མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭཊ་དང་ཀར་གྷིལ་གཞུང་ལམ་ཡར་རྒྱས་གཏོང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་འགྲིམ་འགྲུལ་བློན་ཆེན་གྱིས་ལ་དྭགས་དང་ཀར་གྷིལ་གཉིས་ཀྱི་གཞུང་ལམ་འཛུགས་སྐྲུན་ཆེད་ཧིན་སྒོར་ས་ཡ་ ༤༣༨ ཀྱི་འགྲོ་གྲོན་གཏོང་རྒྱུ་བཀའ་འཁྲོལ་སྤྲད་ཡོད་འདུག

ཟླ་འདིའི་ཚེས་ ༡༠ ཉིན་རྒྱ་གར་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ནེ་ཊིན་གྷ་ཀ་རེ་(Nitin Gadkari)ལགས་ཀྱི་བཀའ་འཁྲོལ་འོག་རྒྱ་གར་དབུས་གྲོང་གསེབ་འཛུགས་སྐྲུན་ལས་ཁུངས་ཀྱིས། ཇ་མུ་ཀ་ཤི་མུར་མངའ་སྡེའི་ཀར་གྷིལ་རྫོང་དང་ལ་དྭགས་རྫོང་གཉིས་ནང་གི་གཞུང་ལམ་རིང་ཚད་སྤྱི་ལེ་ ༣༥༠ ལྷག་གི་འཛུགས་སྐྲུན་ཆེད་ཧིན་སྒོར་ས་ཡ་ ༤༣༨ ཀྱི་འགྲོ་གྲོན་གཏོང་རྒྱུའི་བཀའ་འཁྲོལ་སྤྲད་དེ་ལས་གཞི་གང་མགྱོགས་མགོ་འཛུགས་བྱ་འཆར་ཡོད་འདུག

རྒྱ་གར་གཞུང་གིས་འགྲོ་གྲོན་གཏོང་སྟངས་གཏན་འབེབས་བྱས་པ་ལྟར་ན། ལ་དྭགས་རྫོང་ཁོངས་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་ ༡༤༢ ཙམ་གྱི་འཛུགས་སྐྲུན་ཆེད་ཧིན་སྒོར་ས་ཡ་ ༡༨༡།༤ དང་། ཀར་གྷིལ་རྫོང་ཁོངས་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ་ ༢༠༧ ཙམ་ཧིན་སྒོར་ས་ཡ་ ༢༥༦།༦ སོ་སོར་བགོས་ཡོད་འདུག

ད་ལོར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་སྐབས། བྷེ་ཇེ་པེ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པ་ (NDA) ཡིས་ལ་དྭགས་ཁུལ་དུ་ཁོང་ཚོའི་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་བསྡུ་ཐོབ་ཚེ། ལ་དྭགས་དང་ཀར་གྷེལ་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་དང་ཆུ་གློག གཞོན་སྐྱེས་ལས་མེད་སོགས་ཀྱི་དཀའ་ངལ་སེལ་རྒྱུ་ཡིན་པའི་ཁས་ལེན་བྱས་པ་ལྟར་ཐག་གཅོད་བྱས་ཡོད་འདུག

གནས་ཚུལ་འདིའི་ཐད་རྒྱ་གར་ཛེ་ (Zee News)གསར་ཁང་གིས། ཆོག་མཆན་དེ་ནི་ཉིན་འགའི་སྔོན་ལ་དྭགས་ཁུལ་གྱི་བྷེ་ཇེ་པེ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཐུབ་བསྟན་ཆོས་དབང་ལགས་ཀྱིས་སྣེ་འཁྲིད་པའི་ལ་དྭགས་ས་གནས་ཀྱི་སྐུ་ཚབ་ཚོ་འགྲིམ་འགྲུལ་བློན་ཆེན་ལ་ཐུག་འཕྲད་གནང་སྟེ། སྲིད་དོན་ཚོགས་པའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཀྱི་ཁྱབ་བསྒྲགས་འབྲུ་དོན་ཁག་ལག་བསྟར་ཡོང་བའི་རེ་སྐུལ་ཞུས་པ་དང་། ལྷག་པར་དུ་ལ་དྭགས་ས་ཁུལ་དམག་དོན་སྒང་ནས་གནད་འགག་ཆགས་སྟབས་ད་རེབ་ཆོག་མཆན་གནང་བ་ཞིག་རེད། ཅེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་བྱང་ཕྱོགས་ལ་དྭགས་དང་ཀར་གྷེལ་ཁུལ་གྱི་གཞུང་ལམ་དང་བརྡ་འཕྲིན། ཆུ་གློག་སོགས་ཀྱི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་དེ། མུ་དྷི་སྲིད་གཞུང་གིས་པ་ཀི་སི་ཐན་ནང་གི་འཇིགས་སྐུལ་བ་དང་། རྒྱ་ནག་གི་དམག་མི་རྒྱལ་ཁོངས་སུ་འཛུལ་བའི་བརྙས་སོགས་ལ་ཁ་གཏད་གཅོག་རྒྱུར་ནུས་པ་ཆེན་པོ་འཐོན་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese