མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུགས་ཚང་མ་གཅིག་གྱུར་ཡོང་དགོས་པ་ཞིག་མ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་གཙོས་ཆོས་ཞུ་བ་ ༦༠༠༠ ཙམ་ལ་ཉིན་གསུམ་རིང་གི་གསུང་ཆོས་དབུ་འཛུགས་ཐོག འཛམ་གླིང་ཐོག་གི་དཀའ་ངལ་ཚང་མ་མིས་བཟོས་པ་ཡིན་པས་དེ་དག་སེལ་ཐབས་ཀྱང་མི་ཡིས་བྱེད་དགོས་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཡོལ་ཙམ་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ཆེན་མོ་དང་སིང་ག་པོར་། ཐའེ་ལན་ཊི། ཝའེ་ཋི་ནམ། ཉི་ཧོང་། ཀོ་རི་ཡ། ཐའེ་ཝན་སོགས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བཅས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༨༠༠ ཙམ་གྱི་གཙོས་འཛམ་གླིང་གི་རྒྱལ་ཁབ་ ༦༢ ཙམ་ནས་ ནང་ཆོས་དོན་གཉེར་བ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༦༠༠༠ ཙམ་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་དབུ་འཛུགས་གནང་སོང་བ་དང་། ཉིན་ ༣ རིང་གི་སྔ་དྲོའི་ཆུ་ཚོད་ ༨ ནས་ ༡༢ བར་དབྱིན་སྐད་དང་རྒྱ་སྐད། ཉི་ཧོང་སྐད། ཀོ་རི་ཡའི་སྐད་སོགས་སྐད་རིགས་མི་འདྲ་བ་ ༦ ནང་ཐད་གཏོང་གནང་གི་འདུག

གསུང་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས་དཀའ་ངལ་སེལ་ཐབས་བྱེད་པ་དེ་ཚེ་འདིའི་དོན་དག་ཡིན་པ་ལས་ཚེ་ཕྱི་མ་སོགས་བཤད་མི་དགོས་བའི་སྐོར་བཀའ་སློབ་གནང་དོན། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབ་བསྡད་ཡོད་པ་དང་། དུས་རབས་ཉི་ཤུ་པའི་ནང་དམག་འཁྲུག་སོགས་དཀའ་ངལ་མང་པོ་ཞིག་ཡོད་པ་དེ་ཚོ་ང་ཚོ་མིས་བཟོས་པ་ཞིག་རེད། ད་ལྟ་དུས་རབས་ཉེར་གཅིག་པའི་མགོ་བརྩམས་པའི་དུས་ཡིན་ཞིང་། ད་དུང་ཡང་མིས་བཟོས་པའི་དཀའ་ངལ་ཡོང་གི་ཡོད་པ་རེད། ཐ་ན་ཆོས་ལུགས་དད་པ་མ་འདྲ་བའི་ཐོག་ནས་ཀྱང་དཀའ་ངལ་བཟོས་ཡོང་གི་ཡོད་པ་རེད། དཀའ་ངལ་དེ་ཚོ་མིས་བཟོས་པ་ཡིན་དུས་མི་རང་ཉིད་ཀྱིས་སེལ་ཐབས་བྱ་རྒྱུ་མ་གཏོགས་ཐབས་ཤེས་གཞན་ཡོད་པ་མ་རེད། མིས་དཀའ་ངལ་བཟོས་པ་དེ་དཀའ་ངལ་བཟོ་འདོད་བྱས་ཏེ་དྭང་དུ་བླངས་ནས་བཟོས་པ་ཞིག་མ་རེད།

ཡིན་ནའང་བསམ་བློ་གཏོང་སྟངས་མ་འདྲ་པ་དང་བསམ་བློ་གུ་དོག་པའི་གནས་སྟངས་འོག་དཀའ་ངལ་འཕྲད་ཡོང་གི་ཡོད་པ་རེད། རང་ཉིད་ཀྱི་བདེ་སྡུག་གི་ཉམས་མྱོང་རྣམས་དཔེར་བླངས་ཏེ་གཞན་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན་པར་བསམ་བློ་མང་ཙམ་འཁོར་བ་ཡིན་ན། མིས་བཟོས་པའི་དཀའ་ངལ་དེ་ཉུང་དུ་འགྲོ་ངེས་རེད། དཔེར་ན་ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་ན། འཛམ་གླིང་གི་མི་གྲངས་དུང་ཕྱུར་ ༧༠ ཡི་བདེ་སྡུག་སྐོར་སྐད་ཆ་བཤད་དུས། སངས་རྒྱས་བཅོམ་ལྡན་འདས་དང་དགེ་འདུན་དཀོན་མཆོག སྐྱེས་བ་ཕྱི་མ་སོགས་བསམ་མི་དགོས་ལ། ལྷ་དང་ཨན་ལཱ་སོགས་ཀྱང་བསམ་དགོས་པ་མ་རེད། གང་ལྟར་དངོས་ཡོད་གནས་ཚུལ་དེ་ང་རང་ཚོ་མིས་བཟོས་པའི་དཀའ་ངལ་རྣམས་ངོས་ཟིན་པ་བྱུང་ན། འཛམ་བུ་གླིང་འདི་སྐྱིད་པོ་ཡོང་གི་རེད། མིས་བཟོས་པའི་དཀའ་ངལ་མང་པོ་སླེབ་ཡོང་དུས་མི་མང་པོར་ཐད་ཀར་ལུས་ལ་དཀའ་ངལ་འཕྲད་ཀྱི་མེད་ཀྱང་། སེམས་ལ་དངངས་སྐྲག་ཡོང་ནས་མ་སྐྱིད་པ་ཡོང་གི་ཡོད་སྟབས། དཀའ་ངལ་སེལ་བ་དེ་ང་རང་ཚོའི་དོན་དག་རེད། ཚེ་འདིའི་དོན་དག་རེད། ཚེ་ཕྱི་མའི་སྐད་ཆ་བཤད་དགོས་པ་མ་རེད་དེ་ཐག་རིང་པོ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་ཆོས་ལུགས་འདྲ་མིན་གྱི་དགོས་མཁོའི་སྐོར་ལ་གསུངས་དོན། འཛམ་གླིང་ཐོག་ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ནས་མ་འདྲ་བ་མང་པོ་ཡོད་ཀྱང་། དེ་ཚོ་ཚང་མའི་མཐར་ཐུག་གི་དམིགས་ཡུལ་ནི་མི་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པ་དེ་ཡིན་ལ། ལྟ་གྲུབ་མ་འདྲ་བ་དེ་ཚོས་གཙོ་བོ་བྱམས་བརྩེས་ཀུན་ནས་བསླངས་བའི་མི་ཞིག་ཡོང་བར་དམིགས་པ་གཅིག་མཚུངས་རེད། དངོས་ཡོད་གནས་ཚུལ་ལའང་བཅོམ་ལྡན་འདས་མ་བྱོན་གོང་ནས་ཆོས་ལུགས་མ་འདྲ་བ་མང་པོ་ཡོད་པ་དང་། ད་ལྟའང་འཛམ་བུ་གླིང་འདིའི་ཐོག་ཆོས་ལུགས་མ་འདྲ་བ་མང་པོ་ཡོད་པ་རེད། ཆོས་ལུགས་དེ་ཚོ་ཆོས་ལུགས་གཅིག་བཟོ་བ་ཟེར་བ་དེ་ཡོང་སྲིད་པ་ཞིག་མ་རེད་ལ། ཡོང་དགོས་བའང་མི་འདུག གང་ཡིན་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་གདུལ་བྱའི་ནང་དུའང་ཁམས་དང་དབང་པོ། མོས་པ་བཅས་ཀྱི་ཁྱད་པར་ཡོད་པ་ལྟར་ཐབས་ཀྱི་ཆ་ནས་ཐེག་པ་གསུམ་དང་། ཤེས་རབ་ཀྱི་ཆ་ནས་གྲུབ་མཐའ་སྨྲ་བ་བཞི་གསུངས་ཡོད་པ་དང་། དེ་ཚོ་རེ་རེའི་ནང་དུའང་མ་འདྲ་བའི་ཁྱད་པར་ཡོང་གི་ཡོད་སྟབས། བཅོམ་ལྡན་འདས་ཀྱིས་ཀྱང་གདུལ་བྱའི་ཁམས་དང་མོས་བ་ལ་བརྟེན་ནས་གསུངས་ཡོད་པ་ལས། ཁྱེད་རང་གི་བློ་ལ་བབ་ན་རེད་མ་བབ་ནའང་རེད། ངའི་ལྟ་གྲུབ་འདི་ཡིན་ཟེར་ནས་གསུངས་ཡོད་པ་མ་རེད།

དེའི་ཐོག་ནས་ང་ཚོས་ག་རེ་བསླབ་བྱ་ལེན་ཐུབ་པ་རེད་ཟེར་ན། འཛམ་གླིང་ཐོག་ཆོས་དད་ཡོད་མཁན་དུང་ཕྱུར་ ༦༠ ཡོད་པའི་ནང་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་དེར་ཐབས་ལམ་མི་འདྲ་བའི་ཐོག་ནས་བྱམས་བརྩེ་སྤེལ་དགོས་པ་དེ་རེད། ཆོས་ཟེར་བ་དེ་སེམས་འཁྲུག་བསྡད་པའི་སྐབས་ཀྱི་སྨན་ལྟ་བུ་ཡིན་སྟབས། སེམས་འཁྲུག་སྟངས་མ་འདྲ་བ་སྣ་ཚོགས་ཡོད་དུས། དེ་ཚོ་རེ་རེར་སོ་སོ་དང་འཚམ་པའི་སྨན་ཞིག་དགོས་ཀྱི་ཡོད་པར་བརྟེན། ཆོས་ལུགས་ཀྱི་ཐོག་ནས་མ་འདྲ་བ་མང་པོ་དགོས་ཀྱི་ཡོད་པ་རེད། གཙོ་བོ་ཚང་མས་ཡ་རབས་དང་སེམས་པ་བཟང་པོ་བྱེད་ཐུབ་ན་འགྲིག་འདུག་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༦ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese