མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མགོ་ཁྲིད་ཚོར་ཡིད་ཆེས་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

ད་རེབ་རྒྱ་དཀར་ནག་གི་མགོ་ཁྲིད་ཐུག་འཕྲད་དང་བསྟུན་ཏེ་རྒྱལ་ཁབ་གཉིས་བར་ཚོང་ལས་མཉམ་འབྲེལ་དང་། ས་མཚམས་སྣ་ཐོད་ལ་ནས་གངས་རིན་པོ་ཆེ་བར་གཞུང་ལམ་བཟོ་རྒྱུ་སོགས་ཐག་གཅོད་བྱས་ཡོད་འདུག

ཁ་སང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་། རྒྱ་ནག་གིས་རྒྱབ་སྐྱོར་བྱས་ཏེ་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཁོངས་སུ་ཚུད་ཐབས། རྒྱ་དཀར་ནག་གཉིས་ཀྱི་ཚོང་འབྲེལ་ཐོག་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༣༥ ལྷག་གི་གྱོང་རག་གི་ཡོད་པ་ཉུང་དུ་གཏོང་ཐབས། རྒྱ་ནག་གིས་སྣ་ཐོད་ལ་ (Nathula) བརྒྱུད་རྒྱ་གར་བ་ཚོས་གནས་ཆེན་བརྩི་ཡུལ་གྱི་གངས་རིན་པོ་ཆེ་བར་གཞུང་ལམ་སྒོ་ཕྱེ་རྒྱུ། རྒྱ་ནག་གིས་རྒྱ་གར་ནང་མྱུར་ཚད་ལྡན་པའི་མེ་འཁོར་དང་ལྕགས་ལམ་བཟོ་སྐྲུན་སོགས་ཚོང་དོན་ཁག་ ༡༦ ལ་མིང་རྟགས་བཀོད་དེ། ལོ་ལྔའི་ནང་རྒྱལ་ཁབ་གཉིས་བར་ཨ་སྒོར་དུང་ཕྱུར་ ༢༠༠ ཡི་ཚོང་འབྲེལ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

འདིའི་ཐད་རྒྱ་གར་སྲིད་བློན་གྱིས། “€œརྒྱལ་ཁབ་གཉིས་བར་གྱི་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་རྒྱུ་ནི་འབྲེལ་ལམ་ཡག་ པོ་ཡོང་ཐབས་ཀྱི་རྩ་བ་ལྟ་བུ་ཆགས་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཁུལ་དུ་ཞི་བདེ་བརྟན་ལྷིང་བྱུང་ཚེ། རྒྱལ་སྤྱིའི་ཐོག་རྒྱ་དཀར་ནག་གཉིས་མཐུན་གྲོགས་རྒྱལ་ཁབ་ཡག་ཤོས་ཤིག་ཏུ་འགྱུར་རྒྱུ་རེད”€ ཅེས་བརྗོད་འདུག

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གིས། “€œཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་དམ་ཟབ་ཡོད་ཀྱང་། ད་དུང་གནད་དོན་མང་པོ་ཞིག་ལ་ཕན་ཚུན་རྒྱུས་ལོན་བྱ་དགོས་པ་ཆགས་ཡོད་སྟབས། ད་རེབ་འཚམས་འདྲི་འདི་བརྒྱུད་རྒྱལ་ཁབ་གཉིས་བར་ཐབས་ཇུས་དང་ཚོང་དོན་སོགས་ཀྱི་ཐད་སྔར་ལྷག་མཉམ་ལས་རྒྱ་ཆེ་རུ་གཏོང་ཐུབ་པའི་རེ་བ་འཆང་བཞིན་ཡོད། རྒྱ་གར་དང་རྒྱ་ནག་གི་ས་མཚམས་རྩོད་རྙོག་འདི་དག་ནི་ལོ་རྒྱུས་ཐོག་གི་དཀའ་ངལ་ཞིག་ཆགས་ཡོད་སྟབས། ས་མཚམས་ཁུལ་དུ་དོན་རྐྱེན་བྱུང་བར་བརྟེན་ནས་འབྲེལ་ལམ་ལ་དོ་ཕོག་འགྲོ་བ་མ་རེད” €ཅེས་བརྗོད་འདུག

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྣམ་གཉིས་ཀྱིས་ཐུན་མོང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ཞིག་གི་ནང་། “ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་ས་མཚམས་དང་ཚོང་དོན་གནད་དོན་ཐད་དཀའ་རྙོག་གང་འཚམ་འཕྲད་བཞིན་ཡོད་ཀྱང་། ད་རེབ་འབྲེལ་མོལ་འདི་བརྒྱུད་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་མང་པོ་ཞིག་ལ་གོ་བསྡུར་གནང་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་ཚོང་དོན་དང་རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་ལ་མཉམ་ལས་བྱས་ཏེ། འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འཐོན་ཐུབ་པ་བྱ་རྒྱུ་ཡིན”€ ཞེས་སོགས་བརྗོད་འདུག

ད་ལོ་རྒྱ་ནག་དམག་མིས་རྒྱ་གར་ས་མཚམས་ཁུལ་དུ་སིམ་འཛུལ་ཐེངས་ ༤༢༣ ལྷག་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་བསྐྱོད་འཆར་ཡོད་པ་དང་བསྟུན་ཏེ། རྒྱ་ནག་གི་ས་མཚམས་དམག་མིས་ལ་དྭགས་ས་མཚམས་ཀྱི་ཆུ་དམར་དང་སྡེམ་ཆོག་ཁུལ་དུ་གཞུང་ལམ་དང་ཆུ་རགས་གསར་རྒྱག་མགོ་འཛུགས་བྱས་ཡོད་ཀྱང་། ད་རེབ་རྒྱ་དཀར་ནག་གི་མགོ་ཁྲིད་ཐུག་འཕྲད་གནང་བར་བརྟེན་ཏེ། ཁ་སང་ཉིན་རྒྱབ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་དམག་དཔོན་ཐུག་འཕྲད་བྱས་ཏེ་ས་མཚམས་ སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ཁ་སང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་མི་བཅས་ཀྱི་ངོ་རྒོལ་སྐད་འབོད་བྱས་སྟབས། རྒྱ་གར་ཉེན་རྟོག་པས་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་། བོད་ཁྱིམ་སྡོད་ཁང་སོགས་སུ་དམ་དྲག་དང་བོད་མི་ལས་འགུལ་བ་ ༩༣ ཙམ་འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་ཀྱང་། བོད་མི་ཚོས་ཞི་ཅིན་ཕིན་སྡོད་ཡུལ་མགྲོན་ཁང་ ( Taj Hotel) གི་གཡས་གཡོན་དུ་ལག་ཏུ་འཕྲེད་དར་འདྲ་མིན་འཁྱེར་ཏེ། ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། དེ་རིང་བོད་མི་ལས་འགུལ་བ་ཞིག་གིས་རྒྱབ་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ནས་ལྡི་ལི་དྷུ་ལཱ་ཁུན་ (Dhaula Kuan) ཉེ་འཁྲིས་ཀྱི་བརྙན་འཕྲིན་ལྕོག་མཁར་ (TV Tower) སྟེང་འཛེགས་ཏེ། ཞི་ཅིན་ཕིན་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་བཞིན། ཟླ་འདིའི་ཚེས་ ༡༦ ཉིན་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིན་ཕེབས་ཡུལ་ཨ་མེ་ཌ་བྷ་ཌ་གྲོང་ཁྱེར་གྱི་གྷན་དྷི་བཞུགས་གནས་ (Sabarmati Ashram) ནང་ཡིབ་ནས་སྡོད་སྐབས། ཟླ་འདིའི་ཚེས་ ༡༧ ཞོགས་པ་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱས་ཡོད་འདུག

རྒྱ་གར་གྱི་(First post)ཞེས་པའི་ཐོག་གནས་ཚུལ་ཐོན་པར། ཞི་ཅིན་ཕིན་གྱི་རྒྱ་གར་ནང་གཟིགས་སྐོར་ལམ་ལྷོང་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་ཆེད། ནཱ་རེན་ཌ་མུ་དྷེའི་གཞུང་གིས་དེ་རིང་ཚེས་ ༡༩ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལྡི་ལིའི་ནང་གི་མཛད་འཆར་ཁག་ཅིག་ཡོད་པ་ཕྱིར་འགྱངས་ཡོང་བའི་འབོད་སྐུལ་ཞུས་ཡོད་སྐོར་འཁོད་འདུག གཞན། ལྡི་ལི་ཁུལ་གྱི་ས་ཕྱོགས་གང་སར་ཉེན་རྟོག་པ་ ༦༠༠༠ ལྷག་དང་གསང་བའི་ལས་བྱེད་༢༥༠ ལྷག་འགྲེམ་འཇོག་གིས་བོད་མི་དང་བོད་སྒར་ཚོའི་བྱ་སྤྱོད་ལ་ལྟ་སྲུང་ནན་པོ་བྱེད་ཀྱིན་ཡོད་འདུག

ཁ་སང་༧གོང་ས་མཆོག་མོམ་བྷེ་ནང་རྒྱ་གར་ཚོང་པའི་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ ༡༠༨ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་སྐབས་གསར་འགོད་པས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་བོད་དོན་གནད་དོན་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ། “€œརྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དེ་བཞིན་གཅིག་གིས་གཅིག་ལ་ཡིད་ཆེས་ཡོད་པའི་ཐོག་ནས་བྱུང་བ་ཡིན་ཚེ། ཨ་ཤེ་ཡ་ཙམ་མ་ཟད་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་རྒྱུ་རེད། ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པ་ནི་གཅིག་གིས་གཅིག་ལ་ཡིད་ཆེས་ཡོད་པའི་ཐོག་ནས་བྱུང་བ་ཞིག་ཡིན་སྟབས། རྒྱ་དཀར་ནག་གི་འབྲེལ་ལམ་ཡག་པོ་ཡོང་དགོས་ན་ཕན་ཚུན་ཡིད་ཆེས་དགོས་རྒྱུ་གལ་ཆེན་པོ་ཡིན”€ ཞེས་གསུངས་འདུག

༧གོང་ས་མཆོག་ལ་ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོར་ཡིད་ཆེས་གང་འདྲ་ཡོད་མེད་དྲིས་པའི་ལན་དུ། “ངོས་ཀྱིས་རྒྱ་ནག་གི་མགོ་ཁྲིད་གསར་པར་ཡིད་ཆེས་ཡོད། ཁོང་ནི་བློ་རྒྱ་ཆེ་ལ་དོན་དངོས་དང་བསྟུན་ཤེས་མཁན་ཞིག་ཡིན་པ་ཙམ་མ་ཟད། ཕྱག་ལས་ག་རེ་གནང་ཡང་ཐད་ཀར་ལག་བསྟར་གནང་མཁན་གྱི་མགོ་ཁྲིད་ཅིག་ཡིན། རྒྱ་གར་ནི་མི་འབོར་མང་ལ་སྐད་རིགས་འདྲ་མིན་སྤྱོད་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་ཡང་མི་རིགས་ཕན་ཚུན་བར་རྒྱ་གར་བ་གཅིག་གི་འདུ་ཤེས་བཟུང་སྟེ་མཛའ་མཐུན་མཉམ་གནས་བྱེད་བཞིན་ཡོད་པ་མ་ཟད། སྨྲ་བརྗོད་རང་དབང་ཤུགས་ཆེ་ཡོད་པའི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གར་གྱི་རིན་བྲལ་རིན་ཐང་འདི་དག་ལ་སློབ་སྦྱོང་གནང་དགོས་པ་ཆགས་ཀྱི་ཡོད” €ཅེས་གསུངས་འདུག

རྒྱ་དཀར་ནག་གི་འབྲེལ་ལམ་ཐད་བོད་དོན་གལ་འགངས་ག་ཚོད་ཡོད་མེད་ཐད། “€œབོད་ཀྱི་དཀའ་རྙོག་འདི་ནི་རྒྱ་གར་གྱི་དཀའ་རྙོག་ཞིག་ཀྱང་ཆགས་ཡོད། ༡༩༥༠ སྔོན་ལ་རྒྱ་གར་ནུབ་ཁུལ་གྱི་ས་མཚམས་སུ་དམག་མི་གཅིག་ཀྱང་མེད་སྟབས། རྒྱལ་ཁབ་གཉིས་བར་ཞི་བདེ་དང་བརྟན་ལྷིང་ཡོད་ཀྱང་། ད་ལྟ་ས་མཚམས་ཁུལ་དུ་དཀའ་རྙོག་མང་དག་ཅིག་བྱུང་བཞིན་ཡོད་པར་བརྟེན། དཀའ་ངལ་དེ་དག་ཐོག་ཕྱོགས་གཉིས་བར་དྲག་ཤུགས་མ་སྤྱད་པར་བསམ་ཞིབ་དང་གྲོས་མོལ་བརྒྱུད་ནས་སེལ་ཐབས་བྱེད་དགོས” €ཞེས་སོགས་གསུངས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 4

  1. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    གནས་ཚང་ལགས། སྐབས་འདིར་སྐད་ཆ་འདྲི་ས་༧གོང་ས་མཆོག་རེད། དེ་བས་༧གོང་ས་མཆོག་གིས་ལན་གནངས་བ་རེད། འདི་ཙམ་ཡང་མི་ཤེས་སམ། ཨ་ཡ།

    Reply
  2. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་ལྗོངས་ནི་རྒྱ་གར་གྱི་དཔོན་པོ་ཚོས་རྒྱ་ནག་ལ་ངོ་དགའ་སྦྲེད་སླད་ཁྲབ་བྱེད་དང་བྱ་དགའ་ལག་རྟག་སྤྲོད་ཡོད་ན་མེད་ན་དེ་ཡིན་པ་ད་ལམ་ཡང་མུ་སྡི་ཡི་ཡང་སྐར་ཞིས་ལ་སྤྲད་ཡོད་འདུག་མོད་ཀྱང་རྒྱ་ནག་གི་རྒྱ་གར་ལ་དགོས་དེ་ཚོ་སྤྲོད་མྱོང་པ་དང།་ད་ལམ་ཞིས་ཀྱི་ག་ནས་སྤྲོད་།ཁོ་གཉིས་ཐག་ཐག་ས་ལྟད་མོ་བལྟས་འདུག་

    Reply
  3. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་ལྗོངས་ནི་རྒྱ་གར་གྱི་དཔོན་པོ་ཚོས་རྒྱ་ནག་ལ་ངོ་དགའ་སྦྲེད་སླད་ཁྲབ་བྱེད་དང་བྱ་དགའ་ལག་རྟག་སྤྲོད་ཡོད་ན་མེད་ན་དེ་ཡིན་པ་ད་ལམ་ཡང་མུ་སྡི་ཡི་ཡང་སྐར་ཞིས་ལ་སྤྲད་ཡོད་འདུག་མོད་ཀྱང་རྒྱ་ནག་གི་རྒྱ་གར་ལ་དགོས་དེ་ཚོ་སྤྲོད་མྱོང་པ་དང།་ད་ལམ་ཞིས་ཀྱི་ག་ནས་སྤྲོད་།ཁོ་གཉིས་ཐག་ཐག་ས་ལྟད་མོ་བལྟས་འདུག་

    Reply
  4. གནས་ཚང་། says:
    ལོ་ 11 སྔོན།

    ད་ག་རེ་མ་འགྲིག་པ་རེད་དམ། སྐབས་འདིར་སྐད་ཆ་བཤད་མཁན་སྲིད་སྐྱོང་དང་། གོང་ས་མཆོག་བར་གནས་ལྟ་བུར་སྡོད་དགོས་པ་མ་རེད་དམ། ཐམས་ཅད་མཁྱེན་པ་ཚང་མ་ནི་ཐམས་ཅད་མཁྱེན་པ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese