མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་སོག་ཡུལ་དུ་གཟིཊ་སྐོར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་ནས་ཉིན་གཉིས་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སོག་ཡུལ་དུ་གཟིཊ་སྐོར་གནང་སྟེ། ཕྱོཊ་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ། དངུལ་རྩ་སོགས་ཀྱི་མཉམ་ལས་ཐད་མིང་རྟགས་འགོད་ཀྱི་ཡིན་འདུག

ཟླ་འདིའི་ཚེས་ ༢༡ དང་ ༢༢ བཅས་ཉིན་གཉིས་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སོག་པོའི་ (Mongolia)ནང་གཞུང་འབྲེལ་གཟིགས་སྐོར་གནང་རྒྱུ་ཡིན་པ་དང་། དེ་ནི་ཕྱི་ལོ་ ༢༠༡༣ ལོར་ཁོས་རྒྱ་ནག་གི་སྲིད་འཛིན་གྱི་ལས་འགན་འཁུར་རྗེས་ཀྱི་སོག་པོར་གཞུང་འབྲེལ་ཐོག་གཟིགས་སྐོར་གནང་ཐེངས་ཐོག་མ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་ལོ་ ༡༡ ནང་སོག་ཡུལ་དུ་གཞུང་འབྲེལ་ཐོག་གཟིགས་སྐོར་གནང་ཐེངས་ཐོག་མའང་ཆགས་ཡོད་འདུག

གནས་ཚུལ་འདིའི་ཐད་རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས། གཟིགས་སྐོར་འདི་ནི་ཞི་ཡིས་རྒྱ་ནག་གི་མཐའ་མཚམས་དང་ཕྱི་འབྲེལ་རྒྱ་སྐྱེད་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། གཟིགས་སྐོར་འདིས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཇེ་བཟང་དུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་འབྱུང་ངེས་པ་དང་། རྒྱ་ནག་གིས་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དང་དང་ཤར་རྒྱུད། མཐའ་མཚམས་རྒྱལ་ཁབ་ཉེན་ཁའི་གནས་སུ་གྱར་བཞིན་པའི་སྐབས་འདིར། བྱང་ཕྱོགས་ཉེ་ཁུལ་གྱི་ས་གནས་ལ་འབྲེལ་བ་བཙུགས་ཏེ་རང་ཉིད་ཀྱི་སྟོབས་ཤུགས་དང་ཐབས་ཇུས་ལག་བསྟར་ཐོག་ཤུགས་སྣོན་རྒྱག་བཞིན་ཡོད་སྐོར་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ བའི་ནང་སོག་པོའི་སྲིད་འཛིན་ཨེར་བྷེ་ཀེར་ཌོ་ཅི་ (Elbegdorj) རྒྱ་ནག་ནང་གཟིགས་སྐོར་དང་འབྲེལ། ཧྲང་ཧེ་གྲོང་ཁྱེར་ནང་ཚོགས་པའི་ཨེ་ཤ་ཡའི་བརྡ་འཕྲིན་བརྒྱུད་ལམ་ཚོགས་འདུར་མཉམ་ཞུགས་དང་། ཞི་ཅིན་ཕིན་དང་མཇལ་འཕྲད་གྱིས་སོག་པོར་གཟིགས་སྐོར་གནང་རྒྱུའི་གདན་ཞུ་གནང་ཡོད་སྟབས། ཕྱི་ཟླ་ ༦ ནང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་སོག་ཡུལ་དུ་གཟིགས་སྐོར་གྱིས་ཐེངས་འདིའི་ཞི་ཡི་གཟིགས་སྐོར་ལ་ལམ་ཁ་བཟོས་ཡོད་འདུག སང་ཉིན་ཞི་ཅིན་ཕིན་སོག་ཡུལ་དུ་ཡོང་སྟེ་ཉིན་གཉིས་རིང་སོག་པོའི་སྲིད་འཛིན་དང་མཇལ་མོལ་གནང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་དང་སོག་པོ་གཉིས་ཀྱི་གལ་ཆེའི་ཆབ་སྲིད་ཀྱི་ཡིག་ཆ་བརྒྱུད་བསྒྲགས་དང་འབྲེལ་མིང་རྟགས་འགོད་རྒྱུ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ། དངུལ་རྩ། སྤྱི་ཚོགས་ཀྱི་རིག་གནས་སོགས་མཉམ་འབྲེལ་ཡིག་ཆ་ཁག་ལ་མཚན་རྟགས་འགོད་རྒྱུ་ཡིན་འདུག

རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ། ཐེངས་འདིར་ཞི་ཅིན་ཕིན་སོག་ཡུལ་དུ་གཟིགས་སྐོར་གནང་འཆར་ཡོད་པ་དེས། རྒྱ་ནག་གིས་རྒྱ་སོག་གཉིས་ཀྱི་འབྲེལ་ལམ་ལ་ཚད་མཐོ་བོའི་གདེང་འཇོག་བྱེད་ཀྱི་ཡོད་པ་ཞིག་ཡིན་པ་དང་། མ་འོངས་པར་རྒྱ་སོག་གཉིས་ཀྱི་འབྲེལ་བ་དེ་རྒྱ་ནག་གི་མཐའ་མཚམས་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་བསལ་གྱི་ལམ་ཕྱོགས་ཤིག་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

སྤྱིར་བཏང་རྒྱ་ནག་དང་སོག་པོ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་འགྲོ་འོང་ལ་རྒྱུན་རིང་གི་ལོ་རྒྱུས་མེད་ཀྱང་། རྒྱ་ནག་གི་ངོས་ནས་བསྟུད་མར་ལོ་ ༡༠ རིང་སོག་པོ་ཚོང་འབྲེལ་གྱི་གྲོགས་པོ་དང་མ་རྩའི་འབྱུང་ཁུངས་སུ་རྩིས་སྟབས། རྒྱ་ནག་གི་ཚོང་འབྲེལ་གྱི་དངུལ་འབོར་ ༡༩༩༤ ལོའི་ཨ་སྒོར་དུང་ཕྱུར་ ༡།༢ ནས་འཕར་སྣོན་བྱུང་སྟེ། ༢༠༡༣ ལོར་ཨ་སྒོར་དུང་ཕྱུར་ ༡༦ ལ་བསླེབ་ཡོད་འདུག འདི་ལོར་རྒྱ་ནག་གིས་ཕྱི་ཕྱོགས་ནས་རྡོ་སོལ་ཏུན་དུང་ཕྱུར་ ༣ ཡས་མས་ནང་འདྲེན་བྱས་པ་ལས། བཅུ་ཆའི་གཅིག་སོག་པོའི་རྡོ་སོལ་ཡིན་འདུག མ་འོངས་ལོ་ ༢༠ ནང་རྒྱ་ནག་གིས་སོག་པོ་ནས་རྡོ་སོལ་ཏུན་དུང་ཕྱུར་ ༡༠ ནང་འདྲེན་བྱ་འཆར་ཡོད་འདུག

ཨ་རིའི་གནས་ཚུལ་དབྱེ་ཞིབ་པ་སྐུ་ཞབས་མན་ཌི་ཇེར་གྷལ་སེ་ཁེན་(Mendee Jargalsaikhan)ལགས་ཀྱིས། སོག་པོར་རང་བྱུང་གཏེར་ཁ་དང་ཕྱུག་ལས་སོགས་ཐོན་ཁུང་མང་པོ་ཡོད་སྟབས། ཨུ་རུ་སུ་དང་རྒྱ་ནག་གི་ཐག་ཉེ་བའི་བརྒྱུད་ལམ་ཡག་ཤོས་ཆགས་ཡོད་པ་དང་། ཉེ་བའི་ཆར་སོག་པོའི་ཕྱོགས་ནས་རྒྱ་ནག་གི་ཐེན་ཅིན་མཚོ་ཁ་བརྒྱུད་རྒྱ་ནག་གི་མཚོ་ཁ་མང་དག་ཅིག་བེད་སྤྱོད་གཏོང་རྒྱུའི་བསམ་བློ་གཏོང་གི་ཡོད་པ་དང་། རྒྱ་ནག་གི་གྲུ་ཁ་དང་ལྕགས་ལམ། མཛོད་ཁང་སོགས་སུ་སོག་པོས་ཁེ་བཟང་ལེན་གྱི་ཡོད་སྐོར་དང་། རྒྱ་ནག་ཕྱོགས་ནས་སོག་པོ་ནི་རང་བྱུང་གཏེར་ཁའི་ཁྲོམ་ར་ལྟ་བུ་ཆགས་ཡོད་པ་སོགས་ཕན་ཚུན་གཅིག་ལ་གཅིག་རྟེན་ཆགས་ཡོད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ཞི་ཅིན་ཕིན་བོད་ནང་གི་གཏེར་ཁ་ལྟར། སོག་ཡུལ་དུ་གཏེར་ཁར་རེ་ནས་ཡིན་ནམ། ཡང་ན། གཞན་ཅིག་རེད།

    Reply
  2. ཁྱམས་འཇུགས་ says:
    ལོ་ 9 སྔོན།

    ཨ་རིས་དང།རྒྱ་ནག་ར་ཤི་ཡ་གསུམ་གྱིས ཕྱི་འདྲེས་འགྲན་རྩོད་བྱེད་བཞིན་པའི་དུས་ཚོད་འདིར་རྒྱ་གར་གྱི་སྲིད་བློན གསར་པའི་ཆར་གཞི་ཐེན་སོང་ཡང་པ་ཀི་སི་ཐེན་གྱི་མགོ་ཡག་པོ་ཙོམས མ་སོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist