མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུར་བརྟེན་རྒྱུ་མིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཟིགས་སྐོར་དང་བསྟུན་ཏེ་ཡུ་རོབ་དང་མཉམ་འབྲེལ་ཐོག་ཡུའུ་ཁུ་རེན་གྱི་དཀའ་ངལ་དང་ཨུ་རུ་སུའི་ཤུགས་རྐྱེན་འགོག་ཐབས་ལ་གྲོས་མོལ་བྱེད་བཞིན་ཡོད་འདུག

ཁ་སང་ནས་བཟུང་ཉིན་བཞིའི་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡུ་རོབ་རྒྱལ་ཁབ་པོ་ལན་ཌི་དང་སྤེལ་ལྗམ། ཧྥ་རན་སི་བཅས་གསུམ་ནང་གཟིགས་སྐོར་མགོ་འཛུགས་བྱས་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༣ ཉིན་པོ་ལན་ཌིའི་རྒྱལ་ས་ཝར་སཱར་འབྱོར་ནས་པོ་ལན་ཌིའི་སྲིད་འཛིན་ཀོབ་མོ་རོབ་སི་ཀེ་ (Bronislaw Komorowski) དང་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་པ་མ་ཟད། ཡུ་རོབ་ཤར་ཕྱོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ཆེད་རྒྱལ་ཁབ་དེ་དག་ནང་ཨ་རིའི་རྟེན་སྡོད་དམག་མི་མང་དུ་གཏོང་རྒྱུ་དང་། ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་གི་དམག་སྦྱོང་དང་མཁའ་སྲུང་ཆེད་ཨ་སྒོར་ཐེར་འབུམ་གཅིག་གཏོང་རྒྱུ་བཅས་ཀྱི་ཐག་གཅོད་བྱས་ཡོད་འདུག

ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་པོ་ལན་ཌིའི་ནང་དམར་ཤོག་རིང་ལུགས་མཇུག་རྫོགས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོར་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཡུའུ་ཁུ་རེན་གྱི་སྲིད་འཛིན་གསར་བ་སྐུ་ཞབས་པོ་རོབ་ཤེན་ཀོ་ (Petro Poroshenko) ལགས་ལ་ཐུག་འཕྲད་གནང་སྟེ། ཡུའུ་ཁུ་རེན་གྱི་སྲིད་དོན་དང་དཔལ་འབྱོར། ལྷག་པར་དུ་ཡུའུ་ཁུ་རེན་གྱིས་ཨུ་རུ་སུར་སོལ་རླངས་བུ་ལོན་ཨ་སྒོར་ཐེར་འབུམ་ ༢།༥ ཙམ་ཡོད་པ་དེ་དུས་ལྟར་སྤྲོད་འཇལ་མ་ཐུབ་ཚེ་ཨུ་རུ་སུས་སོལ་རླངས་གཏོང་མཚམས་འཇོག་རྒྱུའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་བཅས་ལ་གྲོས་མོལ་བྱས་ཡོད་འདུག

རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྟེང་སྲིད་འཛིན་ཨོ་བྷ་མས། ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ས་མཚམས་སུ་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱས་ཏེ། ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ནང་གི་གྱེན་ལོག་པ་ཚོར་སྟངས་འཛིན་བྱས་ཏེ་སྲིད་གཞུང་གསར་བར་རོགས་འདེགས་བྱེད་དགོས། གལ་སྲིད་ཨུ་སུ་སུས་དེ་ལྟར་མ་བྱས་ཚེ་སྔར་ལྷག་གི་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་གྲ་སྒྲིག་ཡོད། ཅེས་དང་། མུ་མཐུད་དུ་ “པོ་ལན་ཌི་གཙོས་ཡུ་རོབ་དཀྱིལ་ཤར་གཉིས་ནང་གི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་བདེ་འཇགས་ནི་ང་ཚོའི་བདེ་འཇགས་ཀྱི་རྨང་རྡོ་ཡིན་”ཞེས་བརྗོད་ཡོད་འདུག པོ་ལན་ཌིའི་སྲིད་འཛིན་ཀོབ་མོ་རོབ་སི་ཀེས་ཀྱང་། ཨུ་རུ་སུས་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མཱེ་ཡ་བཙན་བཟུང་བྱས་པ་ནས་བཟུང་། ཡུ་རོབ་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་སྟབས། ཨ་རིའི་དམག་དཔུང་གི་གདོང་ལེན་བྱེད་པར་རྒྱབ་སྐྱོར་ཡོད་ཅེས་སོགས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཨ་རིའི་དམག་དཔུང་ཡུ་རོབ་ཤར་ཕྱོགས་རྒྱལ་ཁབ་ནང་གཏན་སྡོད་བྱེད་པར་ཡུ་རོབ་བྱང་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་འདོད་མོས་མེད་པའི་རྒྱུ་མཚན། ཨུ་རུ་སུས་ཡང་བསྐྱར་ཤར་ནུབ་གཉིས་བར་གོ་མཚོན་འགྲན་རྩོད་འབྱུང་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

སྲིད་འཛིན་ཨོ་བྷ་མ་པོ་ལན་ཌིའི་ནང་གཟིགས་སྐོར་གྲུབ་རྗེས་བྷེལ་ལྗམ་རྒྱལ་སར་འབྱོར་ཏེ། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་ཏེ་ཨ་རི་དང་དབྱིན་ཡུལ། འཇར་མན། ཧྥ་རན་སི། ཨི་ཊ་ལི། ཁེ་ཎ་ཌ། ཉི་ཧོང་བཅས་ཀྱི་མགོ་ཁྲིད་ཚོས་ཡུའུ་ཁུ་རེན་གྱི་གནད་དོན་གཙོས་འཛམ་གླིང་གི་དཔལ་འབྱོར་དང་ཚོང་འབྲེལ། གནམ་གཤིས། ལྷག་པར་དུ་ཡུ་རོབ་རྒྱལ་ཁབ་ཁག་ཨུ་སུ་རུའི་སོལ་རླངས་ལ་བརྟེན་མི་དགོས་པར་ཐབས་ལམ་གསར་པ་འཚོལ་ཕྱོགས། དེ་བཞིན། ད་ལྟ་སེ་རི་ཡའི་ནང་འགྲོ་བཞིན་པའི་སྲིད་འཛིན་འོས་བསྡུ་ཁྲིམས་མཐུན་མིན་པའི་གནད་དོན་བཅས་ལ་གྲོས་མོལ་བྱ་འཆར་ཡོད་འདུག

ཚེས་ ༦ ཉིན་ཧྥ་རན་སིའི་མཚོ་འགྲམ་ནོར་མན་ཌི་ (Normandy)རུ་འཛམ་གླིང་དམག་འཁྲུག་ཐེངས་གཉིས་པའི་སྐབས། ཨ་རི་དང་དབྱིན་ཡུལ་གཉིས་ཀྱིས་སྣེ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཧེད་ཊི་ལི་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་སྐབས། འཇར་ནམ་གྱི་སྲིད་བློན་ལྕམ་ཨན་རྗི་ལཱ་ (Angela Merkel)དང་། ཧྥ་རན་སིའི་སྲིད་འཛིན་ཧོད་ལན་ཌི་ (Francois Hollande)། དབྱིན་ཡུལ་གྱི་སྲིད་བློན་ཁེམ་མེ་རོན་ (David Cameron)གསུམ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་ཐུག་འཕྲད་བྱ་རྒྱུ་ཡིན་ཡང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཐུག་འཕྲད་གནང་འཆར་མི་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༩ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese