མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་སོག་རྩྭ་ཐང་གི་ཉམ་ཉེས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་བརྙན་ལེན་པ་གྲགས་ཅན་ཧོའུ་ཀང་གིས་རྒྱལ་སྤྱིའི་པར་རིས་འགྲེམས་སྟོན་ཐོག་ནང་སོག་རྩྭ་ཐང་གི་ཛ་དྲག་གནས་བབ་ངོ་སྤྲོད་བྱས་འདུག

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༡ ནས་ ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་བར་རྒྱ་ནག་ཀང་ཏུང་ཞིང་ཆེན་ཉན་ཀྲུའུ་གྲོང་ཁྱེར་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་པར་རིས་འགྲེམས་སྟོན་ཐོག རྒྱ་ནག་གི་བརྙན་ལེན་པ་གྲགས་ཅན་ཧོའུ་ཀང་ལགས་ཀྱིས་༼འབག་བཙོག་ཐེབས་པའི་ཡུལ་ལྗོངས༽ཞེས་པའི་པར་རིས་ཁག་ཅིག་འགྲེམས་སྟོན་བྱས་པའི་ནང་། ནང་སོག་རྩྭ་ཐང་དུ་རྒྱ་གཞུང་གིས་ལོ་མང་རིང་ནས་བཟུང་བཟོ་གྲྭ་གསར་འཛུགས་དང་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱས་པའི་རྐྱེན་གྱིས། ཁོར་ཡུག་ལ་འབག་བཙོག་ཆེན་པོ་ཐེབས་ཡོད་པ་དང་ནོར་ལུག་མང་པོ་རྐྱེན་འདས་ཕྱིན་པ་དང་། འབྲོག་མང་བཙན་གྱིས་གྲོང་གསེབ་ཅན་དུ་བསྒྱུར་བཞིན་ཡོད་པ་མ་ཟད། ནང་སོག་གི་མཐའ་ཡས་བའི་རྩྭ་ཐང་དུ་འགྱིག་གིས་བཟོས་པའི་ནོར་ལུག་གི་གཟུགས་དབྱིབས་མང་པོ་བཀྲམས་ཏེ། མཛེས་པའི་རྩྭ་ཐང་དུ་ནོར་ལུག་གིས་ཁེངས་བའི་རྣམ་པ་མངོན་ཐབས་བྱས་ཡོད་པའི་དངོས་འབྲེལ་པར་རིས་འགའ་འགྲེམས་སྟོན་བྱས་འདུག

འགྲེམས་སྟོན་ཐོག་བརྙན་ལེན་པ་ཧོའུ་ཀང་ལགས་ཀྱིས་པར་རིས་དེ་དག་གི་སྐོར་ལ་བརྗོད་དོན། གནའ་ནས་ད་ལྟའི་བར་སྔོ་ལྗང་རྩྭ་ཡིས་སའི་གོ་ལའི་ཐོག་གི་ཚེ་སྲོག་ཡོད་ཚད་ལ་སྐྱེས་འཕེལ་གྱི་ནུས་པ་འདོན་གྱི་ཡོད་པ་དང་། ནང་སོག་རྩྭ་ཐང་ནི་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཧུའུ་ལོན་བྷིར་དང་ཧོར་ཆིན། ཞི་ལིན་གྷོལ་སོགས་རྩྭ་ཐང་ཆེན་མོ་དྲུག་གི་ནང་ནས་གཅིག་ཡིན་ཞིང་། རྩྭ་ཐང་འདིས་རྒྱ་ནག་གི་མངའ་ཁོངས་ཀྱི་བཅུ་ཆ་གཅིག་ཙམ་ཟིན་ཡོད་པ་རེད། ཡིན་ནའང་། འདས་པའི་ལོ་འགའི་ནང་ནང་སོག་ས་གནས་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དམིགས་འབེན་དུ་བཟུང་སྟེ། མཐའ་ཡས་པའི་རྩྭ་ཐང་འདིའི་ཐོག་ནས་རྡོ་སོལ་སྔོག་འདོན་དང་སོལ་གློག་ལྟེ་གནས་ཁང་སོགས་གསར་འཛུགས་བྱས་པའི་རྐྱེན་གྱིས། ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་ཐེབས་ནས་ནོར་ལུག་མང་པོར་འཆི་སྐྱོན་ཐེབས་པ་དང་། འབྲོག་མང་རྣམས་བཙན་གྱིས་གནས་སྤོ་རུ་བཅུག་སྟེ། མཛེས་པའི་རྩྭ་ཐང་འདི་འཕྲལ་མར་ཁྱུར་མིད་གཏོང་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist