མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་གྱི་ལས་བྱེད་ཚོ་རྒྱས་སྤྲོས་ལ་ཞེད་སྣང་སྐྱེ་མགོ་ཚུགས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྟག་དང་སྦྲང་མ་མཉམ་རྡུང་གི་སྲིད་བྱུས་དེ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཚ་ཚ་འུར་འུར་གྱིས་ལག་བསྟར་བྱས་ཏེ་ལོ་གཅིག་ལྷག་ཕྱིན་པ་དང་བསྟུན་ཏེ། དེང་སྐབས་བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་གི་ལས་བྱེད་ཚོར་ཡང་དངངས་འདར་རྒྱག་མགོ་ཚུགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲ་བའི་ཐོག་བཀའ་རྒྱ་བཏང་སྟེ། བརྒྱད་པའི་བཅོ་ལྔའི་སྟོན་ཚིགས་དུས་ཆེན་དང་། སླེབ་ལ་ཉེ་བའི་བཅུ་བའི་ཚེས་གཅིག་རྒྱལ་སྟོན་དུས་ཆེན་སོགས་ཀྱི་ཐོག རྒྱ་ནག་ནང་ལོགས་ཀྱི་ལས་ཁུངས་ཁག་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ཁག་གིས། རྒྱ་ནག་དབུས་གཞུང་གི་གཏན་འབེབས་དོན་ཚན་ ༨ ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། དུས་ཆེན་སྐབས་སྤྱི་དངུལ་གྱིས་ཟླ་གོར་བག་ལེབ་(yue bing)སོགས་ལེགས་སྐྱེས་སྤྲོད་པ་དང་རྒྱས་ཟ་རྒྱས་འཐུང་། ཡུལ་སྐོར་སྤྲོ་འཆམ། འགྲོ་གྲོན་ཆེ་བའི་རིག་རྩལ་འཁྲབ་སྟོན་སོགས་བཀག་འགོག་བྱེད་དགོས་པ་མ་ཟད། ལས་རིགས་ཁག་གི་ལས་བྱེད་པར་ཕོགས་སྣོན་དང་བྱ་དགའ། རོགས་དངུལ་སོགས་ཀྱང་གང་བྱུང་སྤྲོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

སྔར་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་བག་མེད་རྒྱས་སྤྲོས་དང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཐོག་དམ་དྲག་ཆེན་པོ་བྱེད་མགོ་བཙུགས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༣ པ་ཙམ་ནས་བཟུང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་དྲ་ཐོག་ཏུ་ཐེར་འདོན་སྟེགས་བུ་(Puguang Tai http://www.ccdi.gov.cn/special/bgtzt/)ཟེར་བ་ཞིག་སྒོ་འབྱེད་བྱས་ཏེ། ས་གནས་ཁག་གི་ལས་བྱེད་པ་ཚོས་ཁྲིམས་འགལ་གྱི་བྱ་བ་ཆེ་ཆུང་གང་ཞིག་བྱེད་ཀྱི་ཡོད་ཀྱང་སྟེགས་བུ་དེ་བརྒྱུད་ནས་དབུས་གཞུང་ལ་ཐད་ཀར་ཞུ་གཏུག་ཆོག་པའི་ལམ་ཁ་ཞིག་བཟོས་ཡོད་འདུག འདི་ལོའི་ཕྱི་ཟླ་ ༧ ཙམ་ནས་བཟུང་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀུན་སུའུ་སོགས་བོད་ཁུལ་གྱི་ལས་ཁུངས་དང་སྡེ་ཚན་ཁག་ནང་དུའང་ཞིབ་བཤེར་མགོ་འཛུགས་བྱས་ཡོད་སྟབས། ས་གནས་ལས་བྱེད་ཚོས་ཐུགས་སྤྲོ་གཏོང་བ་དང་འདུ་འཛོམས་བྱེད་པ། རླངས་འཁོར་རྫིག་པོ་དང་ལ་བ་གོང་ཆེན་གྱོན་པ་སོགས་ལ་ཡང་འཛེམ་དོག་བྱེད་བཞིན་ཡོད་འདུག་ལ། གནས་ཚུལ་དེས་བོད་ནང་གི་གྲོང་ཁྱེར་ཁག་གི་སྐར་མ་རིམ་པའི་མགྲོན་ཁང་དང་ཟ་ཁང་། དབྱར་སྐྱིད་གླིང་ག་དང་གླུ་གར་རོལ་རྩེད་ཁང་། ཡུལ་སྐོར་སྤྲོ་འཆམ་ཁུལ་ལྟེ་གནས་སོགས་ཀྱི་དཔལ་འབྱོར་ཡོང་འབབ་ཐོག་ལའང་ཤུགས་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་ཞིབ་བཤེར་ཚན་པ་དང་ལྐོག་ཟ་རུལ་སུངས་སྔོན་འགོག་སྡེ་ཚན་གྱི་མགོ་ཁྲིད་ཧང་སུའུ་ཞན་གྱིས། སྲིད་འཛིན་ཞི་ཅིན་ཕིན་གྱིས་འདས་པའི་ལོ་ ༡ ལྷག་ནང་སྟག་དང་སྦྲང་མ་མཉམ་རྡུང་གི་སྲིད་བྱུས་འོག ལྐོག་ཟ་རུལ་སུངས་ལ་ཞིབ་བཤེར་གཏིང་ཟབ་བྱས་པ་བརྒྱུད། འདི་ལོའི་ཕྱི་ཟླ་ ༧ པའི་བར་ཁྱོན་བསྡོམས་ཉེས་དོན་ ༥༡༦༠༠ ལྷག་ཐེར་འདོན་བྱས་ཏེ། ཏང་ཡོན་ལས་བྱེད་པ་ ༦༧༦༧༩ ལ་ཐག་གཅོད་བྱས་ཤིང་། དེའི་ནང་ཏང་གི་སྒྲིག་གཞིར་འགལ་ཏེ་ཏང་ནང་ནས་ཕུད་པ་མི་ ༡༨༣༦༥ ཡོད་པ་དང་། ད་ལོར་འདས་པའི་ཟླ་ ༧ རིང་གི་ཉེས་དོན་གྲངས་འབོར་དེ་ན་ནིང་གི་ལོ་ཧྲིལ་པོ་ལས་ཀྱང་རྦད་དེ་མང་བ་ཡོད་ལུགས་དང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་བར་ཞིབ་བཤེར་ཁང་གིས་གཉེར་བའི་ཐེར་འདོན་སྟེགས་བུ་བརྒྱུད་ཁྱོན་ཉེས་དོན་ ༡༨༩༢ ཙམ་འབྱོར་ཏེ་མི་གྲངས་ ༣༠༡༣ ཙམ་ཐེར་འདོན་བྱས་ཡོད་པ་དང་། དེའི་ནང་ཞིང་ཆེན་རིམ་པའི་དཔོན་རིགས་ཡོད་པ་མ་ཟད། སྒྲིག་ཁྲིམས་ཞིབ་བཤེར་བྱེད་མཁན་གྱི་ལས་བྱེད་པའང་ཚུད་ཡོད་ལ། མུ་མཐུད་དུ་འཛེམ་ཟོན་མེད་པར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ། ཡང་དག་སྒོས་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བར་ཧུར་བརྩོན་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ། བོད་ཁུལ་དུ་རྟོག་ཞིབ་ཚོགས་པ་ཆེད་གཏོང་གིས་ཞིབ་བཤེར་བྱེད་བཞིན་པའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། སྤྱིར་བཏང་འདས་པའི་ལོ་གཅིག་ཙམ་གྱི་གོང་ནས་བཟུང་རྒྱ་ནག་གི་མངའ་སྡེ་མང་པོའི་ནང་ཞིབ་བཤེར་བྱེད་ཀྱི་ཡོད་ཀྱང་། བོད་དང་གྲངས་ཉུང་མི་རིགས་ཁུལ་ཁག་ཏུ་ལག་པ་འཆང་ཐུབ་ཀྱི་མེད་པ་འདྲ་བོ་ཞིག་མཐོང་སོང་། གང་ཡིན་ཟེར་ན། གཅིག་ནས་མི་རིགས་ཀྱི་གནད་དོན་དེ་ཚོར་བ་རྣོན་པོ་དང་རྫི་གསང་དོད་པོའི་གནད་དོན་ཞིག་ཆགས་ཡོད་པ་དང་། གཉིས་ནས་རྒྱ་ནག་གི་མི་རིགས་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོབ་བྱེད་སྐབས། ས་གནས་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་སྔོན་མ་ཡིན་ན་རང་དགར་གཡུགས་བཞག་ཡོད་པ་རེད། ཡིན་ནའང་ཉེ་བའི་དུས་ཤིག་ནས་བོད་ཁུལ་དུ་ཞིབ་བཤེར་བྱེད་མགོ་བརྩམས་ཏེ། དཔེར་ན་མཚོ་སྔོན་ལྟ་བུ་ཡིན་ན་རྒྱ་རིགས་ ༢ དང་བོད་མི་ ༡ ཁྲིམས་འགལ་ཐེར་འདོན་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སུའང་ལྐོག་ཟ་རུལ་སུངས་ཐོག་ཞིབ་བཤེར་བྱེད་པའི་ལས་འགུལ་བརྩམས་པ་རེད། ཅེས་བརྗོད་བྱུང་།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་དེས་དམིགས་བསལ་བོད་དོན་ལ་ཕན་གནོད་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བྱེད་པའི་ལས་འགུལ་འདི་མ་སྤེལ་བ་ཡིན་ན། རྒྱ་ནག་དམར་ཤོག་གི་ཁྲིམས་མཐུན་རང་བཞིན་དང་མ་འོངས་པར་མུ་མཐུད་དུ་དམར་ཤོག་ཚོགས་པས་རྒྱ་ནག་གི་དབང་ཆ་འཛིན་པར་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། ཞི་ཅིན་ཕིན་གྱིས་མི་རིགས་ས་ཁུལ་ལའང་ལག་པ་མི་འཆང་ཀ་མེད་ཆགས་པ་རེད། ང་ཚོས་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་ས་ཁུལ་མང་པོའི་ནང་དཔོན་ངན་དང་བརྟན་ལྷིང་སྲུང་སྐྱོབ་ཁ་ལ་འཁྱེར་ཏེ། བོད་མིའི་ཐོག་ཁྲིམས་འགལ་གྱིས་དྲག་གནོན་བྱེད་མཁན་མང་པོ་ཞིག་ཡོད་པ་དེ་དག་ཐེར་འདོན་བྱེད་ཐུབ་པ་ཡིན་ན། མ་འོངས་པར་རྒྱ་གཞུང་ཁོ་རང་གིས་བཤད་པ་ལྟར་ཁྲིམས་ལྟར་བོད་སྐྱོང་ཟེར་བའི་ལམ་ཁའི་ཐོག་འགྲོ་བར་ཕན་ཐོགས་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

སྤྱི་འཐུས་རྒྱ་རིགས་ཐར་ལགས་སུ་བོད་ཁུལ་ཞིབ་བཤེར་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར། བོད་ནང་དུ་དཔོན་པོ་ངན་པ་མང་པོ་ཞིག་ཡོང་སྟེ་ལྐོག་ཟ་རུལ་སུངས་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་མེད་པའི་སྒྲིག་གཞི་མང་པོ་ཞིག་དབང་ཆ་སྒེར་སྤྱོད་ཀྱིས་ལག་བསྟར་བྱས་ཏེ། བོད་རིགས་མི་མང་ལ་བརྡབ་གསིག་གཏོང་གི་ཡོད་སྟབས། འདི་འདྲའི་ཞིབ་བཤེར་ཞིག་བོད་ནང་ལག་བསྟར་བྱེད་དུ་ཡོང་གི་འདུག་ཟེར་དུས། མི་ཚང་མ་དགའ་ནས་ཨ་མཆོག་ཀྲོང་ཀྲོང་བྱེད་ཀྱི་ཡོད་ས་རེད། རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཀྱང་འདས་པའི་ཟླ་ཤས་ནང་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་ཉེས་དོན་ ༡༨༣ ཅིག་དང་། ཡང་ཉེས་དོན་ ༣༠ ལྷག་ཅིག་བཅས་རིམ་པར་ཐེར་འདོན་བྱས་ཡོད་ལུགས་བསྒྲགས་འདུག གཙོ་བོ་ང་ཚོས་ཐེར་འདོན་དེ་དག་གནད་དོན་ག་རེ་སྟེང་བྱས་ཡོད་མེད་ལ་ལྟ་རྒྱུ་གལ་ཆེན་པོ་རེད། ང་རང་གི་མཐོང་སྣང་ལ། མང་ཆེ་བ་གཞུང་གི་བཀའ་འཁྲོལ་མེད་པར་རླངས་འཁོར་སྒེར་གྱིས་བེད་སྤྱོད་བཏང་བ་དང་ལས་ཀར་ཆད་པ། གཞུང་དངུལ་བཀོལ་ནས་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་པ། གཉེན་སྟོན་རྒྱ་ཆེན་པོ་བྱས་པ་སོགས་གནད་དོན་ཆུང་ཚགས་རིགས་རེད། གནད་དོན་དེ་དག་ལྐོག་ཟ་རུལ་སུངས་གྲས་སུ་ཚུད་ཀྱི་ཡོད་ཀྱང་། རྙོག་གྲ་དང་གནད་དོན་ཆེན་པོའི་གྲས་མ་རེད། བོད་ཁུལ་ན་དེ་ལས་ཚབས་ཆེ་བའི་ལྐོག་ཟ་རུལ་སུངས་མང་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ་རྒྱ་ནག་གི་ཞིབ་བཤེར་ལས་འགུལ་དེ་ལག་བསྟར་བྱེད་ཕྱོགས་ཐོག་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། ད་ཐེངས་ཀྱི་ཞིབ་བཤེར་འདིར་བལྟས་པ་ཡིན་ན། གཅིག་ནས་ཕྱི་ཚུལ་རང་བཞིན་གྱི་རྣམ་པ་ཙམ་དང་། གཉིས་ནས་ཁྱབ་རྒྱའི་ཐོག་ནས་བཤད་ན། བོད་རང་སྐྱོང་ལྗོངས་ལ་གྲོང་ཁྱེར་གཉིས་དང་རྫོང་ཆེ་ཆུང་ ༧༤ ཙམ་ཡོད་ཀྱང་། ཉེས་དོན་ ༣༠ ལྷག་ཅིག་ཐེར་འདོན་བྱས་ཡོད་ལུགས་བརྗོད་པ་དེ་གོ་འཇོ་རྫོང་དང་འཇོ་མདའ་རྫོང་གཉིས་གཅིག་པུའི་ནང་རེད། གསུམ་ནས་ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་སྐབས་མི་རིགས་དབྱེ་འབྱེད་བྱེད་ཀྱིན་ཡོད་པ་མངོན་ཡོང་གི་འདུག དཔེར་ན། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་སློབ་གྲྭ་ཞིག་གི་མགོ་ཁྲིད་རྒྱ་རིགས་ཤིག་གིས་གཞུང་དངུལ་བཏང་ནས་ལས་བཟོ་བ་ཚོ་རྒྱ་ནག་ནང་ལྟ་སྐོར་དུ་ཁྲིད་པ་དེར་དངུལ་ཕྱིར་སློག་བྱེད་དུ་བཅུག་རྗེས་ལྐོག་ཟ་རུལ་སུངས་ཀྱི་ཉེས་འོག་ཚུད་མི་འདུག དེ་བཞིན་བོད་རིགས་མགོ་ཁྲིད་ཅིག་གིས་ལས་བྱེད་ཚོ་ཁྲིད་ནས་ལྟ་སྐོར་དུ་ཕྱིན་སྟབས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཚུད་འདུག མགོ་ཁྲིད་དེ་གཉིས་ཀྱི་བྱེད་སྟངས་གཅིག་པ་རེད། འགྲོ་གྲོན་གྱི་དངུལ་འབོར་ཡང་ཧ་ལམ་འདྲ་འདྲ་རེད། གཞན། བོད་ཁུལ་དུ་ཡོད་པའི་རྒྱ་རིགས་མགོ་ཁྲིད་ཚོས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་བོད་རིགས་ལས་བྱེད་གོ་གནས་ནས་ཕབ་སྟེ་ཁོ་རང་ཚོའི་གཉེན་ཉེ་དང་གྲོགས་པོ་ཚོར་གོ་ས་སྤྲད་པའི་རུལ་སུངས་ཀྱི་བྱ་བ་མང་པོ་ཡོད་པ་རེད། ཡིན་ནའང་ཞིབ་བཤེར་ཁྲོད་རུལ་སུངས་འདི་རིགས་གཅིག་ཀྱང་ཚུད་མི་འདུག དེ་དག་ལ་བལྟས་ཡོང་ན་བོད་ཁུལ་དུ་ལྐོག་ཟ་རུལ་སུངས་ལ་ཞིབ་བཤེར་བཀག་བསྡོམ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་དེར་ཕན་འབྲས་ཆེན་པོ་ཡོད་པ་ཞིག་ལ་མཐོང་མ་སོང་། ཅེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    དཀོན་མཆོག་མཁྱེན་བོད་རིགས་ལས་བྱེད་ཚོ་རྒྱ་གཞུང་གི་མི་རིགས་དབྱིན་བྱེད་ལས་ཐར་པ་ཤོག་མཁྱེན་མཁྱེན་དཀོན་མཆོག་གསུམ་དང་ལྷ་ཆོས་སྐྱོང་སྲུང་མ་རྣམས་མཁྱེན།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese