མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་འདི་ལྟར་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་བཀའ་དྲིན་རྗེས་དྲན་གྲ་སྒྲིག་ཚོཊ་ཆུང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་དྷ་རམ་ས་ལར་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་བའི་རྒྱལ་སྤྱི་མི་སྣ་གདན་ཞུ་སོགས་ཀྱི་ལམ་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་འཆར་ཡོད་པ་ངོ་སྤྲོད་གནང་སོང་།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་འཁོར་སྲུང་གཙི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས། ཆོས་རིག་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས་བཅས་ཀྱིས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་སྲིད་སྐྱོང་མཆོག་གི་བཀའ་ཤག་གཏམ་བཤད་ནང་བོད་མིའི་སྒྲིག་འཛུཊ་འཛིན་སྐྱོང་བཀའ་ཤག་གིས་ ༢༠༡༤ ལོ་ནི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུ་རྒྱུའི་གསལ་བསྒྲགས་གནང་བ་དང་། དེ་བཞིན་སྤྱི་འཐུས་གྲོས་ཚོགས་ནང་བཀའ་ཤག་གིས་བོད་མིའི་སྒྲིག་འཛུཊ་ཀྱིས་ངོས་ནས་དེ་བཞིན་གསལ་བཤད་གནང་ཡོད་པ་ལྟར། ཉེ་ལམ་དུས་དྲན་གྱི་མཛད་རིམ་ལག་བསྟར་ཆེད་ཚོགས་མི་ ༥ ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུཊ་གནང་ཡོད་པ་མ་ཟད། ཚོགས་ཆུང་གི་ངོས་ནས་དུས་དྲན་སྲུང་གཙི་དང་འབྲེལ་ཏེ་ཆོས་རིག་ལས་ཁུངས་ཁྱབ་ཁོངས་ལ་ལས་རིམ་ཁག་ ༥ དང་། ནང་སྲིད་ཁྱབ་ཁོངས་ལ་ལས་རིམ་ཁག་ ༢ ། ཤེས་རིག་ཁྱབ་ཁོངས་ལས་རིམ་ཁག་ ༤། ཕྱི་དྲིལ་ཁྱབ་ཁོངས་ལ་ལས་རིམ་ཁག་ ༥ ། འཕྲོད་བསྟེན་ཁྱབ་ཁོངས་ལ་ལམ་རིམ་ཁག་ ༡ ། གྲ་སྒྲིག་ཚོགས་ཆུང་ལ་ལས་རིམ་ཁག་ ༨ བཅས་ཁྱོན་བསྡོམས་ལས་རིམ་ཁག་ ༢༥ ཙམ་གཏན་ཁེལ་བྱུང་ཡོད་སྐོར་བརྗོད་སོང་།

དྲུང་ཆེ་སྟོབས་རྒྱལ་ལགས་ཀྱིས་འདི་ལོའི་སུམ་ཅུའི་དུས་དྲན་ཉིན་སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་གནང་རྗེས། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་གྲངས་ཉེར་ལྔར་ཕེབས་པའི་འཁྲུངས་སྐར་གཞུང་འབྲེལ་ཐོག་སྲུང་གཙི་གནང་བ་དང་། ནོར་ཝེ་རྒྱལ་ས་ཨོ་སི་ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་༧གོང་ས་མཆོག་དང་གཟེངས་རྟགས་འབུལ་བཞེས་གནང་མཁན་གྱི་ཚོགས་མི་གདན་ཞུ་གནང་པ་སོགས་བཀའ་དྲན་རྗེས་དྲན་གྱི་ཆ་ཤས་ཤིག་ཡིན་སྐོར། དེ་བཞིན་མ་འོངས་བྱེད་འཆར་ཐད་ཁོང་གིས། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་ཀྱིན་པའི་སྐུའི་འཁྲུངས་སྐར་དབུས་དང་ས་གནས་ཁག་ནང་གཟབ་རྒྱས་ངང་སྲུང་གཙི་གནང་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་གིས་བོད་མི་ཚོར་འཛམ་གླིང་རྒྱལ་ཁབ་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་ཆེད་དམངས་གཙོ་གསོལ་རས་གནང་བ་ལྟར་བཀའ་དྲིན་རྗེས་དྲན་ཆེད་དམངས་གཙོའི་དུས་དྲན་སྲུང་གཙི་གཟབ་རྒྱས་གནང་རྒྱུ། འབྱུང་འགྱུར་ཕྱི་ཟླ་ ༡༠ བའི་ནང་དྷ་རམ་ས་ལར་གྷན་དྷིའི་འཁྲུངས་སྐར་ཉིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བའི་རྒྱལ་སྤྱིའི་མི་སྣ་ཁག་ཅིག་གདན་ཞུ་གནང་རྒྱུ། ལྡི་ལིར་དོན་གཅོད་ཀྱི་འགན་བཞེས་ཏེ་ལས་རིམ་གོ་སྒྲིག ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་དབུས་ས་གཉིས་དང་བོད་མི་འདུས་སྡོད་ཁག་ཡོངས་སུ་གཟབ་རྒྱས་གནང་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

གསར་འགོད་པས་འདི་ལོར་དམིགས་བསལ་གྱིས་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་དྲིས་པར་ཁོང་གིས། “ འདི་ལོ་ཕྱི་ལུགས་ཐོག་༧གོང་ས་མཆོག་དགུང་གྲངས་ ༧༩ ལ་ཕེབས་ཀྱི་ཡོད་པ་རེད། བོད་ལུཊ་ཐོག་བརྩིས་པ་ཡིན་ན་དགུང་གྲངས་ ༨༠ ཕེབས་ཀྱི་ཡོད། བོད་པའི་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་ན། དེ་སྔ་བོད་ནང་དགུང་གྲངས་བརྒྱད་ཅུ་ཕེབས་སྐབས་དམིགས་བསལ་གྱི་རྟེན་འབྲེལ་དང་། ནང་མི་སོ་སོའི་ནང་བགྲེས་པོ་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་རྟེན་འབྲེལ་གྱི་བརྩི་སྲོལ་དེ་འདྲ་ཡོད་པ་རེད། དེ་འདྲའི་ཐོག་ནས་གནད་དོན་གཅིག་ཆགས་ཡོད་པ་རེད། གཉིས་ནས་ཉིས་སྟོང་བཅུ་བཞི་དེ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོའི་ལོའི་བརྩི་སྟངས་ཀྱི་ཆ་ནས་གནད་འགག་ཅིག་ཆགས་ཡོད་པ་རེད། ༧གོང་ས་མཆོག་གིས་ད་ལྟའི་བོད་མའི་ཆེད་དུ་ཕྱག་ལས་གང་གནང་བ་དག་ངོས་ཟིན་པ་དང་དྲན་པར་བྱ་རྒྱུ་དང་། མ་འོངས་པའི་མི་རབས་ཚོར་ངོ་སྤྲོད། རྒྱལ་སྤྱི་དང་བོད་པའི་སྤྱི་ཚོགས་ནང་གི་མཛད་འགན་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ། ཁོང་གི་མཛད་འགན་རྩ་ཆེན་པོ་ཡིན་པ་ར་སྤྲོད་དང་ཁྱབ་སྤེལ་བྱ་རྒྱུ་བཅས་ཀྱི་ཆེད་དུ་རེད། ” ཅེས་བརྗོད་སོང་།

ཐེངས་འདིའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཁག་གི་འགྲོ་གྲོན་ཐད་ཁོང་གིས། “ཚོགས་ཆུང་གི་ལས་རིམ་ཆ་ཚང་བཀའ་ཤག་གིས་མར་གནང་གི་ཡོད་པ་རེད། དེ་མིན་པའི་ལས་ཁུངས་ཁག་སོ་སོ་དང་དེ་དག་གི་ཁྱབ་ཁོངས་ཀྱི་ས་གནས་ཁག་དང་དགོན་སྡེ། སློབ་གྲྭ་སོགས་ཁུངས་སོ་སོ་ནས་གཏོང་རྒྱུའི་ཐུགས་གཏན་ཁེལ་ཡོད་པ་རེད། དེ་སྔོན་གྲུབ་ཟིན་པའི་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དེ་བཀྲ་ཤིས་ལྷུན་པོར་གནང་ཡོད་པ་རེད། བཞུགས་སྒར་དུ་གོ་སྒྲིག་གནང་ཡོད། པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཐད་བཀའ་ཤག་ལ་སྔོན་རྩིས་བཀའ་འཁྲོལ་ཐོབ་པ་འབུམ་ ༥ གནང་ཡོད། རྩིས་ཁྲ་ཆ་ཚང་བ་ས་གནས་ཚོགས་ཆུང་བརྒྱུད་འབྱོར་རྒྱུ་ལྷག་ཡོད། ཨོ་སི་ལོའི་འགྲོ་སོང་ཁུངས་སོ་སོ་ནས་བཏང་ཡོད། སྤྱི་ཡོངས་ཀྱི་འགྲོ་སོང་ས་ཡ་གཅིག་ལྷག་གི་འགྲོ་རྒྱུའི་འཆར་གཞི་བསྒྲིགས་ཡོད། ” ཅེས་བརྗོད་བྱུང་།

ཐེངས་འདིའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་དག་ནི། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས། ཆོས་རིག་དྲུང་འཕར་བསྟན་འཛིན་ལུང་རྟོགས་ལགས། འཕྲོད་བསྟེན་དྲུང་གཞོན་འཕྲིན་ལས་དཔལ་མོ་ལགས་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 3

  1. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    ཕ་བླ་མའི་བཀའ་དྲིན་སྒྲུབ་པས་འཇལ། །ཞེས་གསུངས་པ་བཞིན་༧གོང་ས་མཆོག་གི་བཀའ་དྲིན་གསབ་ཐབས་ལ་བཀའ་བཞིན་སྒྲུབ་ནས་བཀའ་དྲིན་གསབ་ཐབས་མི་བྱེད་པར་བཀའ་དྲིན་རྗེས་དྲན་ཞེས་མི་དམངས་མདུན་དུ་༧གོང་ས་མཆོག་གི་བཀའ་དྲིན་དྲན་གསོ་བྱས་པ་ཙམ་གྱི་སུ་དང་གང་ལ་མི་ཕན། གཞན་དམངས་གཙོ་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུ་ཞེས་པས་ང་ལ་གནད་དོན་ཅིག་དྲན་གསོ་བཏང་སོང་། དེ་སྔོན་མཁས་པར་རློམ་པ་ཧོར་འཇིགས་ནས་གཞུང་འབྲེལ་ཚོགས་འདུ་ཞིག་གི་ཐོག་དམངས་གཙོ་དང་༧གོང་ས་མཆོག་གཉིས་ལས་གང་འདེམས་ཅེས་ན་དམངས་གཙོ་འདེམས་དགོས་པ་ཐེ་ཚོམ་མེད་ཅེས་བཤད་ཡོད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་སྲིད་སྐྱོང་མཆོག་གི་བཀའ་ཤག་གཏམ་བཤད་ནང་བོད་མིའི་སྒྲིག་འཛུཊ་འཛིན་སྐྱོང་བཀའ་ཤག་གིས་ ༢༠༡༤ ལོ་ནི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུ་རྒྱུའི་གསལ་བསྒྲགས་གནང་བ་་་་་་་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༧གོང་ས་མཆོག་གི་སྐུ་སྲུང་སྐུ་བཅར་ཚོ་མི་མཚན་ཉིད་ཚང་པ་བཞག་རོགས ད་ལོ་ཨ་རི་ནང་ཆིབ་སྒྱུར་སྐབས་ཀྱི་སྐུ་བཅར་དེ་དག་ནི་སྐུ་སྲུང་ཕར་ཞོག་མིའི་མཚན་ཉིད་ཀྱང ཚང མེད་པ་ཐག་ཆོད་འདུག་དངོས་གནས་བྱས་ན་ང ་ཚོ་བོད་པ་མིའི་མཚན་ཉིད་ཚང་ཡོད་ཀྱང་ད་ལོ་ཨ་རིར་ཆིབ་སྒྱུར་སྐུ་བཅར་པ་དེ་ཚོ་རྒྱ་ཆ་བརྒྱ་མིའི་མཚན་ཉིད ཚང་མི་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese