མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོ་པོ་ཞོན་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྐོག་ཟའི་ཉེས་མིང་འོག་དབུས་དམར་ཤོག་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ཀོ་པོ་ཞོན་ལ་ཞིབ་བཤེར་བྱེད་མགོ་ཚུགས་འདུག

ཟླ་འདིའི་ཚེས་ ༡༢ ཉིན་ཧོང་ཀོང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་བརྡ་འཕྲིན་ལྟེ་གནས་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། ད་ལྟ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས། རྒྱ་ནག་དབུས་དམར་ཤོག་སྤྱི་ཁྱབ་དམག་དོན་ལྷན་ཁང་གི་དམག་སྤྱི་གཞོན་པ་ཟུར་པ་ཀོ་པོ་ཞོན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་ཚུལ་བསྒྲགས་ཡོད་པར་མ་ཟད། རང་ལོ་ ༧༢ ཡིན་པའི་ཀོ་པོ་ཞོན་གྱིས་ལྐོག་དངུལ་བླངས་ཏེ་མི་གཞན་གྱི་གོ་གནས་སྤར་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ པར་ཁོའི་བུ་དང་བུའི་བཟའ་ཟླ་གཉིས་ཀྱང་རང་ཁྱིམ་དུ་འཛིན་བཟུང་གིས་ད་ཆར་དབུས་གཞུང་གིས་འདྲི་གཅོད་ཞིབ་བཤེར་བྱེད་ཀྱི་ཡོད་ཚུལ་བསྒྲགས་འདུག

སྙན་ཐོའི་ནང་། ཉེ་བའི་དུས་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པས་གཙོ་འཛིན་གཉིས་ཀྱི་ལམ་ལུགས་ཤིག་ལག་བསྟར་བྱས་ཏེ། དམག་དོན་དང་འབྲེལ་བའི་རིགས་དང་དམག་དཔུང་ནང་ཁུལ་གྱི་མགོ་ཁྲིད་སོགས་ཀྱི་གོ་གནས་སྤར་བར་ངེས་པར་དུ་དབུས་དམར་ཤོག་ཚོགས་པའི་དམག་དོན་མགོ་ཁྲིད་གཞོན་པ་གཉིས་ཀྱི་མོས་མཐུན་བཀའ་འཁྲོལ་འོག་ཐག་གཅོད་བྱེད་དགོས་ཀྱི་ཡོད་སྟབས། གོ་གནས་སྤར་བའི་ཆེད་དུ་ལྟག་སྒོར་འཇུག་མཁན་ཚོས་ཀྱང་ངེས་པར་དུ་དབུས་དམར་ཤོག་དམག་དོན་ལྷན་ཁང་གི་དམག་སྤྱི་གཞོན་པ་གཉིས་ཀར་ལེགས་སྐྱེས་འདྲ་མིན་ཕུལ་དགོས་པའི་གནས་སྟངས་ཆགས་ཡོད་ཚུལ་སོགས་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༦ པར་ཀོ་པོ་ཞོན་གྱི་ལས་རོགས་རྒྱ་ནག་དབུས་དམར་ཤོག་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ཞི་ཚེ་ཧུའུ་ལྐོག་ཟའི་ནག་ཉེས་འོག་དམར་ཤོག་གི་ཚོགས་མི་ནས་ཕྱིར་འཕུད་བཏང་ཡོད་པར་མ་ཟད། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་རྩིས་སྤྲོད་ཀྱིས་ཐག་གཅོད་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ད་ཆར་རྒྱ་ནག་ནང་ཁུལ་དུ་དེ་སྔོན་ནས་ཞིབ་བཞེར་བྱེད་བཞིན་པའི་རྒྱ་ནག་དམར་ཤོག་ཆབ་སྲིད་རྒྱུན་ལས་ཁང་གི་མགོ་གཙོ་ཀྲིག་ཡོན་ཁང་དང་ཞི་ཚེ་ཧུའུ་གཉིས་ལ་སྡོད་ཁང་བཟོ་བསྐྲུན་སོགས་རྒྱ་སྒོར་ས་ཡ་ ༡༠༠ ལས་བརྒལ་བའི་ལྐོག་ཟའི་གནས་ཚུལ་ཡོད་པའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་བྱེད་བཞིན་པའི་ཐད་རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས། ཞི་ཅིན་ཕིན་གྱིས་ཀྲིག་ཡོན་ཁང་ལ་ཞིབ་བཤེར་བྱས་པ་དེས་ཞི་ཡི་དབང་ཆ་སྲ་བརྟན་ཆགས་ཡོད་སྐོར་བརྗོད་ཀྱི་ཡོད་པར་མ་ཟད། ཉེ་ལམ་རྒྱ་ནག་མཐོ་རིམ་དཔོན་རིགས་ཁག་ཅིག་པེ་ཏེ་ཧེ་རུ་ཚོགས་འདུ་ཚོགས་སྐབས། ཧྲང་ཧེ་གྲོང་ཁྱེར་གྱི་མགོ་གཙོ་ཝང་ཙོན་ནན་གློ་བུར་འཛིན་བཟུང་བྱས་པ་དེས་ཞི་ཅིན་ཕིན་གྱིས་ལྐོག་ཟའི་གནད་དོན་གྱི་གཙོ་གནད་ཅང་ཙེ་མིན་གྱི་ཧྲང་ཧེ་རུ་བཟུང་བའི་དབང་ཆའི་རྨང་གཞིའི་ཐོག་ཁ་ཕྱོགས་ཀྱི་ཡོད་ཚུལ་དང་། ཁོང་གི་ཐེངས་རྗེས་མའི་ཞིབ་བཤེར་གྱི་དམིགས་ཡུལ་གཙོ་བོ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཅེ་མིན་དང་། ཙིན་ཆེན་ཧོན་ཐེས་པའི་ཧྲང་ཧེ་ཚོགས་པའི་ཕྱོགས་གཏོགས་ཀྱི་མཐོ་རིམ་མགོ་ཁྲིད་དག་ཡིན་སྐོར་བརྗོད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༢ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese