མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མིར་གཉེན་སྒྲིག་ན་བྱ་དགའ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་རིཊ་རང་སྐྱོང་ཁུལ་ཆེ་མུའུ་རྫོང་དུ་དངུལ་དངོས་སོཊ་ཀྱི་བྱ་དགའ་སྤྲད་དེ་རྒྱ་རིགས་དང་གཉེན་སྒྲིག་རྒྱུའི་སྐུལ་སློང་བྱེད་ཀྱི་ཡོད་འདུག

དེ་རིང་ཕྱི་ཚེས་ ༣ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ (TheNewyorkTimes) སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་ནག་ནུབ་ཕྱོགས་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་གྱི་རྒྱ་རིགས་དང་འཁྲུག་འཛིང་དོན་རྐྱེན་ཐེངས་མང་བྱུང་སའི་ཆེ་མུའུ་རྫོང་དུ། ཡུ་གུར་མང་ཚོགས་ལ་སྐུལ་སློང་གིས་རྒྱ་རིགས་དང་མཉམ་དུ་གཉེན་སྒྲིག་བྱས་ཚེ། ནང་མིའི་ཚོང་ལས་ཙག་ཙིག་གཉེར་ཆེད་དང་ཁྱིམ་ཚང་གསར་རྒྱག་བཅས་ཀྱི་ཆེད་ལོ་ལྔའི་རིང་བསྟུད་མར་རྒྱ་སྒོར་ཁྲི་ ༡ རེའི་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་མ་ཟད། རྒྱ་རིགས་དང་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་ལ་གཞུང་ཕྱོགས་ནས་སྡོད་གནས་དང་ལས་གནས་སོགས་དམིགས་བསལ་གོ་སྒྲིག་གནང་རྒྱུ་དང་། ལོ་རེར་ཉུང་མཐར་རྒྱ་སྒོར་ཁྲི་ ༢ སྨན་བཅོས་རོགས་སྐྱོར་གནང་རྒྱུ། ཕྲུ་གུ་བུ་བཅོལ་ཁང་ནས་མཐོ་འབྲིང་བར་རིན་མེད་ཐོག་བསྐྱལ་རྒྱུ་དང་། ཆེད་ལས་རང་བཞིན་གྱི་སློབ་གྲྭར་བསྐྱོད་མཁན་ཚོར་ལོ་རེར་རྒྱ་སྒོར་ ༣༠༠༠ གི་ཁ་གསབ་དངུལ་སྤྲོད་རྒྱུ། སློབ་ཆེན་དུ་རྒྱུགས་འཕྲོད་མཁན་ཚོར་ལོ་རེར་རྒྱ་སྒོར་ ༥༠༠༠ གི་ཁ་གསབ་ཀྱི་དངུལ་སྤྲོད་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་འདུག

ཐེངས་འདིའི་རྒྱ་གཞུང་གི་སྲིད་ཇུས་དེ་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་ཆེ་མུའུ་རྫོང་གི་གཞུང་འབྲེལ་དྲ་རྒྱར་བཀོད་ཡོད་སྟབས། རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས། དེ་ནི་རྒྱ་ནག་གཞུང་གི་ཉེ་བའི་ལོ་མང་རིང་འཆར་གཞི་ལྡན་པའི་ཐོག་བོད་ཀྱི་ས་ཁུལ་ཁག་ལ་ཉམས་ཞིབ་རིམ་པ་བྱས་རྗེས་བོད་ནང་གི་བོད་མི་ཚོ་རྒྱ་རིགས་དང་གཉེན་སྒྲིག་བྱེད་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་ཆགས་ཡོད་ཚུལ་དང་། ཤིན་ཅང་ཆེ་མུའུ་རྫོང་དུ་ལག་བསྟར་བྱེད་དོན། ཉེ་བའི་ལོ་འགའི་རིང་ས་གནས་དེར་ཡུ་གུར་མི་རིགས་དང་རྒྱ་རིགས་བར་འཁྲུག་འཛིན་ཤོར་ཏེ། མི་རིགས་ཕན་ཚུན་གྱི་འཁོན་འཛིང་ཇེ་ཆེར་འགྲོ་བཞིན་པ་གནོན་ཐབས་སུ་ལག་བསྟར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཆེ་མུའུ་རྫོང་ཆོན་ཁི་ལེ་ཤང་གི་དམར་ཤོག་མགོ་གཙོ་ཡྰ་སེན་ནྰ་སི་ཨར་གྱིས། རྒྱ་ནག་ནང་མི་རིགས་ཕན་ཚུན་བར་གཉེན་སྒྲིག་བྱེད་ཀྱིན་པ་དེ་ནི། མི་རིགས་ཕན་ཚུན་མཐུན་སྒྲིལ་མཉམ་གནས་ཐོག་འཚོ་བ་སོགས་ཕྱོགས་ཡོངས་ཡར་རྒྱས་གོང་འཕེལ་དུ་འགྲོ་ཆེད་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། མི་རིགས་ཕན་ཚུན་གཉེན་སྒྲིག་བྱེད་པའི་སྲིད་ཇུས་དེ་ནུས་པ་ངོ་མ་ཞིག་དང་། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ལ་ཀྲུང་གོའི་རྨི་ལམ་མངོན་འགྱུར་ཡོང་བའི་ཐབས་ལམ་ཞིག་ཡིན་ཚུལ་བརྗོད་འདུག

ཕྱི་ལོ་ ༢༠༠༠ ལོའི་རྒྱ་ནག་གཞུང་གིས་མི་འབོར་ཞིབ་བཤེར་ལྟར་ན། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་སྤྱིའི་མི་འབོར་ལས་བརྒྱ་ཆའི་ ༤༣ ཡུ་གུར་བ་དང་། བརྒྱ་ཆའི་ ༤༠ རྒྱ་རིགས་ཡིན་ཚུལ་བསྒྲགས་ཡོད་འདུག་ལ། ད་ལྟའི་ཆར་ཆེ་མུའུ་རྫོང་དུ་ཁྱོན་མི་ཁྲི་ ༡༠ གནས་སྡོད་བྱས་ཡོད་པ་ལས། ཡུ་གུར་བ་བརྒྱ་ཆའི་ ༧༣ དང་། རྒྱ་རིགས་བརྒྱ་ཆའི་ ༢༧ ཡིན་འདུག

ཨོ་སི་ཊོ་ལི་ཡའི་ལྰ་ཌོར་བྷེ་ (La Trobe University) སློབ་ཆེན་གྱི་རྒྱ་ནག་གི་མི་རིགས་སྲིད་ཇུས་ཞིབ་འཇུག་པ་ཇེ་མུའུ་སི་ལེ་བྷོར་ཊི་ (James Leibold) ཡིས། ཉེ་ཆར་གསར་དུ་ཐོན་པའི་ཞིབ་འཇུག་གྲངས་འབོར་ལྟར་ན། ད་ལྟའི་ཆར་ཡུ་གུར་བའི་མི་ལས་བརྒྱ་ཆའི་གཅིག་དང་། བོད་པའི་བརྒྱ་ཆའི་བརྒྱད་དེ་མི་རིགས་གཞན་དང་མཉམ་དུ་གཉེན་སྒྲིག་བྱས་ཟིན་ཡོད་པ་དང་། རྒྱ་ནག་ནང་གི་མི་རིགས་ཁག་གི་ཆ་སྙོམས་ཀྱི་ཚད་བརྒྱ་ཆའི་གསུམ་དང་། རྒྱ་མི་རིགས་མི་རིགས་གཞན་དང་གཉེན་སྒྲིག་གནང་ཚད་བརྒྱ་ཆའི་གཅིག་ཚེག་ལྔ་ཡིན་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་བོད་རང་སྐྱོང་ལྗོངས་སུ་རྒྱ་རིགས་དང་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་ ༡༩ དང་ཐུག་ཏེ། རྒྱ་རིགས་དང་གཉེན་སྒྲིག་བྱས་རྗེས་བོད་མི་ཚོས་བདེ་སྐྱིད་ལྡན་པའི་འཚོ་བའི་རོལ་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་བ་ཁག་ལ་ཉན་ཡོད་ཚུལ་བསྒྲགས་ཡོད་པ་མ་ཟད། ཁོས་ཁོ་རང་དངོས་སུ་ཐོན་ཏེ་བོད་རིགས་མི་མང་ལ་རྒྱ་རིགས་དང་གཉེན་སྒྲིག་བྱེད་པའི་གུ་ཡངས་སྲིད་ཇུས་སྐུལ་སློང་བྱས་རྗེས། ༢༠༠༨ ལོར་བོད་རང་སྐྱོང་ལྗོངས་སུ་བོད་རྒྱ་གཉེན་སྒྲིག་བྱེད་མཁན་མི་ ༦༦༦ བྱུང་བ་དང་། ༢༠༡༣ ལོར་བོད་རྒྱ་གཉེན་སྒྲིག་བྱེད་མཁན་གྱི་མི་ ༤༧༩༥ བྱུང་སྟེ་འཕར་སྣོན་བྱུང་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༣ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༣ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 8

  1. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    ད་དབུས་མའི་ལམ་གྱི་བརྒྱུད་ནས་རང་སྐྱོང་ལེན་ཏེ་རྒྱ་མོ་རྒྱོ་བའི་དུས་ལ་བབས་འདུག་གོ།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྔོན་སོག་པོའི་བྱེད་སྟངས་དེ་དེང་སང་རྒྱ་མི་མགོ་པས་ལག་ལྟར་བྱེད་བཞིན་ཡོད་པར་ཡིན་འདུག་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྔོན་སོག་པོའི་བྱེད་སྟངས་དེ་དེང་སང་རྒྱ་མི་མགོ་པས་ལག་ལྟར་བྱེད་བཞིན་ཡོད་པར་ཡིན་འདུག་

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྔོན་སོག་པོའི་བྱེད་སྟངས་དེ་དེང་སང་རྒྱ་མི་མགོ་པས་ལག་ལྟར་བྱེད་བཞིན་ཡོད་པར་ཡིན་འདུག་

    Reply
  5. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྔོན་སོག་པོའི་བྱེད་སྟངས་དེ་དེང་སང་རྒྱ་མི་མགོ་པས་ལག་ལྟར་བྱེད་བཞིན་ཡོད་པར་ཡིན་འདུག་

    Reply
  6. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    འགོ་པ་ཁྲེན་ལགས་སྔོན་མ་རྒྱ་མི་ཚོས་སོ་སོའི་ནང་གི་མག་པ་སོག་པོ་ཁྲི་ཕྲག་མཚན་གཅིག་ལ་བསད་པ་དེ་ཚོ་དང་ད་ལྟ་ཁྱོད་ཀྱིས་བོད་རྒྱ་གཉེན་སྒྲིགས་ལ་ཧེ་བག་གང་ཡོད།

    Reply
  7. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    འགོ་པ་ཁྲེན་ལགས་སྔོན་མ་རྒྱ་མི་ཚོས་སོ་སོའི་ནང་གི་མག་པ་སོག་པོ་ཁྲི་ཕྲག་མཚན་གཅིག་ལ་བསད་པ་དེ་ཚོ་དང་ད་ལྟ་ཁྱོད་ཀྱིས་བོད་རྒྱ་གཉེན་སྒྲིགས་ལ་ཧེ་བག་གང་ཡོད།

    Reply
  8. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་མིས་གྲང་ཉུང་མི་རིགས་འཇོམས་ཐབ་ལ་མི་བྱེད་དགུ་བྱེད་མི་དྲན་དགུ་དྲན་དེ་འདྲ་ཡིན་ན་སྔོན་མ་རྒྱ་མི་རང་གི་མག་པ་སོག་པོ་ཁྲི་ཕྲག་མང་པོ་ཉ
    མཚན་གཅིག་ལ་བསད་པ་ཨེ་དྲན་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese