མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྟོན་པའི་མཛད་རྗེས་ངོ་འཕྲོད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་གྱི་དད་ལྡན་པ་ཚོར་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་བརྗོད་སྐབས་ཆོས་ལ་དད་པ་ཙམ་མིན་པར་ནང་པའི་གཞུང་ལུཊ་ཆ་ཚང་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་དགོས་སྐོར་གསུངས་འདུག

ཟླ་འདིའི་ཚེས་ ༢༩ ཉིན་༸གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེར་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་ན་ལེནྡྲ་ཤི་ཀི་ཤ་ (Nalanda Shiksha) ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་གནང་ཡོད་ཅིང་། ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཡས་མས་སུ་མ་ཧཱ་ར་ཤི་ཊ་ (Maharashtra) མངའ་སྡེའི་རྒྱལ་སར་ཞབས་སོར་འཁོད་ཡོད་པ་དང་། མུམ་བྷེའི་ (Mumbai) གནམ་ཐང་དུ་འབྱོར་སྐབས་མངའ་སྡེ་གཞུང་གི་གནད་ཡོད་མི་སྣས་ཕེབས་བསུ་ཞུས་ཡོད་པར་མ་ཟད། སོ་མེ་ཡ་མཐོ་སློབ་ (Somaiya College) ཏུ་ཆིབས་སྒྱུར་བསྐྱངས་སྐབས་ཁུལ་དེར་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་སོ་མེ་ཡ་མཐོ་སློབ་ཀྱི་སྦྱིན་བདག་དང་ནང་མི་ཡོངས། ན་ལེནྡྲ་ཤི་ཆོས་ཚོགས་ཀྱི་ཚོགས་མི། སོ་མེ་ཡ་མཐོ་སློབ་ནང་ཆོས་སྡེ་ཚན་གཙོས་པའི་མཐོ་སློབ་ཀྱི་དགེ་སློབ། བོད་རིགས་དང་ཕྱི་ནང་གི་དད་ལྡན་མང་ཚོགས་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཁ་སང་ཚེས་ ༣༠ ཉིན་གྱི་ཞོགས་པར་༧གོང་ས་མཆོག་སོ་མེ་ཡ་མཐོ་སློབ་ཀྱི་སྦྱིན་བདག་སྐུ་ཞབས་ཀེ་ཇི་སོ་མི་ཡ་ལགས་དང་། བོད་ཀྱི་དུས་སྟོན་གོ་སྒྲིག་གནང་མཁན་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་དབྱངས་ཅན་སྒྲོལ་དཀར་ལགས་བཅས་ཀྱིས་ཕེབས་བསུའི་ཁྲོད་མཐོ་སློབ་དེར་གོ་སྒྲིག་ཞུས་པའི་བོད་ཀྱི་དུས་སྟོན་གྱི་ཆ་ཤས་སུ་རྟོགས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འཕགས་བོད་འབྲེལ་ལམ་དང་རང་ལུས་མེར་བསྲེགས་སྐོར་གྱི་པར་རིས་འགྲེམས་སྟོན་དང་། ཚོགས་པ་གཞན་ཁག་གི་གོ་སྒྲིག་ཞུས་པའི་སྒྱུ་རྩལ་འགྲེམས་སྟོན་སོགས་ལ་གཟིགས་ཞིབ་སོགས་གནང་རྗེས་སོ་མེ་ཡ་མཐོ་སློབ་དུ་ཆོས་འབྲེལ་དབུ་འཛུཊ་གནང་ཡོད་འདུག

ཆོས་འབྲེལ་དབུ་འཛུཊ་མ་གནང་གོང་མི་མང་ལ་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། དཔལ་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་ཆེན་ཁག་གཞིར་བཞག་ཐོག་ནང་ཆོས་ཤེས་པར་བྱ་རྒྱུ་དང་སྟོན་པའི་མཛད་རྗེས་ངོ་འཕྲོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། དེ་ཡང་སྟོན་པས་གསུངས་པ་ལྟར་སྲེག་བཅད་བརྡར་གསུམ་གྱི་ལམ་ནས་བརྟག་དཔྱད་དང་རྒྱུ་མཚན་ཤེས་པའི་ཐོག་ངེས་ཤེས་རྙེད་དགོས་ཚུལ་གསུངས་ཡོད་པར་མ་ཟད། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་བརྗོད་སྐབས། ནང་ཆོས་ལ་དད་པ་ཙམ་མིན་པར་ནང་པའི་གཞུང་ལུགས་ཆ་ཚང་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་རྒྱུ་དང་། དེང་སྐབས་ལག་གཉིས་ཐལ་མོ་སྦྱར་ནས་སངས་རྒྱས་དང་ཆོས་དགེ་འདུན་བཅས་ལ་སྐྱས་སུ་མཆི་ཞེས་ངག་ནས་སྨོན་ལམ་བརྒྱབ་པ་ཙམ་ལས་ནང་ཆོས་ཀྱི་གོ་དོན་གང་ཡང་མི་ཤེས་པ་དེ་འདྲ་ཡོང་གི་ཡོད་པ་དང་། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུའང་ནང་ཤེས་པ་དང་འབྲེལ་བའི་བཟང་པོའི་རིན་ཐང་ལ་དོ་སྣང་དེ་ཙམ་མེད་པ་དང་སྣང་མེད་དུ་འཇོག་པའི་ཚོར་སྣང་འདུག་སྟབས། དེ་དག་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

ཁ་སང་ནས་བཟུང་༧གོང་ས་མཆོག་གིས་སོ་མེ་ཡ་མཐོ་སློབ་དུ་རྒྱ་གར་གྱི་དད་ལྡན་པ་གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་བཅས་ཀྱི་ཆོས་འབྲེལ་དབུ་འཛུཊ་གནང་ཡོད་འདུག་ལ། ཐེངས་འདིའི་ཆོས་འབྲེལ་སྐབས་བོད་ཀྱི་དུས་སྟོན་ཞེས་པ་གོ་སྒྲིག་གནང་སྟེ་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་ཅིག་གིས་དཀྱིལ་འཁོར་དང་། ཧོན་སུར་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་མར་ཚོན་གྱི་མཆོད་པ་སོགས་བཞེངས་ཡོད་པར་མ་ཟད། བོད་ཀྱི་སྨན་རྩིས་ཁང་གིས་སྨན་གཏུགས་ཞབས་ཞུ་དང་བོད་སྨན་ཚོང་འགྲེམས། བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་ཚོང་འགྲེམས། མོན་གྷོ་བོད་མིའི་མཉམ་འབྲེལ་གྱི་ལག་ཤེས་ཐོན་སྐྱེད་ཁག་ཚོང་འགྲེམས་དང་སྐུ་ཐང་ཁག་འགྲེམས་ཚོང་། དྷ་སའི་སྐལ་རྡོར་ཤིང་བརྐོས་བཟོ་གྲྭས་ཤིང་བརྐོས་སྒྱུ་རྩལ་འགྲེམས་སྤེལ་བཅས་གནང་བཞིན་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ་་་་་་་ རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུའང་ནང་ཤེས་པ་དང་འབྲེལ་བའི་བཟང་པོའི་རིན་ཐང་ལ་དོ་སྣང་དེ་ཙམ་མེད་པ་དང་སྣང་མེད་དུ་འཇོག་པའི་ཚོར་སྣང་འདུག་སྟབས། དེ་དག་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist