མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་རྒོལ་བ་ཕྱིར་འབུད་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧོང་ཀོང་ཉེན་རྟོག་པས་ཅིན་ཀྲུང་གཞུང་སྒྲུབ་ལྟེ་གནས་གཙང་བཟོ་བྱས་ཏེ་ལས་འགུལ་སྣེ་ཁྲིད་པ་དང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་སོགས་བཙན་ཁྲིད་བྱས་ཡོད་འདུག

ཧོང་ཀོང་གཞུང་གིས་དེ་རིང་ཕྱི་ཚེས་ ༡༡ ཉིན་ཧོང་ཀོང་གཞུང་སྒྲུབ་ལྟེ་གནས་ཅིན་ཀྲུང་ཁུལ་གྱི་ཞི་རྒོལ་བ་ཚོ་ཕྱིར་འབུད་བཏང་སྟེ་གཙང་བཟོ་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བཏང་ཡོད་པ་ལྟར། ཁ་སང་དགོང་མོ་ནས་བཟུང་ཞི་རྒོལ་བ་མང་ཆེ་བ་བློ་ཕམ་ཆེན་པོས་རང་གནས་སུ་ལོག་ཡོད་ཀྱང་། ཧོང་ཀོང་སློབ་མའི་ཚོགས་པ་གཉིས་ཀྱི་གཙོས་ཞི་རྒོལ་བ་མང་པོས་མུ་མཐུད་ཞི་བའི་ངོ་རྒོལ་བྱས་ཡོད་སྟབས། དེ་རིང་ཕྱི་དྲོ་ས་གནས་ཀྱི་ཆུ་ཚོད་ ༤ པ་ཙམ་ལ། ཉེན་རྟོག་པ་བརྒྱ་ཕྲག་མང་པོས་ཁོང་ཚོ་རེ་རེ་བཞིན་བཙན་ཁྲིད་བྱས་ཏེ་གཙང་བཟོ་བྱས་ཡོད་པ་དང་། དེ་རིང་བཙན་ཁྲིད་བྱས་པའི་ནང་སློབ་ཕྲུག་གི་སྣེ་ཁྲིད་པ་དང་ཚོགས་མི། དེ་བཞིན་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་དང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་ལི་ཀྲུའུ་མེན། ཡཱས་ཀྲན་མེ་རྒྱ་ཡིག་དཔར་སྐྲུན་ཁང་ཞིག་གི་འགན་འཛིན་ལི་ཀྲི་ཡིན། གཞས་པ་ཧོ་ཡིན་སི་སོགས་ཡོད་འདུག

ཡུལ་དངོས་གཙང་བཟོ་མ་བྱས་གོང་སློབ་ཕྲུག་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲུའུ་ཡཱོང་ཁང་གིས། ཉེན་རྟོག་པས་འཛིན་བཟུང་བྱེད་པའི་ཉེན་ཁ་ཡོད་ནའང་ང་ཚོ་མུ་མཐུད་ཞི་རྒོལ་ས་ཚིགས་སུ་བསྡད་དེ། སྲིད་གཞུང་ལ་ང་ཚོ་ཁྱེད་ཅག་གིས་བཤད་པ་ལྟར་དྲག་སྤྱོད་པ་མིན་ལ། ང་ཚོས་སོ་སོའི་བྱ་སྤྱོད་ལ་འགན་འཁུར་གྱི་ཡོད། ཅེས་བརྗོད་ཡོད་པ་མ་ཟད། ཐེངས་འདིའི་ཞི་རྒོལ་ལས་འགུལ་རྣམ་པ་གཞན་ཞིག་གི་ཐོག་ནས་མུ་མཐུད་དུ་སྤེལ་རྒྱུ་ཡིན་ལུགས་བསྒྲགས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ཅིན་ཀྲུང་དུ་སློབ་མས་གཙོས་ཞི་རྒོལ་བ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ལས་འགུལ་མགོ་འཛུགས་བྱས་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་ཁང་གིས་ངོ་རྒོལ་བ་ཕྱིར་འབུད་གཏོང་བའི་ལས་འགུལ་སྤེལ་ཏེ་ཕྱོགས་གཉིས་བར་འཁྲུག་འཛིང་དང་ཟིང་ཆ་ཐེངས་མང་བྱུང་ཡོད་འདུག ཉེན་རྟོག་པ་ཞིག་གིས་བརྗོད་པ་ལྟར་ན། ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་གིས་གཏན་འབེབས་བྱས་པའི་གཙང་བཟོའི་བཀའ་རྒྱ་དེ། ཉེན་རྟོག་པས་ས་གནས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་ནས་ཉེན་རྟོག་ཁང་གིས་ངོ་རྒོལ་བ་ཚོ་རང་འགུལ་གྱིས་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་བ་མ་ཟད། ཞི་རྒོལ་ས་ཚིགས་སུ་མི་མང་གསར་དུ་ཡོང་བར་བཀག་སྡོམ་བྱས་རྗེས། ངོ་རྒོལ་བ་ཚོ་ཕྱིར་འབུད་གཏོང་བའི་གཙང་བཟོའི་ལས་འགུལ་སྤེལ་ཡོད་ལ། ཉི་གདུགས་གསར་བརྗེ་མགོ་བཙུགས་པ་ནས་ད་ལྟའི་བར་ཁྱོན་མི་གྲངས་ ༦༥༥ འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist