མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་གང་བྱུང་གཅར་རྡུང་།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམག་མི་དང་ཉེན་རྟོག་པས་ཡུལ་ཤུལ་ཆུ་དམར་ལེབ་རྫོང་དང་། གཅན་ཚ་རྫོང་བཅས་སུ་བོད་མི་ཚོར་གང་བྱུང་གཅར་རྡུང་བཏང་སྟེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱིན་པའི་གནས་ཚུལ་བྱུང་འདུག

སུད་སུ་གནས་སྡོད་ནགས་མགོ་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༢༢ ཉིན་གྱི་དགོང་མོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ། རྫོང་ཐོག་ཏུ་ཡོད་པའི་དམག་མི་ ༣༠ ལྷག་གིས་ཆང་འཐུང་རྗེས་རྫོང་གི་ཁྲོམ་གཞུང་དུ་བོད་པའི་གཞོན་སྐྱེས་ ༤ ལ་རུབ་རྡུང་བྱས་ཏེ། གཞོན་སྐྱེས་གཅིག་ཛ་དྲག་གི་གནས་སྟངས་འོག་སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། གཞན་གསུམ་གྱི་ལུས་སྟེང་ལ་རྨ་ཁ་ཚབས་ཆེན་བཟོས་ཡོད་འདུག

དེ་བཞིན། ཟླ་འདིའི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ། ༢༠༡༤ ལོའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་། མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་ཚོགས་ཡོད་པའི་ཉིན་གཉིས་པའི་དགོང་མོ། ལྟད་མོ་བ་ཚོས་མདའ་རྩེད་ཐང་ཆེན་དུ་དགོངས་ཚོགས་གསོལ་ཚིགས་ཀྱི་སྐབས་སུ། རྫོང་གི་ཉེན་རྟོག་པ་ཁག་ཅིག་ར་བཟི་རྗེས་ཚོགས་རར་ཡོང་སྟེ། དེར་ཡོད་མི་མང་གིས་ཁོང་ཚོར་ཆང་མ་དྲངས་ཚེ་ལས་འགུལ་སྔོན་ལ་མཇུག་སྒྲིལ་འཇུག་རྒྱུའི་ཉེན་བརྡ་བཏང་འདུག

སྐབས་དེར་གཅན་ཚ་རྫོང་གི་ཚོང་བ་དབང་ཕྱུག་ཞུ་བའི་ཕུ་བོས་ཉེན་རྟོག་པར། བྱེད་སྟངས་དེ་རྒྱ་ནག་གི་བཅའ་ཁྲིམས་གང་དུ་བཀོད་ཡོད་མེད་དང་། མི་མང་དཀྱུས་མ་ཚོས་སོ་སོའི་དངུལ་གྱིས་ཟ་མ་ཟ་བཞིན་པ་དེ་ཁྲིམས་འགལ་ཡིན་མིན་སོགས་དོགས་འདྲི་བྱེད་པར། ཉེན་རྟོག་པས་ཁོ་བཙན་དབང་གིས་ཉེན་རྟོག་རླངས་འཁོར་ནང་འཁྲིད་ཡོད་པ་མ་ཟད། དེར་བར་འདུམ་བྱེད་མཁན་ཚོང་བ་དབང་ཕྱུག་དང་བ་ཡན་རྫོང་ནས་ཡོང་བའི་བསྟན་འཛིན་རིན་ཆེན་ཞུ་བ་གཉིས་ཀྱང་བཙན་འཁྲིད་བྱས་ཡོད་འདུག ཁོང་གསུམ་གཅན་ཚ་རྫོང་ལྟ་སྲུང་ཁང་དུ་འཁྲིད་པའི་ལམ་བར་དུ་ཉེན་རྟོག་པ་ ༢༠ ལྷག་གིས་གཅར་རྡུང་དང་། ཉིན་དེའི་དགོང་མོ་ཉེན་རྟོག་པ་ ༨ ཀྱིས་ཆང་འཐུང་ཞོར་དུ་ཆང་གི་ཤེལ་དམ་གྱིས་ཁོང་ཚོའི་རྩིབ་རུས་དང་པུ་མོའི་ཐོག་གཞུས་ཡོད་འདུག

ཚེས་ ༡༢ ཉིན་གྱི་ཞོགས་པར་ལྟ་སྲུང་ཁང་གི་ཉེན་རྟོག་པས་བསྟན་འཛིན་རིན་ཆེན་སར་འགྱེལ་ཏེ་གནས་སྟངས་ཛ་དྲག་ཡིན་པ་མཐོང་རྗེས་རྨ་ལྷོ་ཁུལ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཚེས་ ༡༣ ཉིན་ཟི་ལིང་རྒྱ་གྲམ་དམར་པོའི་སྨན་ཁང་དུ་འཁྲིད་ཡོད་འདུག སྐབས་དེར་བརྟག་དཔྱད་བྱེད་སྐབས་རྩིབ་རུས་དྲུག་བཅག་ཡོད་པ་ཤེས་རྟོགས་བྱུང་སྟེ་བདུན་ཕྲག་གཅིག་རིང་སྨན་བཅོས་བྱས་ཡོད་འདུག ཚེས་ ༢༠ ཉིན་གཅན་ཚ་རྫོང་གི་ཉེན་རྟོག་པ་གློ་བུར་ཡོང་སྟེ་ཟི་ལིང་ནས་ཕྱིར་གཅན་ཚ་རྫོང་སྨན་ཁང་དུ་འཁྲིད་དེ་སྨན་བཅོས་བྱེད་ཀྱི་ཡོད་འདུག ཁོང་གིས་ཟ་མ་ཟ་མི་ཐུབ་པ་དང་སྐད་ཆ་བཤད་མི་ཐུབ་ཀྱི་མེད་པར་ཛ་དྲག་གི་གནས་སུ་གྱར་ཡོད་འདུག

ཚེས་ ༢༡ ཉིན་ཉེན་རྟོག་པས་ནང་མིར་ཁོ་རང་ཁྱིམ་དུ་འཁྲིད་དེ་སྨན་བཅོས་བྱེད་དགོས་པའི་བརྡ་སྤྲད་ཡོད་འདུག་ཀྱང་། དེའི་ཡང་སྔོན་དུ་ནང་མི་ཉེ་འབྲེལ་ཚོས་ཁོང་ཚོའི་སྐོར་སྐད་ཆ་དྲིས་སྐབས། ཁོང་ཚོ་ཀློད་གྲོལ་བཏང་ཡོད་ཚུལ་ལས་སྨན་ཁང་དུ་འཁྲིད་དེ་སྨན་བཅོས་བྱེད་ཀྱི་ཡོད་སྐོར་གསལ་བོ་བརྗོད་མེད་སྟབས། ནང་མི་ཉེ་འབྲེལ་ཚོས་ངོས་ལེན་བྱེད་ཀྱི་མེད་པར། ཉེན་རྟོག་ཕྱོགས་ནས་བསྟན་འཛིན་རིན་ཆེན་ཞིང་ཆེན་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་དགོས་ཚུལ་དང་། གཅར་རྡུང་བྱེད་མཁན་གྱི་ཉེན་རྟོག་པ་ཚོར་ཁྲིམས་ཆད་གཅོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 1

  1. སེམས་བཟང་། says:
    ལོ་ 11 སྔོན།

    སྙིང་རྗེ་བོད་མི་དེ་དག་ལ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese