མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྲོས་ཚོཊ་འོག་མའི་ཚོགས་གཙོ་བསྐོས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བྷེ་ཇི་པེ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སུ་མི་ཌེ་ར་མཱ་ཧཱ་ཇན་མཆོག་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་གནང་ཡོད་འདུག

དེ་རིང་རྒྱ་གར་གྲོས་ཚོགས་འོག་མའི་ནང་། སྲིད་བློན་གསར་པ་ནཱ་རེན་ཌ་མུ་དྷེ་མཆོག་གཙོས་བྷེ་ཇེ་པེ་ཚོགས་པ་དང་ཕྱོགས་འགལ་ཀོང་རེ་སེ་ཚོགས་པའི་གྲོས་ཚོགས་འཐུས་མི་མ་ལི་ཀར་ཇན་ (Mallikarjun Kharge) དང་། ཨེ་ཨ་ཡེ་ཌེ་ཨེམ་ཀེ་ཚོགས་པའི་འཐུས་མི་ཋམ་བྷེ་ཌུ་རའེ་(M Thambidurai ) ། ཌེ་རི་མོལ་ཀོང་རེ་སེ་ཚོགས་པའི་འཐུས་མི་སུ་དྷེབ་ (Sudip Bandopadhyay )སོགས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་ ༡༩ ཙམ་གྱིས་བྷེ་ཇི་པེ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སུ་མི་ཌེ་ར་མཱ་ཧཱ་ཇན་ (Sumitra Mahajan ) མཆོག་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་གནང་དགོས་སྐོར་གྲོས་འཆར་བཏོན་པ་ལྟར། གྲོས་ཚོགས་འཐུས་མི་ཡོངས་ཀྱིས་སྤྱི་མོས་ཐོབ་སྟེ་ཚོགས་གཙོར་བསྐོ་བཞག་གནང་ཡོད་འདུག

འདིའི་ཐད་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས། “ གྲོས་ཚོགས་འཐུས་མི་ཚོས་ལྕམ་སུ་མི་ཌེ་ར་མཱ་ཧཱ་ཇན་མཆོག་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་ཁོ་མོ་ནི་ལས་ལ་བརྩོན་ཞིང་གཞན་དང་གྲོགས་འདྲིས་བཟང་པོ་གནང་ཐུབ་མཁན་གྱི་འཐུས་མི་རྒན་གྲས་ཞིག་ཡིན་སྟབས། མ་འོངས་པར་གྲོས་ཚོགས་ཀྱི་ལས་དོན་སྔར་ལྷག་ཚགས་ཚུད་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་བསྐོ་བཞག་བྱས་རྗེས། གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པ་ཁག་གིས་ཚོགས་གཞོན་གྱི་གོ་གནས་ཐོབ་ཐབས་བྱེད་བཞིན་ཡོད་པ་ལྟར། ཏ་མིལ་ན་ཌའུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་ཇཱ་ཡ་ལ་ལི་དྷ་ (J Jayalalithaa) རྒྱལ་ས་ལྡི་ལིར་སྐོར་སྐྱོད་དང་འབྲེལ། ཁ་ཉིན་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་ལ་ཐུག་འཕྲད་བྱས་ཏེ་བྷེ་ཇི་པེ་དང་། ཨེ་ཨ་ཡེ་ཌེ་ཨེམ་ཀེ་ཚོགས་པ་གཉིས་ཀྱི་མཉམ་ལས་ཐོག་གཞུང་འཛིན་རྒྱུར་གོ་བསྡུར་བྱས་ཡོད་སྟབས། ཏ་མིལ་ན་ཌའུ་ཨེ་ཨ་ཡེ་ཌེ་ཨེམ་ཀེ་ཚོགས་པའི་འཐུས་མི་ཋམ་བྷེ་ཌུ་རའེ་ (M Thambidurai ) མཆོག་གྲོས་ཚོགས་འོག་མའི་ཚོགས་གཞོན་ལ་བསྐོ་བཞག་བྱ་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་རྗོད་བཞིན་འདུག ཁོང་ ༡༩༨༥ ནས་ ༡༩༨༩ བར་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཞོན་གནང་ཡོད་འདུག

རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སུ་མི་ཌེ་ར་མཱ་ཧཱ་ཇན་ (Sumitra Mahajan ) མཆོག་ནི། ༡༩༤༣ ལོའི་ཟླ་ ༤ པའི་ཚེས་ ༡༢ ཉིན་མཱ་ཧཱ་ར་ཤི་ཌ་མངའ་སྡེའི་ཆིབ་ལོན་ (Chiplun) ཞེས་པའི་གྲོང་བརྡལ་ཞིག་ཏུ་སྐྱེས་ཤིང་། དམའ་རིམ་དང་མཐོ་འབྲིང་སློབ་གྲྭ་འགྲིམ་རྗེས། མཱ་ཧཱ་ར་ཤི་ཌའི་ཨིན་ཌོར་གཙུག་ལག་སློབ་ཆེན་ནང་གཙུག་ལག་རབ་འབྱམས་དང་། ཁྲིམས་ལུགས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་ཡོད་འདུག ཕྱིས་སུ་བྷེ་ཇི་པེ་ཚོགས་པའི་ནང་འཛུལ་ཏེ་ ༡༩༨༩ ལོར་ཨིན་ཌོར་གྱི་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་ཏེ་རྒྱལ་ཁ་ཐོབ་པ་ནས་བཟུང་ད་བར་གྲོས་ཚོགས་འཐུས་མི་སྐབས་ ༨ ཙམ་གནང་ཡོད་འདུག

༢༠༠༢ ལོ་ནས་ ༢༠༠༤ ལོ་བར་རྒྱ་གར་དབུས་གཞུང་གི་བརྡ་འཕྲིན་དང་རྡོ་སྣུམ། ཤེས་རིག་ལྷན་ཁང་བཅས་ཀྱི་བློན་ཆེན་གནང་ཡོད་པ་དང་། རྒྱ་གར་གྲོས་ཚོགས་འོག་མས་བདམས་ཐོན་བྱུང་བའི་བུད་མེད་ཚོགས་གཙོ་ཨང་གཉིས་པ་ དང་། བྷེ་ཇི་པེ་ཚོགས་པའི་གྲོས་ཚོགས་འཐུས་མིས་ཚོགས་གཙོ་གནང་ཐེངས་ཐོག་མ་དེ་ཆགས་ཡོད་འདུག ཁོ་མོ་ད་ལོ་དགུང་ལོ་ ༧༡ ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

སྐར་མ ༥༨ སྔོན་ལ།
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

ཆུ་ཚོད་ ༣ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese