས་ལ་གནོད་པའི་ལས་དེ་ངན་པར་བརྩི་དགོས། དེར་བརྟེན། གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་དེ་ཆོས་ལུགས་རིས་མེད་བཟང་སྤྱོད་ཀྱི་གཞི་རྩ་ལྟ་བུ་ཡིན། ཞེས་གསུངས་ཡོད་འདུག

ཚེས་ ༡༤ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད་ཀྱི་དྲི་བར་ལན་འདེབས་དང་འཇར་མན་བོད་ཁང་གི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཅས་གནང་ཡོད་པ་དང་། ཉིན་རྒྱབ་ཧྥི་རར་ཕོ་ཌི་ (Fraport Arena) རྩེད་ཐང་དུ་མི་མང་ ༤༨༠༠ བརྒལ་བར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ནང་སེམས་ཀྱི་རིན་ཐང་ཉམས་ལེན་བྱ་ཕྱོཊ་ཐོག་བཀའ་སློབ་གནང་ཡོད་འདུག ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་གསར་འགོད་པར་ཐུག་འཕྲད་ཀྱིས་དྲི་བར་ལན་འདེབས་དང་། ཧེ་སེའི་མངའ་སྡེའི་བློན་ཆེན་སྐུ་ཞབས་ཝོལ་ཀར་བྷུ་ཕི་ཡར་མཆོག་དང་མཇལ་འཕྲད་བཅས་མཛད་འཕྲིན་ཁག་བསྐྱངས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese