མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇན་ཌེ་རོལ་ལ་ནོ་བྷེལ་དཔལ་འབྱོར་གཟེངས་རྟཊ་ཐོབ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་ཇན་ཌེ་རོལ་ལ་སྤྲོད་གཏན་ཁེལ་ཡོད་པ་གསལ་བསྒྲགས་བསྐྱངས་འདུག

ནོ་བྷེལ་རྩོམ་རིག་གཟེང་རྟགས་ཚོགས་ཆུང་གིས་ཟླ་འདིའི་ཚེས་ ༡༣ ཉིན། ད་ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་དེ་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ཇན་ཌེ་རོལ་ (Jean Tirole) ལགས་སུ་སྤྲོད་གཏན་ཁེལ་བ་གསལ་བསྒྲགས་བསྐྱངས་ཡོད་ཅིང་། དེ་ནི་ཁོ་བོས་གཞུང་འཛིན་སྐྱོང་བྱེད་མཁན་ཚོས་དམིགས་བཀར་ཁེ་ལས་ཆེ་ཁག་གི་གནས་སྟངས་ལ་གཞིགས་ཏེ། ཁྲོམ་རྭའི་ལམ་ལུགས་བཟོ་དགོས་པ་ལས་སྒེར་གཉེར་ཁེ་ལས་ལ་གཞི་བཞག་ནས་དཔྱ་ཁྲལ་འགེལ་བ་དང་། ཁྲོམ་རྭའི་འཕེལ་ཚད་གང་ཡིན་ཚོད་དཔག་བྱེད་མི་རུང་བའི་༼ཁྲོམ་རྭའི་ནུས་པ་དང་སྒྲིག་ཁྲིམས་༽ཞེས་པའི་ལམ་སྲོལ་ཞིག་གསར་གཏོད་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་དང་ཡུལ་ཐང་འཕར་ཆའི་དཀའ་ངལ་སེལ་ཐབས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་སྟབས། ཐེངས་འདིར་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་དེ་ཕུལ་བ་ཞིག་ཡིན་འདུག་ཅིང་། ཁོང་ནི་ད་ལོ་ཧྥ་རན་སིའི་མི་སེར་ལ་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཨང་གཉིས་པ་དེ་ཆགས་ཡོད་འདུག

འདིའི་ཐད་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས། “ཌེ་རོལ་མཆོག་ནི་ད་ལྟའི་དུས་རབས་ནང་དཔལ་འབྱོར་རིག་པའི་ཐོག་ཤུགས་ཆེན་ཆེ་ཤོས་ཀྱི་མི་ཞིག་ཡིན་ཞིང་། ད་བར་ཁོང་གིས་དཔལ་འབྱོར་རིག་པའི་རྣམ་གཞག་མང་པོ་ཞིག་གི་ཐོག་མཛད་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། ལྷག་པར་དུ་གཞུང་གིས་ཁེ་ལས་ཆེ་ཁག་ལ་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱི་ཁྲིམས་སྲོལ་དང་ཁྲོམ་རྭའི་གནས་སྟངས་ཤེས་རྟོགས་བྱེད་དགོས་པའི་ལམ་ལུགས་སྲོལ་གཏོད་དང་། དཔལ་འབྱོར་རིག་པའི་སྟོང་ཆ་མང་པོ་ཞིག་བསྐངས་ཡོད་སྟབས་གཟེངས་རྟགས་འདི་ཕུལ་བ་ཆགས་ཡོད” ཅེས་བརྗོད་འདུག

དཔལ་འབྱོར་རིག་པ་བ་ཇན་ཌེ་རོལ་ (Jean Tirole) ལགས་ཀྱིས། “ཕྲན་གྱིས་དཔལ་འབྱོར་རིག་པའི་ཐོག་བྱ་བ་ཕྲན་བུ་ཞིག་ལས་བསྒྲུབས་མེད་ཀྱང་། ད་རེབ་ནོ་བྷེལ་གཟེངས་རྟགས་འདིས་སེམས་ཤུགས་འཕར་མ་ཞིག་སྤྲད་བྱུང་བས། མ་འོངས་པར་ངས་རྒྱལ་སྤྱིའི་མང་ཚོགས་དང་དཔལ་འབྱོར་རིག་པའི་ལྟ་གྲུབ་འཕེལ་རྒྱས་གཏོང་ཐབས་ལ་སྔར་ལྷག་ལེགས་སྐྱེས་འབུལ་རྒྱུ་ཡིན།”ཞེས་བརྗོད་འདུག

ཁ་སང་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་འདི་ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་དེ་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་ཇན་ཌེ་རོལ་ལགས་སུ་འབུལ་གཏན་ཁེལ་བ་གསལ་བསྒྲགས་བསྐྱངས་རྗེས། ཡུ་རོབ་མཐུན་ཚོགས་ངོས་ནས་ཁོང་ལ་འཚམས་འདྲི་དང་འབྲེལ་ཏེ། གཟེངས་རྟགས་དེ་ཁོང་ལ་ཐོབ་འོས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

༡༨༧༠ ལོ་ནས་བཟུང་རྒྱལ་སྤྱིའི་ཁྲོམ་རྭ་མང་པོ་ཞིག་ཁེ་ལས་ཆེ་ཁག་གིས་བཟུང་སྟེ། ཁེ་ལས་ཆེ་གྲས་ཁག་ལ་ཁེ་ཕན་ཆེན་པོ་ཐོབ་ཡོད་ཀྱང་། ཁེ་ལས་འབྲིང་ཆུང་གཉིས་ལ་དཀའ་ངལ་འཕྲད་དེ་སྒོ་རྒྱག་དགོས་བྱུང་ཡོད་པ་མ་ཟད། སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་ཆེན་པོ་ཕྱིན་ཡོད་སྟབས། ༡༩༨༠ ཡས་མས་ནས་བཟུང་ཧྥ་རན་སིའི་དཔལ་འབྱོར་རིག་པ་ཇན་ཌེ་རོལ་ (Jean Tirole) མཆོག་གིས། ཇི་ལྟར་ཁྲོམ་རྭ་ཉམས་ཆག་འགྲོ་བཞིན་ཡོད་པ་དང་། གཞུང་གིས་ཇི་ལྟར་ཁྲོམ་རྭ་བདག་བཟུང་བྱེད་མཁན་ཚོར་སྟངས་འཛིན་བྱེད་དགོས་མིན་གྱི་རྣམ་གཞག་ ( Unified Theory) ཅེས་པ་ཞིག་གསར་གཏོད་བྱས་ཏེ། བཏང་སྙོམས་མེད་པའི་ཁྲོམ་རྭའི་གནས་སྟངས་དག་བཅོས་བསྒྱུར་གཏོང་ཐབས་ལ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་འདུག

༡༩༨༦ ལོར་ཁོང་གིས་གཞུང་གིས་ཇི་ལྟར་བྱས་ཏེ་ཚོང་ལས་ཙག་ཙིག་རྒྱག་མཁན་ཚོའི་ནུས་པ་འདོན་སྤེལ་དང་། ཁེ་ལས་ཆེ་ཁག་ཚོར་སྟངས་འཛིན་དང་དཔྱ་ཁྲལ་རྒྱག་ཕྱོགས་སྐོར་གྱི་བརྩམས་ཆོས་༼ཚོང་ལས་ཙག་ཙིག་རྒྱག་མཁན་ཚོའི་ནུས་ཤུགས་གོང་འཕེལ་གཏོང་ཐབས་ཀྱི་ལམ་ལུགས།༽ (Dynamic Models of Oligopoly) ཞེས་པ་ཞིག་འགྲེམས་སྤེལ་བྱས་ཏེ། ད་ལྟའི་ཁྲོམ་རྭའི་གནས་བབ་དག་བསྒྱུར་བཅོས་བྱེད་དགོས་པའི་བསམ་ཚུལ་ལྷུག་པོ་བརྗོད་ཡོད་སྟབས། རྒྱལ་སྤྱིའི་དཔལ་འབྱོར་རིག་པ་བ་མང་པོས་ཚད་མཐོའི་གདེང་འཇོག་བྱས་ཡོད་པ་མ་ཟད། འབྲེལ་ཡོད་གཞུང་མང་ཚོས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། ༡༩༨༨ ལོར་ཁོང་གིས་ ༼བཟོ་ལས་བཅོས་སྒྲིག་རྣམ་གཞག༽ (The Theory of Industrial Organization) ཞེས་པ་དང་། ༡༩༩༡ ལོར་༼བྱ་ཐབས་རྣམ་གཞག༽( Game Theory) ཞེས་པའི་དཔལ་འབྱོར་རིག་པའི་རྣམ་གཞག་སོགས་འདོན་སྤེལ་གནང་སྟེ། སྲིད་དོན་པ་ཚོས་ཁྲོམ་རྭའི་གནས་བབ་དང་ཁེ་ལས་ཆེ་ཆུང་ལ་བལྟས་ཏེ། ཚོང་དོན་ལམ་ལུགས་དང་སྒྲིག་ཁྲིམས། དཔྱ་ཁྲལ་སོགས་གང་འདྲ་བཀོལ་སྤྱོད་བྱེད་མིན་གྱི་ཐབས་ལམ་བཏོན་ཏེ་དྲང་མཉམ་མེད་པའི་དཔལ་འབྱོར་ལམ་ལུགས་དག་བསྒྱུར་བཅོས་གཏོང་རྒྱུའི་ཐད་ལས་དོན་མང་པོ་གནང་ཡོད་འདུག

ད་བར་ཁོང་གིས་རྒྱལ་སྤྱིའི་ཚགས་ཤོག་དང་དུས་དེབ་མང་པོ་ཞིག་ནང་ཆེད་ལས་དང་འབྲེལ་བའི་རྩོམ་རིག་ ༢༠༠ ལྷག་དང་། ཁྲོམ་རྭའི་གནས་སྟངས་དང་དཔལ་འབྱོར་རིག་པའི་ལམ་ལུགས། རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དག་གི་ཐོག་ཉམས་ཞིབ་རྩོམ་ཡིག་གི་དཔེ་དེབ་ ༩ ཙམ་ཡོད་པ་དག་ནི། ༼སྐུལ་འདེབས་ཁེ་འབབ་ཀྱི་ཚད་གཞི་དང་ཡོང་འབབ། ༽(A Theory of Incentives in Regulation and Procurement) ཞེས་པ་དང་། ༼དངུལ་ཁང་གི་བབ་བརླིང་ལྡན་པའི་ཁྲིམས་སྒྲིག༽ (The Prudential Regulation of Banks)། ༼དཔལ་འབྱོར་ཉམས་ཉེས་དང་རྒྱལ་སྤྱིའི་དངུལ་རྩའི་ལམ་ལུགས༽ (Financial Crises, Liquidity and the International Monetary System)། ༼དངུལ་རྩའི་ཁེ་ལས་ཀྱི་རྣམ་གཞག༽(The Theory of Corporate Finance)། ༼དངུལ་ཁང་ཁག་གི་དངུལ་རྩ་དོ་མཉམ་བྱེད་ཕྱོགས༽(Balancing the Banks)། (ངོ་གཉིས་ཁྲོམ་རྭའི་འགྲན་རྩོད་སྡིངས་ཆ༽ (Platform Competition in Two-Sided Markets)། ༢༠༡༡ ལོར་༼ ཕྱི་ནང་གི་དམིགས་བརྟེན་རྒྱུ་ནོར།༽ (Inside and Outside Liquidity)ཞེས་པའི་རྒྱུ་ནོར་བཀོལ་སྤྱོད་བྱེད་ཕྱོགས་ཀྱི་དཔེ་དེབ་ཅིག་འདོན་སྤེལ་གྱིས་ དཔལ་འབྱོར་རིག་པའི་ཐོག་གཡུར་དུ་ཟ་བའི་གྲུབ་འབྲས་བཞག་ཡོད་སྟབས། ༢༠༡༤ ལོར་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་གཙོས་ད་བར་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་རིག་པའི་ཐོག་བྱ་དགའ་དང་གཟེངས་རྟགས་ ༣༧ ཙམ་ཐོབ་ཡོད།

ནོ་བྷེལ་གཟེངས་རྟགས་འདི་ ༡༩༠༡ ལོར་ཐོག་མར་མགོ་འཛུགས་བྱས་ཡོད་ཀྱང་། ༡༩༦༩ ལོའི་བར་དངོས་སུ་ལག་ལེན་བསྟར་ཐུབ་མེད་པ་དང་། འདས་པའི་ལོ་ངོ་ ༢༠ ལྷག་རིང་གི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་བཞེས་མཁན་ཁྲོད་ཀྱི་མི་ ༡༨ ཙམ་ཨ་རི་བ་ཡིན་ཞིང་། ན་ནིང་ཨ་རིའི་དཔལ་འབྱོར་རིག་པ་བ་ཧྥ་མཱ་ ( Eugene Fama) དང་ལཱར་སེ་པེ་ཌར་( Lars Peter Hansen)། རོ་བྷར་ཌི་ཤི་ལར་ ( Robert Shiller) རྣམ་གསུམ་ལ་ཐོབ་ཡོད་ཅིང་། དེ་ནི་ཁོང་རྣམ་པས་རྒྱལ་སྤྱིའི་མ་རྐང་ཁྲོམ་རྭའི་ནང་རྒྱུ་དངོས་ཀྱི་གོང་ཚད་དངོས་ཡོད་ཞིབ་བསྡུར་གྱིས་དངུལ་རྩའི་སྟངས་འཛིན་བྱེད་ཐུབ་པ་དང་། ལོ་ ༣ ནས་ ༥ བར་གྱི་མ་རྩ་འཛུགས་འཇོག་གི་སྔོན་དཔག་བྱེད་ཐུབ་པའི་དཀའ་ངལ་སེལ་ཐུབ་པའི་རྣམ་གཞག་སྲོལ་གཏོད་བྱས་ཡོད་འདུག

ལོ་ན་ ༦༡ སོན་པའི་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་ཇན་ཌེ་རོལ་ (Jean Tirole) ལགས་ནི། ༡༩༥༣ ལོའི་ཟླ་ ༨ ཚེས་ ༩ ཉིན་སྐྱེས་ཤིང་། མཐོ་འབྲིང་སློབ་གྲྭ་ཐོན་རྗེས་ཧྥ་རན་སི་རྒྱལ་སའི་མཐོ་སློབ་ (École Polytechnique) ཏུ་བསྐྱོད་དེ་འཕྲུལ་ལས་ཚན་རྩལ་ཐོག་གཙུག་ལག་རབ་འབྱམས་དང་། པཱ་རི་སེ་དྷོ་ཧྥེན་གཙུག་ལག་སློབ་ཆེན་(Paris Dauphine University) ནས་རྩིས་རིག་ཐོག་འབུམ་རམས་པ་ཐོན་རྗེས། ཨ་རིར་བསྐྱོད་དེ་ཨ་རིའི་མཱ་སཱ་ཆུ་སེ་འཕྲུལ་ལས་ཚན་རྩལ་སློབ་ཆེན་ (Massachusetts Institute of Technology) ནས་དཔལ་འབྱོར་རིག་པའི་ཐོག་འབུམ་རམས་པའི་ལག་འཁྱེར་བཞེས་ཡོད་འདུག ད་ལྟ་ཁོང་ཧྥ་རན་སིའི་ཌོ་ལུ་སེ་དཔལ་འབྱོར་རིག་པའི་གཙུག་ལག་སློབ་ཆེན་ (Toulouse School of Economics) ནང་དགེ་རྒན་གྱི་འགན་བཞེས་བཞིན་ཡོད་པ་དང་། ད་བར་སྔ་ཕྱིར་དེབ་ ༩ དཔར་སྐྲུན་དང་དཔྱད་རྩོམ་ ༢༠༠ ལྷག་སྤེལ་ཡོད་འདུག

ཁོང་ལ་གཟེངས་རྟགས་དེ་ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་ནོ་བྷེལ་གཟེངས་རྟགས་སྲོལ་གཏོད་མཁན་ཨལ་ཧྥར་ཌི་ནོ་བྷེལ་ (Alfred Nobel) མཆོག་འདས་གྲོངས་སོང་བའི་དུས་དྲན་ཉིན་འབུལ་ལམ་དང་འབྲེལ། ཨ་སྒོར་ས་ཡ་ ༡།༡ གི་གསོལ་རས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༦ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese