མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛངས་མའི་དབུ་རྒྱན་བསྟན་འཛིན་དབྱངས་འཛོམས་ལ་གཡོག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་ཀྱི་མཛངས་མ་འགྲན་སྡུར་གྱི་གསར་འགོད་གསལ་བསྒྲགས་ཚོགས་སོང་བ་དང་། འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་སྒང་ཏོག་ནས་ཡོང་བའི་བུ་མོ་བསྟན་འཛིན་དབྱངས་འཛོམས་ལགས་ལ་གཡོག་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག འདི་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་གྱི་གསར་འགོད་གསལ་བསྒྲགས་ཚོགས་སོང་བ་དང་། ཐེངས་འདིའི་མཛངས་མ་འགྲན་སྡུར་ནང་དངོས་སུ་ཞུགས་མཁན་སྒང་ཐོག་ནས་ཡོང་བའི་བུ་མོ་བསྟན་འཛིན་དབྱངས་འཛོམས་ལགས་གཅིག་པུ་ཡིན་ལ། ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་ཕྱི་དྲོར་བོད་ཀྱི་ཟློས་གར་ཁང་དུ། བསྟན་འཛིན་དབྱངས་འཛོམས་ལགས་ལ་ ༢༠༡༤ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོག་པའི་དགོང་ཚོགས་བསྡུ་རྒྱུ་ཡིན་འདུག

བོད་ཀྱི་མཛངས་མ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྒྲོགས་སྦྱངས་བྱས་པའི་ནང་། འདི་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ལ་བུ་མོ་ ༨ ཀྱིས་སྙན་ཞུ་སྤྲད་ཡོད་པའི་ནང་བུ་མོ་ ༥ འགྲན་སྡུར་ནང་དངོས་སུ་ཞུགས་པའི་གཏན་འཁེལ་བྱུང་ཡོད་ཀྱང་། མི་སྒེར་གྱི་དཀའ་ངལ་སོགས་ཀྱིས་བུ་མོ་ ༤ འགྲན་སྡུར་ནང་ཞུགས་ཐུབ་མེད་སྟབས། འདི་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་བསྟན་འཛིན་དབྱངས་འཛོམས་ལགས་ལ་གཡོག་གཏན་འཁེལ་ཡོད་པ་དང་། འདི་ལོ་ནི་བོད་ཀྱི་མཛངས་མ་འགྲན་སྡུར་གྱི་ལོ་རྒྱུས་ནང་འགྲན་ཞུགས་པ་གཅིག་ལས་མེད་པ་ཐེངས་ ༤ པ་དེ་ཆགས་ཡོད་ཀྱང་། འགྲན་ཞུགས་པ་ཅི་ཙམ་མཉམ་ཞུགས་བྱེད་མིན་གྱི་གནད་དོན་དེ་གོ་སྒྲིག་པའི་ལག་ཏུ་མེད་སྟབས། མ་འོངས་པར་བོད་ཀྱི་མཛངས་མ་འགྲན་སྡུར་མུ་མཐུད་དུ་གོ་སྒྲིག་བྱེད་རྒྱུ་ཡིན་ལ། ལོ་རྗེས་མར་འགྲན་ཞུགས་པ་མང་ཙམ་ཡོང་བའི་རེ་བ་ཡོད་ལུགས་བརྗོད་སོང་།

བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས་ཁོ་མོ་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་དམིགས་ཡུལ་བརྗོད་དོན། “ང་རང་ཆུང་དུས་ནས་ཕ་མ་གཉིས་ཀྱིས་བོད་དོན་ཐོག་དོ་ཁུར་བྱེད་དགོས་པའི་སྐུལ་མ་གནང་བ་ལྟར་བོད་དོན་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན་ལ། གོ་སྐབས་འདི་ནི་ངའི་མི་ཚེ་ནང་བོད་དོན་ཐོག་ལས་ཀ་བྱེད་པའི་གོམ་པ་དང་པོ་དེ་ཆགས་ཡོད། ང་རང་ངོས་ནས་བོད་ཀྱི་མཛངས་མའི་འགྲན་སྡུར་འདི་བོད་རིགས་བུ་མོ་ཚོའི་གོ་སྐབས་ཡག་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་ལྟར། ཐེངས་འདིའི་འགྲན་སྡུར་ནང་ཆ་ཤས་བླངས་བ་ཡིན། ”ཞེས་དང་།

ཡང་ཁོ་མོས་མ་འོངས་འཆར་གཞིའི་སྐོར་ལ། “བོད་ཀྱི་མཛངས་མའི་སྡིངས་ཆ་འདི་བརྒྱུད་ནས་བོད་དོན་ཐོག་ལག་ཀ་བྱེད་པའི་གོ་སྐབས་མང་པོ་ཡོད་སྟབས། ངས་ད་ལྟ་ནས་མགོ་ཡག་པོ་ཞིག་བརྩམས་ཏེ་མུ་མཐུད་བོད་དོན་ཐོག་ལས་ཀ་བྱེད་པའི་འདུན་པ་ཡོད། ད་ལྟའི་བར་བོད་དོན་ཆེད་བོད་མི་ ༡༣༠ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་སྟབས། ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་ཁོང་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། ཆེས་མ་མཐའ་ཡང་བོད་ལ་རང་སྲིད་རང་སྐྱོང་གི་བདག་དབང་འཐོབ་པར་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་འབད་བརྩོན་གནང་རོགས། ང་རང་གི་ངོས་ནས་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཧ་ཅང་གལ་ཆེན་པོ་མཐོང་སྟེ་ཆེད་དམིགས་ཀྱིས་དགེ་རྒན་ཆེད་སྦྱོང་བྱས་པ་ཡིན་ལ། མ་འོངས་བོད་ཀྱི་མི་རབས་གསར་པ་ཚོའི་ཤེས་ཡོན་ཡར་རྒྱས་ལ་ཕན་ཐོགས་ཡོང་ཆེད། ང་རང་ལ་དགེ་རྒན་ཡག་པོ་ཞིག་བྱེད་པའི་འདུན་པ་ཡོད། ”ཅེས་བརྗོད་སོང་།

བསྟན་འཛིན་དབྱངས་འཛོམས་ལགས་ནི་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༣ ཡིན་པ་དང་། ཁོ་མོ་ཆུང་དུས་ནས་ས་གནས་སློབ་གྲྭར་འགྲིམས་ཏེ་བྷང་ལོར་ནས་སེམས་ཁམས་རིག་པ་དང་སྤྱི་ཚོགས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དགེ་རྒན་ཆེད་སྦྱོང་བཅས་ཐོན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༦ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 11

  1. ཉི་སྒྲོན། says:
    ལོ་ 12 སྔོན།

    ཨ་རིག་འགྱུར་མེད་མི་འདི་དག་གི་རྗེས་སུ་ཆོད་ཀྱི་ཡོད་པ་མ་རེད། ཁོ་རང་གིས་ཀྱང་འཆོམ་རྒྱག་བྱེད་ཀྱི་ཡོད་ཀྱང་ལྐུག་འཆོམ་རྒྱག་གི་ཡོད་པ་རེད། གཞན་དག་ཚོའི་དེ་ཆབ་སྲིད་ཀྱི་འཆོམ་རྒྱག་རེད། ཨ་རིག་འགྱུར་མེད་ཀྱི་དེ་འདོད་སྲེད་དང་ཆགས་སྤྱོད་སོགས་སྤྱི་ཚོགས་ཀྱི་ཀུན་སྤྱོད་མེད་པའི་འཆོམ་རྒྱག་རེད། དོན་གྱིས་བཤད་ན་ཁྲིམས་འགལ་དང་བཟང་སྤྱོད་མེད་པའི་འཆོམ་རྒྱག་རེད། མང་གཙོའི་སྤྱི་ཚོགས་ཚད་དང་ལྡན་པ་ཞིག་ཡིན་ན་འདི་དག་ཁྲིམས་དང་མང་ཚོགས་གཉིས་ངོས་ནས་རྒྱ་ཡན་དུ་གཏོང་གི་མ་རེད་དོ་་

    Reply
  2. བདེན་གཏམ། says:
    ལོ་ 12 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། བུ་མོ་འདི་བོད་ཀྱི་མཛངས་མ་རེད་ཡང་ན་བློ་བཟང་དབང་རྒྱལ་ཁོ་རང་སྒེར་གྱི་མཛངས་མ་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ངས་བྱས་ན་ཧ་ལམམམམམམམམམམམམམམམམམམམམམམམམམམམམ། ཚང་མའི་མཁྱེན་གསལ་རེད། བོད་ཀྱི་མཛངས་མ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཧ་ཧ་ཧ་ཧ།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།། རྡ་སར་གམིགས་གསལ་ཅན་གྱི་མི་བཞི་ཡོད་འདུག་པར་དེ་ཚོ་ནི་བློ་བཟང་དབང་རྒྱལ་དང་བསྟན་འཛིན་བརྩོན་འགྲུས་ཤར་ཕྱོགས་ཁུག་རྟ་ཨ་རིགས་འརྒྱུར་མེད་བཅས་མི་བཞི་པོ་འདི་གཞན་དང་མ་འདྲ་ཁྱད་ཆོས་རེ་ཡོད་པ་འདྲ་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བློ་བཟང་གིས།
    ་་་་་་་་ གང་ལྟར་རྡ་རམ་ས་ལའི་སྤྱི་ཚོགས་ཀྱི་མཐའ་རུ་བུད་ཟིན་པའི་མི་བཞི་ཡོད་པ་རེད། བློ་བཟང་དབང་རྒྱལ་དང་བསྟན་འཛིན་བརྩོན་འགྲུས། ཤར་ཕྱོགས་ཁུག་རྟ་དང་ཨ་རིག་འགྱུར་མེད་བཞི་རེད། ་་་་་་་་ ཟེར།

    Reply
  5. འཇམ་གཅེས ། says:
    ལོ་ 12 སྔོན།

    བོད་སྐད་དག་མ་མི་ཤེས་པའི་བོད་ཀྱི་མཛངས་མ།
    བོད་རིགས་གཙང་མར་ཡིན་མིན་དོགས་པའི་བོད་པའི་མཛངས་མ།
    ཧིན་སྒོར་གཅིག་འབུམ་དོན་དུ་གཉེར་ཕྱིར་གཅེར་བུར་འདུར་རྒྱུགས་མ། བློ་བཟང་དབང་རྒྱལ་གྱི་ལོ་གཅིག་གི་འཚོ་དངུལ་ཡོང་འབབ་ཕྱིར་དུ་འཁྲབ་ཆས་སམ་ལག་ཆར་རུ་གྱུར་པའི་བུ་མོ་བསོད་ཟད་མ། མགོ་མཇུག་གང་ལ་བལྟས་ཅང་མཛངས་མའི་ཡོན་ཏན་མེད་པའི་གྲོགས་མེད་ཁེར་རྐྱང་མ། ཀུན་གྱི་མཐོང་ཆུང་ངོ་ཚའི་གནས་སུ་བརྩི་ཡུལ་བློ་དབང་གིས་སྡིང་ཆའི་སྟེང་གི་ཁྲེལ་མེད་མ། ངས་ཁྱེད་དང་བློ་དབང་གཉིས་ཀྱིས་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་སྔར་མ་མཐོང་ལ་ཕྱིས་སུ་ལའང་ཡིད་ཆེས་དང་རེ་བ་རྡུལ་ཙམ་མེད་དོ།

    Reply
  6. གཉན་མི། says:
    ལོ་ 12 སྔོན།

    ཡོད་ཚད་གོ་སྐབས་ཤིག་ལ་ལྟ་བ་དང་་་་་གོ་སྐབས་ཤིག་ཡོད་ན་མཆོངས་རྐྱང་ཡིན་པ་་་་་གོ་སྐབས་མེད་ན་བོད་དོན་མི་བསྒྲུབ་པའམ་བསྒྲུབ་མི་ཤེས་པ་་་འདི་ཚོ་ཚང་མ་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་མི་ཚང་མར་ཡོད་པའི་ཨེ་ཙེའི་ན་ཚ་རེད་་་དྲག་ཡ་ཡོད་པ་མ་རེད་ལ་་་ཁོང་ཚོའི་མི་ཚེ་ན་ཚ་འདི་ན་ནས་རྫོགས་རྒྱུ་རེད་་་་་་་་་་ཧཧཧཧཧཧཧཧཧཧཧཧའདི་ཡང་གོ་སྐབས་ཤིག་རེད་ཅེས་་་ཁ་ནས་ཤོར་འདུག་ཧཧཧཧཧཧཧ

    Reply
  7. བློ་བཟང་། says:
    ལོ་ 12 སྔོན།

    བློ་ཁོག་ཆེ་ནས་ཟེར་ན་འདྲ། ངོ་ཚ་མེད་ལ་ཟེར་ན་འདྲ། བསམ་བློ་དང་ལྟ་སྤྱོད་ལོག་ནས་ཟེར་ནའང་འདྲ། གང་ལྟར་རྡ་རམ་ས་ལའི་སྤྱི་ཚོགས་ཀྱི་མཐའ་རུ་བུད་ཟིན་པའི་མི་བཞི་ཡོད་པ་རེད། བློ་བཟང་དབང་རྒྱལ་དང་བསྟན་འཛིན་བརྩོན་འགྲུས། ཤར་ཕྱོགས་ཁུག་རྟ་དང་ཨ་རིག་འགྱུར་མེད་བཞི་རེད། མི་འདི་དག་གི་བཤད་སྟངས་དང་སྤྱོད་སྟངས། བསམ་བློ་འཁྱེར་ཕྱོགས་སོགས་ནི་སྤྱི་ཚོགས་ལས་ལྡོག་ཕྱོགས་སུ་ལངས་ཡོད། འགའ་རེས་འདི་ནི་རང་དབང་གུ་ཡངས་དང་བསམ་སྤྱོད་སྔོན་ཐོན་དུ་ལྟ་མཁན་མཐོང་མཁན་ཡོད་སྲིད་ཀྱང་། རྟོག་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་དགོས་ཟེར་བ་ལྟར་སྤྱི་ཚོགས་གང་ཞིག་གི་ནང་དུ་བསྡད་ཡོད་པ་དེ་དང་མ་མཐུན་པའི་བསམ་སྤྱོད་ཅིག་ཡོད་ན་དེ་ནི་ལེགས་པའི་ཆ་གང་ཡང་མ་ཡིན་པར་བསམ་བློ་མ་སྨིན་པ་དང་ཡང་ན་ལྡོག་པར་སྨིན་པ་ཆགས་ཡོད་དོ།།།

    Reply
  8. དཔལ་བཟང་། says:
    ལོ་ 12 སྔོན།

    བུ་མོ་འདི་བོད་པ་ཡིན་མིན་ལ་དོགས་པ་འདུག གང་ཡིན་ཟེར་ན་འདས་པའི་ལོ་གསུམ་བཞིའི་གོང་ནས་བཟུང་བོད་ཕྱི་ནང་གཉིས་ལ་ཛ་དྲག་ཆགས་སྟབས་བོད་ཀྱི་མཛངས་མ་དང་མཛེས་མ་ཟེར་བའི་ལས་འགུལ་དེ་རིགས་ལ་སྤྱི་ཚོགས་ཀྱི་དགའ་མོས་བྱེད་ཀྱི་མེད་པའི་དབང་གིས་ལས་འགུལ་དེ་ཤི་ཚར་རེད། བོད་པ་ཞིག་ལ་མཚོན་ན་ལས་འགུལ་འདིའི་ནང་ཞུགས་འདོད་ཡོད་པ་མ་རེད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ “ང་རང་ཆུང་དུས་ནས་ཕ་མ་གཉིས་ཀྱིས་བོད་དོན་ཐོག་དོ་ཁུར་བྱེད་དགོས་པའི་སྐུལ་མ་གནང་བ་ལྟར་བོད་དོན་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན་ལ། གོ་སྐབས་འདི་ནི་ངའི་མི་ཚེ་ནང་བོད་དོན་ཐོག་ལས་ཀ་བྱེད་པའི་གོམ་པ་དང་པོ་དེ་ཆགས་ཡོད། ་་་་་

    Reply
  10. གནས་ཚང་། says:
    ལོ་ 12 སྔོན།

    དྲང་པོར་ཞུས་ན། བློ་བཟང་དབང་རྒྱལ་ལགས་ཀྱི་ལས་འགུལ་འདི་ལས་ལྷག་ཅིག་བཙན་བྱོལ་ནང་མི་རྐང་གཅིག་གིས་འཇོན་གྱི་མི་འདུག སྡིངས་ཆ་འདི་བརྒྱུད་ནས་མང་ཚོགས་ཁྲོད་བུ་མོ་དཀྱུས་མ་གང་མང་སྐད་གྲགས་ཅན་ཆགས་ནས་ལས་འགུལ་ཡང་གང་མང་སྤེལ་སོང་། རང་གཞན་གཉིས་ལ་ཕན་ཐོགས་སོང་། དེ་མིན་དབུ་ཁྲིད་ཚོ་སོ་སོ་གཅིག་པུ་སྐད་གྲགས་ཆགས་ཡ་རེད་མ་གཏོགས་མང་ཚོགས་ལ་གོ་སྐབས་སྤྲད་མི་འདུག

    Reply
  11. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese