མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐའེ་ཝན་སྲིད་འཛིན་གྱིས་ཁ་ལ་བདག་པོ་རྒྱོབས་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཐའེ་ཝན་སྲིད་འཛིན་གྱིས་ཧོང་ཀོང་ནང་གི་ཉི་གདུགས་གསར་བརྗེ་ལས་འགུལ་ལ་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་བ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག

ཁ་སང་རྒྱ་ནག་གིས་ཆེད་བཙུགས་བྱས་པའི་རྒྱ་ནག་དང་ཐའེ་ཝན་འབྲེལ་ལམ་ལས་ཁུངས་ཀྱིས། ཟླ་འདིའི་ཚེས་ ༡༠ ཉིན་ཐའེ་ཝན་རྒྱལ་ཁབ་ཉིན་མོ་སྲུང་གཙིའི་སྟེང་། ཐའེ་ཝན་སྲིད་འཛིན་མཱ་ཡུན་ཇའུ་( Ma Ying-jeou)ཡིས། ཧོང་ཀོང་ནང་གི་སློབ་ཆེན་སློབ་མ་གཙོས་མི་མང་སྟོང་ཕྲག་བཅུ་ལྷག་གིས་ཉི་གདུགས་གསར་བརྗེ་ལས་འགུལ་སྤེལ་ཏེ། ཧོང་ཀོང་མི་མང་ལ་དམངས་གཙོ་དང་རང་དབང་། འོས་བསྡུའི་ཐོབ་ཐང་སོགས་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་པར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པ་མ་ཟད། རྒྱ་ནག་གཞུང་གིས་ཧོང་ཀོང་དམངས་གཙོའི་ཕྱོགས་སུ་སྐྱོད་པར་རམས་འདེགས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་སྟབས། ཐའེ་ཝན་གྱིས་རྒྱ་ནག་གི་སྲིད་དོན་ལམ་ལུགས་དང་ཧོང་ཀོང་གི་གནད་དོན་ལ་ཐེས་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བསྒྲགས་ཡོད་འདུག

འདིའི་ཐད་རྒྱ་ནག་གི་ཐའེ་ཝན་འབྲེལ་ལམ་ལས་ཁུངས་ཀྱི་མགྲིན་ཚབ་ཧྥན་ལེ་ཆིན་ (Fan Liqing)ཀྱིས་ཐའེ་ཝན་ཕྱོགས་ནས་ཧོང་ཀོང་གི་གནད་དོན་ཐོག་འགན་འཁུར་མེད་པའི་བསམ་ཚུལ་མ་བཤད་ན་ཡག་པོ་ཡོད། དེང་སང་ཐའེ་ཝན་མཚོ་འགག་གི་གནད་དོན་བཟང་ཕྱོགས་སུ་སྐྱོད་བཞིན་ཡོད་སྟབས། ཐའེ་ཝན་གྱིས་རང་ཉིད་ཀྱི་ཁེ་ཕན་ཆེད་རྒྱ་ནག་ལ་ཁ་གཏད་གཅོག་པ་ལས་མཐུན་ལམ་བྱས་ན་ཡག་པོ་ཡོད་སྐོར་སོགས་བརྗོད་འདུག

ཁོ་མོས་མུ་མཐུད་དུ། རྒྱ་ནག་གིས་ཐའེ་ཝན་གྱི་ཆབ་སྲིད་ལམ་ལུགས་ལ་ཐེ་གཏོགས་བྱེད་འདོད་མེད་པ་དང་། དེས་སྤྱི་ཚོགས་གང་རུང་གི་བརྟན་བརླིང་དང་སྲིད་དོན། དཔལ་འབྱོར་གོང་འཕེལ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ། ཉེ་ལམ་ཧོང་ཀོང་ནང་མི་མང་གིས་ངོ་རྒོལ་བྱས་པ་ནི་ཧོང་ཀོང་མཚོ་གླིང་གི་དམངས་གཙོའི་ལམ་སྲོལ་ཐོག་གི་རྒྱུན་ལྡན་སྣང་ཚུལ་ཙམ་ཡིན་སྟབས། ཐའེ་ཝན་གྱིས་རྒྱ་ནག་མི་མང་ཐེར་འབུམ་ ༡.༣ ལྷག་གི་མངོན་འདོད་དང་གདམ་ག་ལ་གུས་བརྩི་བྱེད་དགོས། ཞེས་སོགས་བརྗོད་འདུག

ཐེངས་འདིའི་ཧོང་ཀོང་ནང་གི་ཉི་གདུགས་གསར་བརྗེའི་ལས་འགུལ་དེས། འབྱུང་འགྱུར་ཐའེ་ཝན་གྱི་ཆབ་སྲིད་ཁ་ཕྱོགས་དང་ལྷག་པར་དུ་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་འཛུགས་པར་ཤུགས་རྐྱེན་ངན་པ་ཐེབས་ཡོད་ཚུལ་བརྗོད་འདུག

༢༠༠༨ ལོར་མཱ་ཡུན་ཇོང་ཐའེ་ཝན་གྱི་སྲིད་འཛིན་ཆགས་རྗེས། ཁོང་གིས་རྒྱ་ནག་དང་མཉམ་དུ་དཔལ་འབྱོར་འབྲེལ་ལམ་ཡར་རྒྱས་བཏང་ཡོད་ཀྱང་། རྒྱ་ནག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཐའེ་ཝན་རྒྱ་ནག་ཁྱིམ་ཚང་ཆེན་པོའི་བང་དུ་ལོག་སྟེ། ཧོང་ཀོང་ལྟར་དམིགས་བསལ་སྲིད་འཛིན་ས་ཁུལ་རང་སྐྱོང་སྤྲོད་པར་ཁས་ལེན་བྱས་མེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist