མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རིཊ་རྒྱུན་དང་གཅིག་པ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཚན་རིག་པ་སྐོར་ཞིག་གིས་རྩ་སྟོང་དུ་ཕྱིན་པའི་གདོད་མའི་མི་རིགས་ཌེ་ནི་སཱོ་ཝན་ཞེས་པ་དང་བོད་པའི་རིགས་རྒྱུན་གཅིག་པ་ཡིན་པའི་ངོས་འཛིན་བྱས་ཡོད་འདུག

གཟའ་ལྷག་པའི་ཉིན་དངོས་པོའི་གཤིས་ལུགས་ (Nature) ཞེས་པའི་དུས་དེབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཁེ་ལི་ཧྥོར་ནེ་ཡ་གཙུག་ལག་སློབ་ཆེན་གྱི་ཚན་རིག་པ་ནེལ་སཱན་ (Rasmus Nielsen) ལགས་ཀྱིས་སྣེ་འཁྲིད་པའི་ཨ་རི་དང་རྒྱ་ནག་གི་ཚན་རིག་པ་ཁག་ཅིག་གིས་ཨེ་ཤ་ཡའི་ནུབ་ཁུལ་སེར་བྷེ་ཡའི (Siberia) ཨལ་ཌི་ (Altai) རིའི་བྲག་ཕུག་ཅིག་ནས་གསར་རྙེད་བྱུང་བའི་གནའ་བོའི་རྐང་རུས་ཤིག་དང་སོ་གཉིས་ལ་འདས་པའི་ལོ་ ༤ ཙམ་རིང་བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་ལོ་ངོ་ ༤༡༠༠༠ ནས་ ༥༠༠༠༠ ཡར་སྔོན་ནས་རྩ་སྟོང་ཕྱིན་པའི་འགྲོ་བ་མིའི་རིགས་ཀྱི་ཕ་མེས་ཌེ་ནི་སཱོ་ཝན་ (Denisovans) ཞེས་པའི་མི་རྒྱུད་ཡིན་པར་ངོས་འཛིན་བྱས་ཡོད་པ་དང་། རིགས་རྒྱུན་རྫས་འགྱུར་བརྟག་ཐབས་(DNA testing)ཞེས་པ་བརྒྱུད་དེ་བོད་མི་རིགས་ནི་རྩ་སྟོང་དུ་ཕྱིན་པའི་གདོད་མའི་མི་རིགས་དེའི་གཉེན་རྒྱུད་ཅིག་ཡིན་པར་ངོས་འཛིན་གཅིག་གྱུར་བྱུང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་འདུག

དེ་བཞིན། ༢༠༡༠ ལོར་ཚན་རིག་པ་ནེལ་སཱན་ལགས་ཀྱིས་བོད་མི་ ༤༠ ཙམ་ཞིག་གི་རིགས་རྒྱུན་ (DNA) དང་། འཛམ་གླིང་ཐོག་གི་མི་རིགས་འདྲ་མིན་ ༢༦ ཙམ་གྱི་མི་ ༡༠༠༠། དེ་བཞིན་སེར་བྷེ་ཡ་ནས་གསར་རྙེད་བྱུང་བའི་གདོད་མའི་མི་རིགས་ཀྱི་གནའ་ཤུལ་དག་ལ་རིགས་རྒྱུན་རྫས་འགྱུར་བརྟག་ཐབས་སྤྱད་དེ། རྩ་སྟོང་ཕྱིན་པའི་ཌེ་ནི་སཱོ་ཝན་ (Denisovans) ཞེས་པའི་གདོད་མའི་མི་རིགས་དང་བོད་མི་རིགས་ཀྱི་རིགས་རྒྱུན་གཅིག་མཚུངས་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག

རྩ་སྟོང་ཕྱིན་པའི་གདོད་མའི་མི་རིགས་དེ་འཚོ་རླུང་ ( Oxgen) ཉུང་ཞིང་ས་བབ་མཐོ་བོར་འཚོ་སྡོད་བྱས་ཡོད་པ་ལྟར། བོད་མི་ཚོའང་རྨི་ཌར་ ༤༠༠༠ དང་ ༥༠༠༠ ཡན་གྱི་ས་བབ་ནང་འཚོ་སྡོད་བྱེད་བཞིན་ཡོད། ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། མི་རིགས་འདི་གཉིས་ཀར་ས་བབ་མཐོ་སར་འཚོ་སྡོད་ཐུབ་པའི་རིགས་རྫས་ (EPAS1) ཞེས་པ་འཚོ་རླུང་སྟངས་འཛིན་བྱེད་པའི་ནུས་པ་གཅིག་མཚུངས་ཡོད་པ་ར་སྤྲོད་བྱུང་ཡོད་ཅིང་། རིགས་རྫས་དེ་ནི་ལུས་ཟུངས་ཀྱི་སྐྱེ་ལྡན་ཕྲ་ཕུང་ཁོར་ཡུག་ལ་དཔག་པའི་གོམས་འདྲིས་བྱེད་ཐུབ་པའི་རིགས་རྫས་ཤིག་ཡིན་པར་བརྟེན། བོད་མི་ཚོ་མི་རིགས་གཞན་འཚོ་སྡོད་བྱེད་དཀའ་བའི་འཚོ་རླུང་ཉུང་བའི་ས་ཁུལ་ནང་འཚོ་སྡོད་བྱེད་ཐུབ་ཀྱི་ཡོད་འདུག

རིགས་རྒྱུན་ཚན་རིག་པ་ནེལ་སཱན་ལགས་ཀྱིས། “ རིགས་རྒྱུན་འདི་ནི་རིགས་རྒྱུན་གཞན་དང་མི་འདྲ་བ་ཞིག་ཡིན་སྟབས། འདིས་མི་རིགས་རིག་པའི་ཤེས་ཡོན་གྱི་སྟོང་ཆ་གལ་ཆེན་ཞིག་བསྐངས་ཐུབ་ཡོད། རྒྱ་རིགས་དང་བོད་རིགས་ཀྱི་རིགས་རྒྱུན་འདྲ་པོ་ཡོད་ཀྱང་། གསར་རྙེད་བྱུང་བའི་རིགས་རྒྱུན་འདིར་ཞིབ་འཇུག་བྱས་ཚེ་བོད་མི་རིགས་དང་རྒྱ་རིགས་གྱི་མེས་པོ་ཁ་ཁ་ཡིན་པ་གསལ་པོ་ཤེས་ཐུབ་ཀྱི་འདུག” ཅེས་སོགས་བརྗོད་འདུག

རྒྱ་རིགས་ཚན་རིག་པ་ (Asan Ciren)ཡིས། “ དེང་རབས་མི་རིགས་ཀྱི་རིགས་རྒྱུན་དང་གནའ་རབས་མི་རིགས་ཀྱི་རིགས་རྒྱུན་བར་གྱི་འབྲེལ་བ་གང་ཡོད་ཕྲ་ཞིང་ཕྲ་བ་རྩད་ཞིབ་བྱེད་རྒྱུ་ནི་མི་རིགས་རིག་པ་བའི་གལ་གནད་ཆེ་ཤོས་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་ཤིག་ཡིན་སྟབས། ད་རེབ་རིགས་རྒྱུན་གསར་པ་ཞིག་གསར་རྙེད་བྱུང་བ་དེས་མ་འོངས་བར་མི་རིགས་ཀྱི་རིགས་རྒྱུན་འཚོལ་ཞིབ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།” ཅེས་བརྗོད་འདུག

རྡོ་ཆས་དུས་རབབ་སྐབས་ཀྱི་ཨ་ཧྥི་རི་ཁའི་གདོད་མའི་མི་རིགས་ཧོ་མི་ནཱི་ཌེ་ ( Hominid) ལས་མཆེད་པའི་རྩ་སྟོང་ཕྱིན་པའི་ཌེ་ནི་སཱོ་ཝན་ཞེས་པའི་མི་རིགས་ཀྱི་རྒྱུད་པ་ཞིག་ལོ་ངོ་ ༣༠༠༠༠ ནས་ ༤༠༠༠༠ བར་གྱི་ཡར་སྔོན་དུ་ཡུ་རེ་ཤིན་ ( Eurasian) དང་། དེ་རྗེས་ ( Melanesian) ཞེས་པའི་ཨེ་ཤ་ཡའི་མངའ་ཁུལ་ནང་གནས་སྤོ་དང་འབྲེལ། རིམ་པས་དེའི་རིགས་རྒྱུད་དང་དེང་རབས་ཀྱི་འགྲོ་བ་མིའི་རིགས་བར་ལུས་འབྲེལ་བྱུང་སྟེ། འཛམ་གླིང་ཐོག་ (EPAS1) ཞེས་པའི་རིགས་རྒྱུན་གྱི་རྫས་ཡོད་པའི་མི་རིགས་ཤིག་འཕེལ་རྒྱས་བྱུང་སྟེ། དེ་ལས་མཆེད་པའི་མི་རིགས་ཀྱི་དབང་ཐང་རྒྱ་ཆེར་ཁྱབ་ནས་མཐོ་སྒང་བོད་ཀྱི་ས་ཁུལ་ནང་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་འཚོ་སྡོད་བྱེད་མགོ་བཙུགས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༢༡ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 1

  1. གསེར་ས་ལེ་སྦྲམ། says:
    ལོ་ 12 སྔོན།

    ང་ཚོས་རང་ཅག་གི་ལོ་རྒྱུས་དེབ་ཐེར་རྣམས་སུ་བོད་ཀྱི་ཡུལ་དང་འགྲོ་བ་མི་ནི་གནས་པའི་བསྐལ་བ་ནས་བྱུང་བར་སྨོས་ནའང་ལུང་དང་རིགས་པས་གནོད་པ་ཅི་ཡང་མེད་ཅེས་གསུང་བ་འདི་གཙིགས་སུ་བཟུང་སྟེ། བོད་ཡུལ་ནི་འཛམ་གླིང་སྟེང་འགྲོ་བ་མི་ཐོག་མར་བྱུང་སའི་ཡུལ་གྲུ་སྔ་ཤོས་སུ་ངོས་འཛིན་བྱས་ཆོག ད་དུང་སྤྲ་དང་སྤྲེའུ་ལས་འགྲོ་བ་མི་བྱུང་ཚུལ་གྱི་ལོ་རྒྱུས་འདི་ཡང་དེང་གི་ཚན་རིག་གི་བཤད་ཚུལ་དང་ཡོངས་སུ་མཐུན་པས་ང་ཚོས་ངེས་པར་དུ་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་རྒྱུས་ཡོད་བྱ་རྒྱུ་གལ་ཆེ་ཞིང་། འགྲོ་བ་མི་རྣམས་སྤྲ་དང་སྤྲེའུ་ལས་བྱུང་བར་བཤད་མཁན་སྔ་ཤོས་དེ་ཡང་དེང་གི་ཚན་རིག་པ་མིན་པར་ང་ཚོ་བོད་མི་ཡིན་པ་ཤེས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese