མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མགོ་ལོག་དགའ་བདེ་རྫོང་མདོ་ལའི་རྡོ་ཁ་དགོན་གྱི་བཙུན་མ་ཞིག་འཛིན་བཟུང་བཀག་ཉར་བྱས་འདུག

ཟླ་འདིའི་ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་མདོ་ལའི་རྡོ་ཁ་དགོན་ནམ་ངེས་སྟོན་ཆོས་འཁོར་གླིང་དགོན་པའི་བཙུན་མ་ཀུན་བཟང་ལྷ་མོ་ལགས། མགོ་ལོག་ཁུལ་ཐོག་གི་སྨན་ཁང་ཞིག་ཏུ་ནད་པར་སྨན་བཅོས་ལྟ་སྐྱོང་བྱེད་སྐབས། དགའ་བདེ་རྫོང་ཉེན་རྟོག་པས་ཁ་པར་ཡོང་སྟེ། མགྱོགས་མྱུར་ཉེན་རྟོག་ཁང་དུ་ཕྱི་ཕྱོགས་ནས་བསྐུར་བའི་འོད་སྡེར་ཞིག་ལེན་དུ་ཡོང་དགོས་སྐོར་བརྗོད་ཡོད་འདུག ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་བཙུན་མ་ཀུན་བཟང་ལྷ་མོས་རོགས་པ་ཞིག་འཁྲིད་དེ་ཉེན་རྟོག་ཁང་དུ་འགྲོ་སྐབས། དགའ་བདེ་རྫོང་ཉེན་རྟོག་པས་བཙུན་མ་ཁོང་གིས་ནག་ཉེས་ཚབས་ཆེན་བསགས་ཡོད་སྟབས། ཞིང་ཆེན་དུ་འཁྲིད་དེ་བཀག་ཉར་འདྲི་གཅོད་བྱེད་དགོས་པ་དང་། ཁོང་གི་འགྲོ་རོགས་ལ་ཁྱིམ་དུ་སོང་སྟེ་བཙུན་མ་ཁོང་ལ་ཟ་མ་དང་འཚོ་བའི་མཁོ་ཆས་སོགས་གྲ་སྒྲིག་བྱེད་དགོས་ཚུལ་བཤད་དེ་ཉིན་དེར་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

བོད་ནས་འབྲེལ་ཡོད་ཅིག་གིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་གཞུང་ཉེན་རྟོག་པས་བཙུན་མ་ཀུན་བཟང་ལྷ་མོར་ཕྱི་ཕྱོགས་ནས་འོད་སྡེར་ཞིག་བསྐུར་ཡོད་ཚུལ་བཤད་པ་དེ་བཙུན་མ་ཁོང་ཉེན་རྟོག་ཁང་དུ་འགུག་ཐབས་སུ་རྫུན་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཉིན་དེར་བཙུན་མ་ཁོང་འཛིན་བཟུང་བཀག་ཉར་བྱས་རྗེས་ཉེན་རྟོག་པ་ཁག་ཅིག་ཁོང་གི་སྡོད་ཤག་ཏུ་སོང་སྟེ་སྔོག་བཤེར་བྱས་ཡོད་པ་མ་ཟད། མོའི་ཁ་པར་དང་ཅ་ལག་ཁག་ཅིག་ཀྱང་གཞུང་བཞེས་བཏང་ཡོད་འདུག

རང་ལོ་ ༣༠ ཡིན་པའི་བཙུན་མ་ཀུན་བཟང་ལྷ་མོ་ལགས་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་ཤང་གི་མི་ཡིན་ཞིང་། ད་ལྟའི་བར་མདོ་ལའི་རྡོ་ཁ་དགོན་དུ་སློབ་གཉེར་གནང་ཞོར་ས་གནས་ཀྱི་དྭ་ཕྲུག་དང་ཁྱིམ་ཚང་སྐྱོ་བོའི་རིགས་ཀྱི་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་གནང་གི་ཡོད་འདུག་ལ། གླིང་རྗེ་གེ་སར་རྒྱལ་བའི་སྒྲུང་བཤད་མཁན་ཞིག་དང་འཁྲབ་སྟོན་གནང་མཁན་ཞིག་ཀྱང་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

སྐར་མ ༣༢ སྔོན་ལ།
Mobile App

བོད་ཉག་རོང་ཁུལ་དུ་ས་ཡོམ་ཚད་རིམ་ ༥།༥ ཅན་ཞིག་བྱུང་།

ཆུ་ཚོད་ ༢ སྔོན་ལ།
མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག འབྲེལ་ཡོད་ནས་པར་འདི་གར་མཁོ་སྤྲོད་གནང་།
Mobile App

རྒྱལ་ཚོགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

ཆུ་ཚོད་ ༨ སྔོན་ལ།
ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ། ༢༠༢༥།༡༠།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་བསྒྲིལ་སོང་།

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་ཚོགས་པ་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese