མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སློབ་ཆུང་སློབ་མ་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་རྒྱ་ནག་ཀོང་ཞི་ཞིང་ཆེན་ལིན་སན་རྫོང་ཁོངས་ཀྱི་སློབ་ཆུང་སློབ་མ་ ༤ ལ་གྲི་ཡིས་བརྒྱབ་སྟེ་དམར་གསོད་བཏང་ཡོད་འདུག

དེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་་ ༦།༢༠ ཙམ་ལ། རྒྱ་ནག་ཀོང་ཞི་ཞིང་ཆེན་ལིན་སན་རྫོང་ཕེན་སན་གྲོང་བརྡལ་གྱི་ཀོ་ཕོ་སློབ་ཆུང་གི་སློབ་མ་ ༤ སློབ་གྲྭར་འགྲོ་བའི་ལམ་བར་དུ། རྐང་གསུམ་འཁོར་ལོ་གཏོང་མཁན་གྱི་སྐྱེས་པ་ཞིག་གིས་གང་བྱུང་གྲི་ཡིས་བརྒྱབ་སྟེ་ཚང་མ་དམར་གསོད་བཏང་ཡོད་འདུག

ས་གནས་ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། དམར་གསོད་དོན་རྐྱེན་བྱུང་མ་ཐག་ཉེན་རྟོག་པས་ལག་དམར་རྗེས་འདེད་བཏང་སྟེ་རྩད་གཅོད་བྱེད་བཞིན་ཡོད་ལུགས་དང་། ལག་དམར་དེ་ཕེན་སན་གྲོང་བརྡལ་ནས་ཡིན་ཞིང་། ད་ལྟ་ལོ་ན་ ༥༦ ཙམ་ཡིན་སྐོར་བརྗོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཡེན་ཞི་རྫོང་ཏུང་ཧྥང་སློབ་ཆུང་གི་སློབ་མ་ ༩ ལ་སྐྱེས་པ་ཞིག་གིས་གྲི་ཡིས་བརྒྱབ་སྟེ། ཉུང་མཐར་སློབ་ཕྲུག་ ༤ དམར་གསོད་དང་། གཞན་རྣམས་ལ་རྨས་སྐྱོན་ཚབས་ཆེན་བཟོས་རྗེས། ལག་དམར་ཁོ་རང་ཡང་ཉེ་འགྲམ་གྱི་ཁང་རྩེག་ཅིག་གི་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབ་ཡོད་འདུག

རྒྱ་ནག་ནང་སློབ་མ་དམར་གསོད་ཀྱི་དོན་རྐྱེན་རིམ་པར་བྱུང་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ནང་ཧུའུ་པེ་ཞིང་ཆེན་མཱ་ཁྲིན་གྲོང་ཁྱེར་གྱི་སློབ་ཆུང་ནང་། གློ་བུར་དུ་ཕྱི་ནས་སྐྱེས་པ་ཞིག་ཡོང་སྟེ་སློབ་མ་ ༨ ལ་གྲིས་བརྒྱབ་ནས་རྨས་སྐྱོན་བཟོས་ཡོད་པ་དང་། ཡང་ཕྱི་ཟླ་ ༤ པའི་ནང་དུ། སན་ཞི་ཞིང་ཆེན་ཨན་ཁཱང་གྲོང་ཁྱེར་གྱི་དམའ་འབྲིང་སློབ་མ་འགའ་སློབ་གྲྭ་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ། མི་བཅུ་གྲངས་ཤིག་གིས་གྲི་སོགས་ཀྱིས་བརྒྱབ་ཏེ་རྨས་སྐྱོན་བཟོས་པ་མ་ཟད། སློབ་མ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་འདས་གྲོངས་སུ་གྱུར་ཡོད་འདུག ཕྱི་ལོ་ ༢༠༡༠ ནས་ད་ལྟའི་བར་རྒྱ་ནག་ནང་ཁྱོན་སློབ་མ་ ༤༠ ལྷག་ལ་དམར་གསོད་ཁྲོད་རྨས་སྐྱོན་བཟོས་ཡོད་པ་མ་ཟད། སློབ་ཕྲུག་ ༡༠ ཙམ་གྱིས་ཚེ་སྲོག་ཤོར་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist